༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 4 ལྷུག་རྩོམ།
4 ལྷུག་རྩོམ།
​ང་ཆེ་ཁོ་སྦོམ་གྱིས་མི་རིགས་སྐྱོབས་མི་ནུས།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:ཁྱུང་བཙན་རྒོད།] [གཟིགས་ཐེངས:]

QQ图片20170516161713 (1).jpg

     ཡུལ་ལུང་ཕྱོགས་ཞེན་དབང་གིས་སྐད་ཆ་བཤད་མཁན་གྱི་མི་དག་ནི་ཇེ་མང་ནས་ཇེ་མང་འགྲོ་བཞིན་པའི་དུས་ཚོད་འདིར་གནས་ལུགས་དང་ཡག་བཙོག་ལ་ཅི་ཡང་མི་བལྟ་ནས་ལ་ཡར་ནང་དང་མར་ནངལུང་པ་ཕར་ཀ་དང་ཚུར་ཀ"རྫོང་ཁག་སོ་སོ་དང་སོ་སོ"ཕྱེ་ནས་རང་མཚང་ཕྱི་ལ་མངོན་རྒྱུ་དེེ་ནི་སྔར་ནས་ཡོད་བསྡད་བ་དང་ད་དུང་རྒྱུད་འཛིན་རྒྱུ་དེ་ནི་ར་སེ་དཀོན་རྒྱན་པས”«ཡུལ་ལུང་ཕྱོགས་ཞེན་ལ་དགའ་བའི་ང་ཚོ»ཞེས་པ་དེ་རེད་འདུག
     གནས་ལུགས་ཡོད་པ་དང་རྒྱུ་མཚན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པ་དང་མིག་མཐོང་ལག་ཟིན་གྱི་ཤེས་ཡོན་པ་དང་ཁ་ཡོད་ལག་ཡོད་ཀྱི་མི་སྣ་ག་གེ་མོའི་ཕྱག་ལས་ལ།  ལུང་པ་ཕར་ཀ་ཚུར་ཀའི་ཕྱོགས་ཞེན་གྱིས་གཅིག་གི་མི་སྣ་གཅིག་གི་མིག་ནང་མི་ཤོང་པ་དང་ཡང་ན།  ལ་ཡར་ནང་དང་མར་ནང་གི་མི་སྣ་གཅིག་གི་མིག་ནང་གཅིག་གིས་མཐོང་ཀྱང་མི་མཐོང་པ་འདྲ་པོ་བྱེད་རྒྱུ་ཡང་ན་གཅིག་གིས་གཅིག་ལ་ཕྱོགས་ཞེན་དབང་གིས་བཟང་ཕྱོགས་དག་གླེང་ཤོར་དོགས་དང་མཐོང་ཤོར་དོགས་བྱེད་རྒྱུ་དེ་རྒྱུ་མཚན་ཅིའི་དོན་དུ་རེད།  མི་ཅོལ་ཆུང་གི་བསམ་མནོ་རེད།  ད་དུང་དེ་དག་གི་རིགས་མང་ཤས་ཤིག་གིས་"འཛམ་གླིང་ཞི་བདེ"དངཆོལ་གསུམ་མཐུན་སྒྲིལཅེས་འབོད་རེད་འཛམ་གླིང་ཞི་བདེ་དང་ཆོལ་གསུམ་མཐུན་སྒྲིལ་ཡོང་ས་ཨེ་གདའ།  
     “
ཁ་སྟོང་ཚིག་སྐམ་བཤད་རྒྱུ་ལ་དགའ་བའི་ང་ཚོཞེས་བོས་ན་འཚམས་པོ་མི་འདུག་གམ།  ད་དུང་ཡོད་རེད།  ཆོལ་ཁ་ཕྱོགས་ཞེན་དབང་གིས་མི་ལ་དམའ་འབེབ་པ་དགའ་པོ་ཡོད་པ།  དཔེར་ན་ཨ་མདོ་དང་ཁམས་པ་དབུས་གཙང་གསུམ་ལྟ་བུ།  