༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 16
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
སྐྱབས་རྗེ་བླ་མ་རྒྱ་མཚོ་ནོར་བུ་མཆོག་གི་ཉེ་དུས་ཀྱི་མཛད་པའི་གནས་འཕྲིན།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:ཐོག་མདའ་དམར་པོ།] [གཟིགས་ཐེངས:]


     སྤྱི་ལོ་༢༠༡༦/༩/༢༠ཉིན་སྐྱབས་རྗེ་བླ་མ་རིན་པོ་ཆེ་རྒྱ་མཚོ་ནོར་བུ་སྟེ། འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་སྐུ་འཁོར་དང་བཅས་པས་ཁྲེང་ཏུའུ་རུ་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་དབང་གྲགས་སྐྱབས་དང་ལྷན་དུ་ཞང་ཞུང་སྒོ་པའི་ཁྲ་ཐུང་དང་ཁྱུང་བྲིས་ལ་སོགས་གློག་རྡུལ་ཡིག་གཟུགས་ཐོག་ཕབ་བཟོ་བྱེད་ཆེད་མོལ་བསྡུར་མཛད།།

     སྤྱི་ལོ་༢༠༡༦/༩/༣༠ཉིན།   ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་འགོ་གཙོ་དང་དགེ་རྒན་ཆེན་མོ་གཙུག་ཏོར་རྣམ་རྒྱལ་གྱིས་ཕེབས་རོགས་ཞུས་པ་བཞིན་སྐྱབས་རྗེ་བླ་མ་མཆོག་གི་ཞབས་སོར་སློབ་གླིང་དེར་བཀོད།།

    སློབ་གླིང་དེའི་དཔེ་མཛོད་ཁང་གི་འགོ་གཙོ་དང་དགེ་རྒན་ཆེན་མོ་གཙུག་ཏོར་རྣམ་རྒྱལ་སོགས་དང་ལྷན་དུ་དཔེ་མཛོད་ཁང་ལ་གཟིགས་སྐོར་ཞིབ་པར་མཛད།།

    ཟླ་བ་/༡༠/༡༠ ཉིན་སྐྱབས་རྗེ་སྐུ་འཁོར་དང་བཅས་པ་ཀན་སུའུ་ལན་ཇུ་སློབ་ཆེན་དུ་ཕེབས་ཤིང་གཟིགས་སྐོར་མཛད།།

     མཁས་དབང་ཆེན་མོ་ངག་དབང་རྒྱ་མཚོ་མཆོག་དང་མོལ་མཆིད་ལྷུག་གླེང་མཛད།།

     སློབ་གྲྭ་དེའི་དཔེ་མཛོད་ཁང་དུ་ཕེབས་ནས་༼སྒོ་བཞི་མཛོད་ལྔའི་དཔེ་རྙིང་༽དེབ་གཟུགས་༡༥༡ཅན་གྱི་བདག་ཉིད་ཅན་དེ་ཞལ་འདེབས་སུ་ཕུལ།།

    དབུ་ཁྲིད་ཀྱི་རེ་སྐུལ་བཞིན།   བླ་མ་མཆོག་ནས་ཤིས་ཚིག་ཕྱག་བསྟར་མ་ཞིག་བྲིས་ནས་དཔེ་མཛོད་ཁང་དེར་བསྩལ།།

    ཉིན་དེའི་ཕྱི་དྲོ་ལན་ཇུ་སློབ་གྲྭ་ཆེན་མོ་བོན་གྱི་རིག་གནས་ཞིབ་འཇུག་ལྟེ་གནས་སུ་ཕེབས་ནས་ལན་ཇུ་སློབ་ཆེན་གྱི་བོན་གྱི་རིག་གནས་ཀྱི་གདན་ཞུའི་ཞིབ་འཇུག་པའི་ཐོབ་ཐང་བཞེས།།

    བོད་རྒྱ་དབྱིན་གསུམ་གྱི་འབུམ་རམས་པ་དང་ཞིབ་འཇུག་པ་རྣམས་ལ་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་དང་འབྲེལ་བའི་འཆད་ཁྲིད་ཟབ་རྒྱས་མཛད།།

    མཁས་པའི་དབང་པོ་ངག་དབང་རྒྱ་མཚོ་ཡིས་སྐྱབས་རྗེ་བླ་མ་མཆོག་གིས་འཚོལ་བསྒྲིགས་དང་དཔར་སྐྲུན་གནང་བའི་དཔེ་རྙིང་སོགས་མཛད་པ་འཕྲིན་ལས་ལ་གདེང་འཇོག་ཚད་མཐོན་པོ་གནང་།།


ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་རྗེ་ཚེ་རིང་གིས་བླ་མ་མཆོག་གིས་གནང་བའི་འཆད་ཁྲིད་ལ་མཇུག་བསྡོམས་བཟང་པོ་མཛད།།

