༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 4 ལྷུག་རྩོམ།
4 ལྷུག་རྩོམ།
གཅེས་ཕྲུག་ཚོ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-02] [རྩོམ་པ་པོ།:གངས་རླུང་།] [གཟིགས་ཐེངས:]

གཅེས་ཕྲུག་ཚོ།
ཁྱོད་ཅག་ནི་གངས་དཀར་པོའི་ལྷ་སྲས་ཡིན་ལ།
སྲིད་པའི་གངས་རྒན་ནི་ཁྱོད་ཅག་གི་ཡབ་མེས་ཡིན།
དེའི་ཕྱིར་དུ།   ཁྱོད་རང་ཚོས།
ཤེས་རྨོངས་ཀྱི་རི་གྲོང་བརྒལ་ཏེ།
ཤེས་རིག་གི་རྒྱལ་ཁམས་འགྲིམས་དགོས་ལ།
སྔོན་ཐོན་གྱི་ཉི་འོད་བསུ་བཞིན།
གངས་རིའི་གཟི་བརྗིད་ངོམ་བཞིན།
བསིལ་མོ་ལྗོངས་འདིར་བཅུ་རིག་གི་མཚོ་མོ་བསྐྱིལ་དགོས།

གཅེས་ཕྲུག་ཚོ།
ཁྱོད་ཅག་ནི་བཅུ་ཕྲག་རིག་པའི་བདག་པོ་ཡིན་ལ།
བཅུ་ཕྲག་རིག་གཞུང་ནི་ཁྱོད་ཅག་གི་ནོར་བུ་ཡིན།
དེའི་ཕྱིར་དུ།   ཁྱོད་རང་ཚོས།
རྨོངས་གཉིད་ལས་སད་ཏེ།
ཤེས་རིག་གི་འོད་སྣང་བཙལ་དགོས་ལ།
ཤེས་རབ་ཀྱི་རྟ་མཆོག་ལ་བརྩོན་འགྲུས་ཀྱི་ལྕག་གིས་བྲབ་སྟེ།
གཞུང་ལུགས་ཐང་ཆེན་ནས་ཕུལ་བྱུང་གི་གཟེངས་བསྟོད་ལེན་དགོས།

གཅེས་ཕྲུག་ཚོ།
ཁྱོད་ཅག་ནི་དགེ་རྒན་གྱི་རེ་བ་ཡིན་ལ།
དགེ་རྒན་ནི་ཁྱོད་ཅག་གི་ལམ་སྟོན་སྒྲོན་མེ་ཡིན།
དེའི་ཕྱིར་དུ།   ཁྱོད་རང་ཚོས།
བསླབ་བྱ་སྙིང་དབུས་སུ་སྒོམ་བཞིན།
དཀའ་སྤྱད་ཆེན་པོས་ཤེས་ཡོན་ལ་བརྩོན་དགོས་ལ།
ནམ་ཡང་དགེ་རྒན་གྱི་བཀའ་དྲིན་སྙིང་དབུས་སུ་བཅང་དགོས།

གཅེས་ཕྲུག་ཚོ།
ཁྱོད་ཅག་ནི་སློབ་གླིང་གི་སྙིང་ནོར་ཡིན་ལ།
སློབ་གླིང་ནི་ཁྱོད་ཅག་གི་གཞིས་ཁྱིམ་དྲོན་མོ་དེ་ཡིན།
དེའི་ཕྱིར་དུ།    ཁྱོད་རང་ཚོས།
བཀའ་དྲིན་རེ་རེ་ཡིད་ཀྱི་མཐིལ་རུམ་དུ་བཀོད་དེ།
མ་ཡུམ་སློབ་གླིང་ལ་ལྷག་བསམ་དཀར་དགོས་ལ།
མ་ཡུམ་སློབ་གླིང་ལ་ལེགས་སྐྱེས་འབུལ་དགོས།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།