དབུས་གཙང་གི་ཁམས་པ་མཐོང་ན་མི་རིགས་གཞན་པ་མཐོང་བ་ལས་ལྟ་སྟངས་རྡུགས་པ་འཛིན་རྒྱུ"དཔེར་ན་ལྷ་སའི་བར་སྐོར་ནང་གི་ལྷ་སའི་རྒན་མོ་"དེ་དག་རེད། ལྷ་སའི་རྒན་མོ་དེ་དག་གིས་གང་བཤད་པ་རེད་ཟེར་ན། ཨ་མ་ལ། ཁམས་པའི་མིས་ང་ཚོ་ཆགས་བཅུག་གི་མི་འདུག་ཅེས་ལབ་གཏོང་བ་ལ་སྣང་དག་ཟེར་གང་ཡོད་མ་རེད།  ངོ་མ་བལྟས་ན་ལྷ་སའི་རྒན་མོ་ཆགས་མི་བཅུག་མཁན་ཁམས་པ་མ་རེད།  དཔེར་ན།  ཁ་ཆེས་ས་བཟུང་ཡོད་རེད།  ཁ་ཆེས་ཁ་ཆེའི་ལྷ་ཁང་ཆེན་པོ་གང་འདྲ་རྒྱབ་མེད་དམ།  མདོ་དབུས་ཁམས་གསུམ་ལས་ཁ་ཆེ་མང་ཤོས་ཡོད་ས་དེ་ལྷ་སར་རེད།ད་དུང་རྒྱ་རིགས་ཀྱིས་ལྷ་སའི་གླིང་བཀབ་ཚར་བ་རེད།  དེ་དག་མཐོང་ཡོད་ཚོད་རེད།  ཡིན་ནའང་ཧ་ལས་མདོག་གང་ཡང་མེད་པ་དེ་གང་རེད། གནའ་མིའི་ཁ་དཔེ་ལ།  «མི་ལ་དགའ། རང་དོན་ཞན»ཟེར་བ་དེ་རེད།  ཆོལ་ཁ་ཕྱོགས་ཞེན་དབང་གི་དབུས་གཙང་བས་ཁམས་པ་མིག་ནང་མ་ཤོང་པ་རེད།  དེ་བཞིན་ཁམས་པ་དང་ཨ་མདོ་གཉིས་ཕལ་ཆེར་འདྲ་པོ་རེད། ཨ་མདོ་བས་ཁམས་པ་ལ་བརྙས་པ་ལྟ་བུ་རེད།  ཨ་མདོའི་མིས་ཁམས་པའི་མི་ལ་མི་གྲལ་མི་བཞག་ནས་བརྙས་ཆུང་དང་མཐོང་ཆུང་དཔེ་ཚད་མེད་གནང་གིན་ཡོད་པ་དེ་རེད།  ཨ་མདོའི་ཁ་ཙ་ལ་ཁམས་པའི་མི་ཚང་མ་སྨྱོན་པ་དང་བཟའ་རོ་རང་མ་གཏོགས་མེད་པ་འདྲ་པོ་དེ་འདྲ་རེད།  ཁམས་པས་ཀྱང་དེ་བཞིན།  ཁམས་པ་ཁ་རུ་ཁ་ཐུག་ཟེར་ནས་སུ་དང་གང་ལ་གུས་གུས་ཞབས་ཞབས་མི་ཤེས་ནས་ཧམ་པ་དང་ཧམ་བཤད་ཀྱིས་ས་ཆོད་དགོས་པ་འདྲ་པོ་དེ་འདྲ་ཡོད་རེད།  དེ་དག་ཚང་མ་ངོ་མ་དོན་དག་ཅི་ལ་ཐུག་འདུག་བསམ་མནོ་ཡག་པོ་ཞིག་གཏོང་ན་ཤེས་སླ་པོ་རེད། 
     དེ་དང་དེ་བཞིན་ཆོས་ལུགས་ཕྱོགས་ཞེན་དབང་གིས་ལོ་རྒྱུས་དྲང་པོ་སྨྲ་མཁན་ནི་ཡོང་མི་ཆོག་པ་རེད།  ལོ་རྒྱུས་དྲང་པོ་བཤད་མཁན་གྱི་མི་བུ་རེ་རེ་གཉིས་རེ་འཚར་མྱངས་ཀྱང་དེ་དག་ནི་ལྕེ་བྲེག་མིག་བྲུས་སྐེ་བཅད་འཇིགས་སུ་རུང་བའི་མནར་གཅོད་འོག་ཏུ་བརྫངས་ཟིན་པ་རེད།  དེང་སང་དེ་བཞིན་རེད།  དཔེེར་ན།  ཞང་ཞུང་རིག་གནས་བཤད་པ་ཡིན་ན།  ཞང་སྒྲུང་རེད།  བོན་གྱི་རིག་གཞུང་བཤད་པ་ཡིན་ན་ལྷ་སྒྲུང་རེད།  སྲོང་བཙན་ཡར་སྔོན་གྱི་བོད་ལ་བོད་ཡིག་ཡོད་པ་ར་འཕྲོད་ཀྱང་དེ་དག་ཚང་མ་འགེབ་སྲུང་བྱེད།  དཱ་ཅི་ཡིན་ཟེར་དགོས་རེད།   ཁ་ཡིས་བོད་ཀྱི་ལོ་རྒྱུས་དགོས།  བོད་ཀྱི་རིག་གཞུང་དགོས་ཟེར་ནས་སྐད་ཅོར་རྒྱག་གི་ཡོད་རེད།  དོན་དུ་བོད་རང་རང་གི་ས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་དང་ལོ་རྒྱུས་དག་ཁས་ལེན་མི་འཕོད་པ་འདི་ལྟ་བུ་རེད།  
