༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
༧ཨ་ཤག་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེར་ཕུལ་བའི་དད་ཚིག་ཀོ་ཀི་ལའི་དབྱངས།
[ཟླ་ཚེས།:2017-05-03] [གཟིགས་ཐེངས:]

བོན་གྱི་འདུས་སྡེ་ཆེན་མོ་མ་ཡུམ་དབུས་ལྔ་རིག་སློབ་གླིང་གི་བླ་རབས་ཉེར་བདུན་པ༧ཨ་ཤག་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེའམ་མཚན་དངོས་སུ་གྲགས་པ་ཁྱུང་བླ་རྒྱ་མཚོ་ནོར་བུར་ཕུལ་བའི་དད་ཚིག་ཀོ་ཀི་ལའི་དབྱངས།

ཁྲི•རིག་པའི་མདའ།

འཛོམ་གླིང་སོག་ཁ་གྱེར་གྱི་འབྱུང་གནས་སྤུ་རྒྱལ་གངས་རིའི་ཤར་ཕྱོགས་ན།།
བྲག་གི་དབུ་རྩེ་གནམ་མཐར་རེག་པའི་མེ་རི་འབར་བའི་རྫོང་ཞོལ་དུ།།
ལྷ་ཕྲུག་མི་ཡི་གར་དུ་བསྒྱུར་བའི་ཨ་ཤག་མཚན་གྱིས་ཁྱེའུ་དཀར་ཞིག།
རྣམ་དཀར་ཚོཊ་གཉིས་འབྲས་བཟང་ལ་རྟེན་གང་སྐུ་ལྷུན་པོའི་དཀྱིལ་འཁོར་བཞེངས།

སྐྱོ་ཤས་དྲག་པོའི་ཆུ་སྲིན་གྲོང་ནས་ངེས་འབྱུང་བུ་མོ་ཐར་པར་བྲོས།།
རབ་མཛེས་དབུ་ཡི་ལྕང་ལོའི་འཛར་བུ་རལ་གྲི་སྔོ་མོར་སྔར་ནས་མཆོད།།
དད་སེམས་གསེར་གྱི་རྐོང་བུའི་ནང་དུ་སྐྱེས་སྦྱོང་ཟུང་གིས་མར་ཁུ་འཁྱིལ།།
ཐོས་བརྩོན་ཤེས་རབ་སྡོང་བུའི་རྩེར་རུ་བརྩོན་པ་ལྕགས་ཀྱིས་མེ་ཆེན་སྤར།།

སེམས་བསྐྱེད་ཉི་མའི་ཟེགས་མ་འབུམ་གྱིས་སྲོག་ལྡན་རྨོངས་པའི་འཁྱཊ་རོམ་བཞུས།།
ལྷག་བསམ་ཟླ་བའི་འཛུམ་ཟེར་ངོམས་པས་ཕྱོགས་མཚམས་ལོང་བའི་ཀུ་མུད་བཞེད།།
སྦྱིན་བཞི་མཚོ་མོའི་རླབས་ཕྲེང་རྩེན་པས་དམར་སེར་ངང་ཁྱུ་འུབ་ཀྱིས་འདུས།།
གདམས་རློན་སྦྲང་མའི་ཚངས་དབྱངས་སྙན་པས་སྐལ་ལྡན་འདབ་མའི་མགོ་བོ་ལྕོག།

རང་སེམས་བརྗོད་བྲལ་མཁའ་ལྟར་དག་པས་ཀུནད་ཏུ་བཟང་པོའི་ངང་ཚུལ་འགོག།
མཚན་དང་དཔེ་བྱད་རྫོགས་པར་མངའ་བས་རྫོགས་སྐུའི་སྟོན་པ་ངོ་ཚས་སྐྱེངས།།
ཐབས་དང་ཐུགས་རྗེའི་ཕྲིན་ལས་མོད་པས་དམུ་རྒྱལ་སྲས་པོའི་སླར་ཡང་ལྷག།
རྩ་གསུམ་ཀུན་འདུས་ལྔ་བདོའི་སྐྱབས་མཆོག་དྲན་དབང་གང་དེར་ཕྱག་མོ་ཟླུམ།།

གྱེར་སྲོག་དྲི་མེད་རྒྱལ་བའི་བཀའ་འགྱུར་པོད་ཏི་ཉིས་བརྒྱའི་ཁ་གྲངས་ཅན།།
རྙེད་དཀའི་དཔེ་རྙིང་ཕྱོགས་ཅིག་བསྡུས་ཏེ་གློག་འཕྲུལ་དྲྭ་བའི་ཚོན་དཔར་བཏབ།།
རྒྱུ་ཚེགས་དཀའ་གསུལ་གང་ལ་མ་འཛེམ་ཉིན་མི་མཚན་ཁྱིས་ཚབ་བཀོལ་ནས།།
སྤུས་ལེཊ་རྒྱལ་བཀའ་དཔེ་གཟུཊ་དེབ་གཟུཊ་ཤར་ནུབ་བོན་འབངས་རྟེན་དུ་བཤམ།།

རུས་པའི་བླ་མ་བརྒྱ་ཚོར་སྤུངས་ཀྱང་ཁྱེད་མཛད་མི་མཉམ་རི་དབང་ལྷུན།།
རྒྱུ་ཡིས་སྤྲུ་སྐུ་སྟོང་ཚོར་ཧྲོམ་ཡང་ཁྱེད་མཛད་མི་དོ་ཁ་བའི་རྡུལ།།
མིང་གི་བླ་མ་ཁྲི་ཚོ་བསྡོམས་ཀྱང་ཁྱེད་མཛད་མི་ཐུབ་སྣང་བའི་མཛོད།།
རུས་རྒྱུ་མིང་གསུམ་ཁྲི་ཚོ་བཅུས་ཀྱང་ཁྱེད་མཛད་མི་འཕྲོད་མཛུབ་མོ་གནམ།།


༠༡༦/༤/༤ཉིན་སུག་བྲིས་སུ་བགྱིས།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།