༼སྤུ་རྒྱལ་གངས་དཀར༽འདོན་ཐེངས་དྲུག་པའི་ཤེས་རིག་
ལང་ཚོ་འདི་ནས་གཟབས་ཡོད།
སྔོན་འགྲོའི་གཏམ།

སྤུ་རྒྱལ་ཤེས་རིག་ཞིབ་འཇུག་ཁང་གིས་གཙོ་གཉེར་གནང་བའི་སྤྱིའི་དེབ་གྲངས་དྲུག་པའི་མདུན་ཤོག
གང་ཞིག་ཤེས་རབ་ཀྱི་དམིགས་བུ་དང་ལྡན་པ་ཞིག་ཡིན་ན་ཁོང་ཉིད་ཤེས་དཔལ་བཞད་པའི་འཚོ་གནས་སུ་འཇུག་ཐུབ་ལ། གང་ཞིག་རིག་པའི་ནོར་དང་ལྡན་ན་དེས་ནི་མི་མང་པོ་བདེ་སྐྱིད་འབུམ་གྱིས་གཏམས་པའི་འཚོ་བར་ལོངས་སྤྱོད་ཀྱི་སྐལ་བཟང་སྦྱིན་ནུས། དེས་ན་ཡར་རྒྱས་ཀུན་གྱི་གཞི་རྩ་ཤེས་རིག་ཉིད་ཡིན་ལ་ཤེས་རིག་ཀྱང་མི་ལ་རང་བྱུང་དུ་གྲུབ་པ་མ་ཡིན་པའི་ཕྱིར་ན་འབད་འབུང་རྩོལ་བསྐྱེད་དང་སྦྱོང་སྤྱོད་སྤེལ་གསུམ་ཟབ་མོས་རང་གཞན་གྱི་བསམ་བློའི་དབྱིངས་སུ་བསྟིམ་དགོས་པ་མ་ཟད། སོ་སོ་རང་ཉིད་ཀྱི་བསམ་བློའི་ཁོར་ཡུག་དང་ནུས་ཚད་ལ་སྦྱར་བའི་ལག་ལེན་གྱི་ལེགས་སྐྱེས་གསར་པ་རེ་འདོན་སྤེལ་བྱེད་འོས་པ་ཡིན། རྒྱུ་མཚན་དེའི་ཕྱིར། ལེགས་སྐྱེས་ཤིག་གི་ཚབ་ཏུ་《སྤུ་རྒྱལ་གངས་དཀར》འདོན་ཐེངས་དྲུག་པའི་ཤེས་རིག་གི་ལང་ཚོ་འདི་ནས་གཟབས་ཡོད། རྩོམ་སྒྲིག་པས།

འཇུག་སྒོའི་དཀར་ཆག

འཇུག་སྒོའི་དཀར་ཆག

སྤུ་རྒྱལ་ཤེས་རིག་ཞིབ་འཇུག་ཁང་གིས་གཙོ་གཉེར་གནང་བའི་སྤྱིའི་དེབ་གྲངས་དྲུག་པའི་རྒྱབ་ཤོག