     རྙིང་མས་བཤད་ན་བོན་པོས་རྫོགས་ཆེན་བརྐུས་པ་རེད་མ་གཏོགས་བོན་པོར་རྫོགས་ཆེན་གྱི་བོན་ཡོད་མ་རེད་ཟེར་གྱིན་འདུག  བོན་པོས་ཟེར་ན་རྙིང་མའི་རྫོགས་ཆེན་བརྐུས་པ་རེད་མ་གཏོགས་རྙིང་མ་ལ་རྫོགས་ཆེན་གྱི་ཆོས་ཡོད་མ་རེད་ལབ་ནས།  གང་ལྟར་གཅིག་གིས་གོང་ལ་གཅིག་ཡོད་མི་ཆོག་པ་དེ་དོན་དག་ངོ་མ་ཅི་ཞིག་རེད།  བློ་གཟུ་བོར་གནས་ནས་བཤད་པ་ཡིན་ན་དེ་དག་ཚང་མ་ང་ཆེ་ཁོ་སྦོམ་དང་ང་མཐོ་ཁོ་བཙན་གྱི་ཆགས་སྡང་གི་སྐད་ཆ་ལས་གཞན་གནད་དོན་ཡོད་པ་ཅི་ཡང་མ་མཐོང་།  ད་དུང་བླ་མ་ང་འཇིགས་ཁོང་འཇིགས་བླ་ཁྲི་ང་མཐོ་ཁོང་མཐོ་དག་གིས་འགོ་བྱས་པ་ནས་ཀ་ངོ་ར་ངོ་མི་ཆོད་ལས་མང་ཚོགས་ཡིག་རྨོངས་པ་གཞུག་བྱས་པ་དག་གིས་ང་བན་ཁྱོད་བོན་རང་བརྩད་ནས་འདུག་རྒྱུ་ལས་ལོ་རྒྱུས་དྲང་པོ་ཞིག་དང་ཆོས་ཁྲིད་རྣལ་མ་བྱེད་མཁན་ཞིག་དང་ཆོས་མཉན་ཡང་དག་པ་བྱེད་མཁན་ཞིག་ང་ཚོ་ལ་མེད་པ་ནི་ཀུན་གྱིས་གསལ་བ་འདི་རེད།  ཀ་ངོ་ར་ངོ་མི་ཆོད་པའི་ཡིག་རྨོངས་པ་དག་ཅི་ཁག  འགོ་བླ་མ་རྩ་ཆེན་ཡིན་ཟེར་བ་དེ་དག་གིས་ཆོས་ལུགས་འགྲན་རྩོད་ཀྱིས་བོན་པོའི་ཆོས་ལུགས་དེ་ལོག་ཆོས་རེད་ཟེར་ནས་ཟུར་ཟ་དང་ཁ་གཡོག་ལ་སོགས་པ་མདོར་ན་ངན་ཁ་དཀྲི་ཐབས་ལ་འབད་ཅི་ཐུབ་གང་ཐུབ་གནང་ཡོད་པ་རེད།  དཔེར་ན་ཉེ་བའི་ལོ་ཤས་སྔོན་ནས་ཆོས་བཤད་དང་དཔེ་ཁྲིད་སྐབས་སུ་མང་པོ་བཤད་ཚར་བ་རེད།  ཕྱི་རོལ་མུ་སྟེགས་ཀྱི་སྟོན་པའི་མཚན་གཞི་བོན་གྱི་སྟོན་པ་གཤེན་རབ་དང་།  དམར་མཆོད་འཕུལ་མཁན་ང་ཚོ་བོད་ནང་ལ་ཡོད་རེད།  དཔེར་ན་བོན་པོ་དེ་ཚོ་རེད་ཟེར་བ་དང་།  དེ་བཞིན་ཧོར་གླིང་གཡུལ་འགྱེད་ཀྱི་ཟེར་སྡེར་གཅིག་ནང་ཆོས་ལུགས་ཕྱོགས་ཞེན་གྱིས་བླ་མ་འགོ་གཙོ་དང་དགོན་པ་གཙོ་བདག་བྱས་ནས་ཇོ་རུ་དང་ཁྲོ་འཐུང་གཉིས་འཐབ་ས་དེའི་ནང་བོན་པོ་བོན་ནག་མུ་སྟེགས་པ་གཡུང་དྲུང་བོན་ཟེར་བའི་ཚིག་ངན་ཤ་སྟག་སྤྱི་ཚོགས་ཐོག་བཀྲམ་ཟིན་པ་རེད།  