     ཟླ་བ་/༡༠/༡༡ ཉིན་གྱི་སྔ་དྲོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་དབུ་འཛིན་འབྲུག་རྒྱལ་མཁར་སོགས་ལ་ཐུག་འཕྲད་མཛད་ཅིང་འདས་མ་ད་གསུམ་ལ་དཔེ་རྙིང་དཔེ་སྐྲུན་གྱི་མཛད་འཆར་སྐོར་ནས་དགོངས་འདུན་གླེང་མོལ་མཛད།།


     དཔེ་སྐྲུན་ཁང་དེའི་འབྲེལ་ཡོད་དབུ་ཁྲིད་དང་ལས་དོན་མི་སྣས་གསུངས་པར། སྟེང་ཆེན་དགོན་བཀའ་རྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་དང་དེ་སྔོན་ལོ་བཅུ་ཕྲག་གཅིག་ལྷག་ཙམ་ལ་མཉམ་ལས་གནང་བའི་བརྒྱུད་རིམ་ནང་། ལས་ཕྱོད་ཆེ་བ་དང་། ལས་སྤུས་བཟང་བ། རྙོག་དྲ་མེད་པ་སོགས་མདོར་ན་དེ་སྔོན་དཔེ་སྐྲུན་བྱས་པ་མཐའ་དག་ཁ་དན་ཚིག་གནས་ཀྱི་ངང་ནས་ལས་དོན་ཐམས་ཅད་བདེ་བླགས་ངང་ལེགས་གྲུབ་བྱུང་སོང་ལ། གང་ཅིའི་ཐད་ཡིད་ཆེས་ཆེན་པོ་ཡོད་པས་མ་འོངས་པར་མུ་མཐུད་ནས་མཉམ་ལས་བྱེད་འདུན་ཡོད།  གསུངས་པ་སོགས་ཕུགས་བསམ་མངོན་དུ་འགྱུར་བའི་ལམ་བཟང་གཏོད།།

     ཉིན་དེའི་ཕྱི་དྲོར་བོད་ཁུལ་དུ་སྐད་གྲགས་དམིགས་བསལ་ཆེ་བའི་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕེབས་ཤིང་སློབ་གྲྭ་དེའི་དཔེ་རྙིང་པར་གཞི་མང་པོ་ལ་གཟིགས་ཞིབ་མཛད།།

    དཔེ་མཛོད་ཁང་དེར་༼སྒོ་བཞི་མཛོད་ལྔའི་དཔེ་རྙིང་༽ཞལ་འདེབས་སུ་ཕུལ།།


     དཔེ་མཛོད་ཁང་དེའི་དབུ་ཁྲིད་ཀྱིས་ཐུགས་རྗེ་ལེགས་གསོལ་ཞུས་པ་དང་།  དེ་སྔོན་སློབ་གླིང་འདིར་བན་གྱི་བཀའ་བསྟན་འགྱུར་གྱི་པར་གཞི་དཔེ་རྙིང་སྣ་ཚོགས་ཡོད་ཀྱང་བོན་གྱི་དཔེ་བཀའ་བརྟེན་མེད་པས་དེ་རིང་ཞལ་འདེབས་སུ་གནང་བ་ལ་དགའ་མགུ་ཡི་རངས་ཧ་ཅང་ཆེ་ལ།  ང་ཚོས་མ་འོངས་པར་འདི་ཚོ་ཉར་ཚགས་ལེགས་པོ་དང་།  ཞིབ་འཇུག་གི་དཔྱད་གཞི་རུ་བེད་སྤྱོད་ཡག་པོ་བྱེད་རྒྱུ་ཡིན།  ཟེར།།

     ཇི་སྐད་དུ་"དམ་པ་གང་དུ་སོང་ཡང་བྲིན།།" གསུངས་པ་ལྟར།  ཉིན་ཞག་རེ་གཉིས་ཙམ་ལའང་དེ་དང་དེ་ལྟའི་མཛད་འཕྲིན་རླབས་ཆེན་བསྐྱངས་སོང་བ་དེ་དག་ཕལ་པ་དག་གིས་ཚེ་གང་ལའང་འགྲུབ་པ་ལྟ་ཅི།  ཐོས་ནའང་རྣ་བར་མི་ཤོང་བའི་ཚོད་ཅིག་ཡིན་སྲིད་པས་མདོ་དོན་དག་གནས་འཕྲིན་གྱི་ཚུལ་དུ་ཉུང་ངུར་བསྡུས་ནས་སྤེལ་བ་འདི་བོད་ཀྱི་ཤེས་རིག་གི་བསྟན་པ་དར་ཞིང་རྒྱས་པའི་རྒྱུ་རུ་བསྔོའོ།།

        ___འཕྲིན་སྤེལ་བ་ནི་ཐོག་མདའ་དམར་པོའོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།