༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དམངས་སྲོལ། > 2 འབྲོག་པའི་དམངས་སྲོལ།
2 འབྲོག་པའི་དམངས་སྲོལ།
ས་ཡོམ་གྱིས་རྐྱེན་པའི་གཤིན་པོ་དག་ལ་བསྔོ་སྨོན་དང་དགེ་སྐུལ་བྱས་པའི་སྐོར།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:གནད་གཟེར་ནས།] [གཟིགས་ཐེངས:]

རྒྱ་གར་དང་བལ་བོད་སོགས་ཕྱོགས་གང་ནས་ས་ཡོམ་གྱིས་རྐྱེན་པའི་ཤི་རྨས་སོང་

བ་རྣམས་ལ་དམིགས་ཏེ་འདི་ཟླའི་ཚེས་བཅོ་ལྔ་ཉིན་ཁྱུང་པོ་

སྟེང་ཆེན་དགོན་ནས་བསྔོ་སྨོན་དང་དགེ་སྐུལ་

རྒྱས་འཚོགས་ཞུས་པའི་སྐོར།

 

   ས་སྒང་གོ་ལ་ཧྲིལ་པོར་འཚོ་བཞེས་གནང་བའི་སྐྱེ་འགྲོ་སུ་དང་གང་ཡིན་ཡང་།  ཐམས་ཅད་བདེ་བ་འདོད་པ་དང་།  སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་ཡང་། དེ་ལྡོག་གི་གནས་ལ་དབང་མེད་དུ་རྒྱུ་བ་ནི་འཁོར་བ་སྤྱི་ཡི་རང་གཤིས་སུ་ལགས་ཤིང་།  ལྷག་པར་འབྱུང་འཁྲུག་གིས་འཇིག་པར་ཡ་ལན་ཚུགས་ཐབས་དཀའ་བ་ཞིག་སྣང་།  དཔེར་ན་ལོ་ཤས་སྔོན།  ༼汶川༽ཝེན་ཁྲོམ་དང་སྐྱེ་རྒུ་སོགས་ལ།  དྲན་ཡང་གླེང་ཕོད་དཀའ་བའི་དོན་རྐྱེན་ཏེ།  དཀའ་བ་བརྒྱ་ཕྲག་གིས་བསྐྲུན་པའི་དཔལ་འབྱོར་འཕྲོ་བརླག་དང་།   མ་ཟད་སྐྱེ་འགྲོ་ཁྲི་སྟོང་དུ་མ་ལྔ་ལམ་དུ་རྫོང་བའི་གནས་ཚུལ་དེ་དག་བསམ་ན་ངུ་བྲོ་བ་ཞིག་མ་ཡིན་ནམ།   

    ད་དུང་ད་ལན་རྒྱ་གར་བལ་བོད་སོགས་ལ་ས་འགུལ་རིམ་པ་དུ་མས།  མི་གྲངས་ཁྲི་ཕྲག་ཟིན་ལ་ཉེ་བ་ཞིག་གི་ཚེ་སྲོག་ཤོར་བའི་གནས་ཚུལ་འདི་ལ་བསམ་ན།  འདི་གོ་ཐོས་བྱུང་མཁན་ཀུན་ལ་དངོས་གནས་སྡུག་གི་མུན་པ་དགུ་རིམ་ཞིག་འཁྲིགས་ངེས་རེད།  ཡིན་ཡང་ང་ཚོ་བོད་པ་ཚོའི།  བསམ་པ་རྒྱ་ཡི་གཙོ་བོ།  རྟེན་གཞི་འཆུག་མེད་ཕུར་པ།  སྐྱབས་གནས་དཀོན་མཆོག་གསུམ་ལ།  རེ་བའི་ལམ་ནས་ཆས་ཏེ།   ཚེ་ལས་འདས་པ་སོགས་ལ་བར་དོའི་འཁྲུལ་སྣང་མི་འབྱུང་བ་དང་།  རྨས་རྐྱོན་ཐེབས་པ་རྣམས་སྲོག་ཉེན་རྐྱེན་འཕྲང་དེ་ལས་རྒལ་ཐོབ་པའི་དམིགས་ཡུལ་གཙོར་འཛིན་མཛད་དེ།  སྐྱབས་འཇུག་དཀོན་མཆོག་ལ་ཞུ་བའི་དུས་ལགས་པས།  

    དེ་རིང་འདི་ག་ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་འདུས་སྡེ་རྒྱས་འཚོགས་གནང་སྟེ།  དེང་གི་ཆར་རྐྱེན་ངན་ཐེབས་པའི་ཤི་གསོན་རྣམས།  གཏན་བདེ་ཐར་པའི་གོང་འཕང་འཐོབ་ཕྱིར་དུ་དམིགས་ཏེ།   མདོ་གཡུང་དྲུང་ཀློང་རྒྱས་དང་བསྔོ་བ་དང་སྨོན་ལམ་བཅས་གསུངས་གནང་སོང་།  གནས་ཚུལ་དེ་དག་དང་འབྲེལ་བའི་པར་རིས་ཁག་གཅིག་དྲྭ་གྲོགས་ཡོངས་ཀྱི་སྤྱན་ལམ་དུ་བཤམས་ན།  དགེ་བའི་སྐུལ་མ་རེ་མི་འགྲོ་བའི་ངེས་པ་མེད་པས།  འགྲེམ་སྤེལ་ཞུས་ཡོད།  ཐམས་ཅད་པོས་རང་ནུས་ཅི་ལྕོགས་ཀྱིས་ཕྱར་གྲུ་མཉམ་འདེགས་ཐོག་རྒྱུ་ཚིགས་གང་ཅིའི་ཐད་རོགས་རམ་དང་།  དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་རོགས་ཞུ།

གུས་པ་གནད་གཟེར་ནས་༢༠༡༥/༥/༣/ཉིན་དགོང་མོར་ཕུལ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།