དེ་དག་ཚང་མ་ཅིའི་དོན་རེད།  ཁ་ཡིས་སྙན་པོ་བཤད་རྒྱུ་ཆོས་ལུགས་རིས་མེད།  ཆོལ་ཁ་དབྱེར་མེད།  འཛམ་གླིང་ཞི་བདེ་ཨེ་རེད།  ཆོས་ལུགས་རིས་མེད་དང་།  ཆོལ་ཁ་དབྱེར་མེད།  འཛམ་གླིང་ཞི་བདེ་ཡོང་ས་ཨེ་གདའ་མནོ་བསམ་ཅིག་བཞེས་རོགས།  ང་ཚོ་ལ་འཚེ་མེད་ཞི་བདེ་དགོས་ན་ངོ་མ་ཐབས་ལམ་ཡག་ཤོས་དེ་གང་དགོས་འདུག  ཁ་ཁོག་མཚུངས་པ་ཞིག་དགོས་འདུག  ཡང་ན་གང་འདྲ་དགོས་འདུག  ཡང་ན་ལོ་རྒྱུས་ཡུན་རིང་པོ་ཞིག་དགོས་འདུག  ཡང་ན་བོད་ཀྱི་རིག་གཞུང་ཡང་དག་ཞིག་དགོས་འདུག
     བརྒྱ་ལ་གལ་ཏེ་དེ་དག་དགོས་ན།  ཞང་ཞུང་རིག་གནས་ཁས་ལེན་འཕོད་ས་ཨེ་གདའ།  བོད་ཀྱི་རིག་གཞུང་གི་བདག་པོ་ངོ་མ་གཡུང་དྲུང་བོན་ཁས་ལེན་འཕོད་ས་ཨེ་གདའ།  སྲོང་བཙན་གོང་གི་བོད་ཡིག་ཡོད་པ་ཁས་ལེན་འཕོད་ས་ཨེ་གདའ།  ཆོས་ཕུགས་བོན་ལ་ཐུག  ཆུ་ཕུག་གང་ལ་ཐུག་ཟེར་བ་དེ་བདེན་པར་རློམ་འཕོད་ས་ཨེ་གདའ། དེ་དང་དེ་བཞིན་ཆོས་ལུགས་མ་གཏོགས་ཁས་ལེན་མ་འཕོད་ན་སྤྱི་ཚོགས་ཐོག་གི་འདྲ་འདྲ་ནང་དུ་འདྲ་ས་ཨེ་གདའ།  ཆོས་ལུགས་མ་གཏོགས་གཙོར་ཆེ་ཞིག་མེད་པ་རློམ་ན་ཡོང་ས་ཨེ་གདའ།  ཆོས་ལུགས་གཅིག་པུར་གྱིས་མི་རིགས་སྐྱོབས་ཐུབ་ས་ཨེ་གདའ།  ང་ཚོ་ལ་ཆབ་དཔལ་རིག་གསུམ་དགོས་མཁོ་ཨེ་གདའ།  མནོ་བསམ་ཞིབ་མོར་གཏང་ན་གནས་སྟངས་གང་འདྲ་རེད་འདུག   དེ་དག་ཐམས་ཅད་ཁས་ལེན་འཕོད་ན་ཡང་དག་པའི་མཐུན་སྒྲིལ་ཞིག་དང་།  ཡང་དག་པའི་མི་རིགས་ཤིག་དང་།  ཡང་དག་པའི་རིག་གནས་ཤིག་དང་།  ཡང་དག་པའི་རིག་གཞུང་ཞིག་གསོན་ཐུབ་ན་མ་གཏོགས།  ང་ཡིན་ཁོ་ཡིན་དང་།  ང་བཙན་ཁོ་བཙན་དང་།  ང་ཆེ་ཁོ་སྦོམ་དང་།  དུས་ནམ་ཡང་རྭ་ཅོ་སྒྱེ་མོ་རུ་བླུགས་པ་ནང་བཞིན་གྱིས་མི་རིགས་སྐྱོབས་མི་ཐུབ་ལ།  ཡུན་རིང་པོ་ཞིག་མི་རིགས་འདི་འཚོ་མི་ཐུབ་ལ།  དུས་གཏན་པོ་ཞིག་ལ་མི་རྒྱུད་འདི་གནས་མི་ཐུབ།

༢༠༡༧/༥/༩/ཉིན་རྒྱ་ནག་སྤོས་ལྡན་གྲོང་ཁྱེར་ནས་གུས་ཁྱུང་བཙན་རྒོད་པས་ཤར་མར་བྲིས།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།