༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 4 ལྷུག་རྩོམ།
4 ལྷུག་རྩོམ།
མཁའ་དབྱིངས་ཀྱི་ཉི་མ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-02] [རྩོམ་པ་པོ།:ཁྱུང་བསོད་བློ།] [གཟིགས་ཐེངས:]

སོན་བཟང་བསྟན་པའི་རྐང་རྩ་འདི་ལ་གཟིགས།།
ལས་བཟང་དགེ་བའི་འབྲུ་དྲུག་དུས་ཀྱི་དཔྱིད།།
བསྟན་བཟང་འདི་ལ་སྨན་པའི་རླབས་པོ་ཆེའི།།
འབྲས་བཟང་སྨྱུག་ཤད་ཤར་ཁོག་རོང་ཏུ་བཞད།།
མཚན་བཟང་ཁྲི་འཛིན་སོ་གསུམ་ཨེ་མ་ཧོ།།
 
དྲག་ཆར་དུས་ཀྱིས་རླུང་ནག་འཚུབས་ཉིན་མོ།།
གཤེན་བསྟན་རྒུད་པའི་རྐང་རུས་ཕྲ་བའི་སྐབས།
མདའ་གྲི་མདུང་རྩེ་དབལ་ཁའི་རྭ་བར་ནས།།
གྱེར་བསྟན་དོན་དུ་ལུང་རྟོཊ་ཁུར་ལྕི་མཛད།།
ཕུ་ཐུང་ཤུགས་ཀྱིས་བརྫེས་ནས་བསྟན་དོན་ཕེབས།།

 

ཁ་ཕོར་མེད་ཀྱང་ས་མཐའི་ཡུལ་གྲུ་རུ།།
ཁ་དོག་ཆག་ཚད་འཚོཊ་པའི་ཐོབ་རྒྱལ་བཏབ།།
ཁ་བ་གྱེར་ཆེན་ཚང་གི་ཕ་མཁར་བསྐྲུན།།
ཁ་བཤད་ཙམ་མིན་བསླབ་གསུམ་མ་གཞིས་བཟུང་།།
ཁམས་གསུམ་གླིང་བཞིར་གསལ་བའི་ཉི་མ་ཁྱེད།།

 

སྒོ་བཞི་མཛོད་ལྔའི་རྣམ་རྒྱལ་ཁང་བཟང་བརྩེཊ།།
མཉམ་མེད་ཚང་གི་བཤད་སྒྲུབ་ཐབ་ཚང་བཅས།།
དགག་སྒྲུབ་རྣོན་པོའི་ཙན་དན་མེ་དཔུང་སྤར།།
ཐེག་པའི་རིམ་དགུའི་ཐབ་ལྷ་བསྐྱར་དུ་གསོས།།
དོན་གྱི་ཨ་མའི་བུ་རྒོད་ཁྱེད་འདྲ་དཀོན།།

 

ཞྭ་གོས་ཉལ་སྡོད་གྲྭ་རྐྱང་འཚོ་བའི་ཆོག།
དམར་སེར་བཙུན་པའི་ཁྱུ་ཚོཊ་དཔུང་དུ་བསྒྲིལ།།
མཛད་འཕྲིན་དྲི་བསང་འཛམ་གླིང་སྒང་དུ་འཐུལ།།
བསྟན་འཛིན་མཆོག་ཁྱེད་ཞབས་པད་བསྐལ་བརྒྱར་བརྟན།།
ཞྭ་དཀར་གཡུང་དྲུང་བསྟན་པའི་དབུ་འཕང་མཐོ།།

 

སྐུ་གདུང་གསུང་རྟེན་བསུ་བའི་ལ་རྒོད་ནས།།
རྔུལ་ཆུའི་ཟིལ་པ་རྒོད་ཀྱང་ཤུཊ་ཀྱིས་བསྐྱར།།
སྲོག་ཐག་དམར་པོ་བསྟན་དོན་འབན་དུ་བཙུགས།།
འཕོངས་ཤ་མ་ཁེབས་ན་བཟའ་ཧྲུལ་པོ་མནབས།།
ཡི་དམ་སྲུང་མའི་ཐུགས་དམ་བསྐང་བཞིན་ཕེབས།།

 

མཚན་དཔེའི་གཟི་འོད་གངས་ཅན་ལྗོངས་སུ་འཕྲོས།།

རིག་པའི་མ་ལག་གནའ་རྙིང་བོན་དཔེར་གཟིཊ།།
མཉམ་མེད་བླ་མའི་བསྟན་པའི་མཛོད་དཀྱིལ་དུ།།
སྐུ་ཚེ་གེགས་མེད་ཐུཊ་དམ་བདེ་མོར་བཞུགས།།
སྐུ་ལུས་འགྱུར་མེད་ཁྲི་ལ་བཞུགས་པར་སྨོན།།

༢༠༡༣-༧-༡༢-བོད་ཟླ་༥-༡༥-ཉིན་རིན་པོ་ཆེའི་མཚན་དཔེའི་འདམ་མ་བཞད་པའི་གཟའ་སྐར་དུས་བཟང་ཉིན་མོར་མཇལ་ཕྱག་དད་པའི་ཐལ་མོ་སྦྱར་བཞིན་བྲིས།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།