༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 21
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 4 ལྷུག་རྩོམ།
4 ལྷུག་རྩོམ།
ཨ་མ་ལགས། ཁྱེད་རང་དྲན་བྱུང་།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-02] [རྩོམ་པ་པོ།:ཞང་ཕྲུག] [གཟིགས་ཐེངས:]

ཨ་མ་ལགས།   ཁྱེད་རང་དྲན་བྱུང
ཞོགས་པའི་སྐྱ་རེངས་ཤར་སོང
མཚམས་སྤྲིན་དམར་པོས་ཉི་གཞོན་བསུས་སོང
བུ་ངས་མཁའ་དབྱིངས་ལ་བལྟ་བཞིན།
རྒྱང་རིང་ནས་རྒྱང་རིང་དུ་ལུས་པའི་དྲིན་ཆེན་ཁྱེད་དྲན་བྱུང་།
ལས་དབང་བཙན་པོའི་བཀའ་ཡིས་དབང་གིས་ང་འགྲོ་དགོས་བྱུང་།
རི་ཆུ་དུ་མ་བརྒལ་ནས་འགྲོ་དགོས་བྱུང་།
རྒྱུན་མེད་ཀྱི་མི་ཡུལ་འདི་ནས།
ངས་ཁྱེད་ཀྱིས་བཀའ་དྲིན་གཞི་ནས་དྲན་བྱུང་།
ཁྱེད་ཀྱིས་གནང་བའི་ཚེ་སྲོག་གི་རིན་ཐང་།
ཁྱེད་ཀྱིས་བྱིན་པའི་ཞིམ་པོའི་ཟས་ཀྱི་བྲོ་བ།
ལུས་ལ་གཡོག་པའི་འཇམ་པོའི་གོས་ཀྱི་དྲོད།
ངག་སྙན་དོན་བཟང་གི་བསླབ་བྱ་དག
ངའི་སེམས་ཁོངས་ནས་རྒྱུད་མ་ཆད་པར་དྲན་བྱུང་།
          ཨ་མ་ལགས།
ཁྱེད་དྲན་པའི་དབང་གིས་ངའི་མཚན་མོའི་གཉིད་དང་ཉིན་མོའི་ཟས་ལ་བྲོ་བ་མེད།
ཁྱེད་ནི་ངས་འཇིག་རྟེན་ནས་ཉོས་ན་མི་ཁུགས་པ་དང་ས་ལ་འཐུ་རྒྱུ་མེད་པའི་གཙུག་གི་ནོར་བུ་དེ་ཡིན།
ཁ་སང་ངའི་ཚེ་སྲོག་གི་རྒྱུ་བ་བྱིན་མཁན།
དེ་རིང་བདེ་སྐྱིད་ཀྱི་ལམ་བུ་བསྐྲུན་མཁན།
སང་ཉིན་ངའི་ཕུགས་འདུན་ཀྱི་རེ་བ་སྐྱོང་མཁན་དེ་རེད།
     ག་སྲིད།     ཨ་མ་ལགས།
ཁྱེད་མེད་ན་ངའི་ཚེ་སྲོག་འདི་སུ་ཡིས་གནང་།
ཁྱེད་མེད་ངའི་ཡོད་ཚད་འདི་སུ་ཡི་སྤྲད།
ཁྱེད་མེད་ན་ངའི་བདེ་སྐྱིད་སུ་ཡི་བསྐྲུན།
ཁྱེད་མེད་ན་ངའི་རེ་བ་འདི་སུ་སྐྱོང་།
       ཨ་མ་ལགས།
དགའ་སྐྱོ་འདྲེས་མའི་འཇིག་རྟེན་འདི་ནས༎
ངའི་དགའ་དུས་དགའ་རོགས།
སྐྱོ་དུས་སྐྱོ་རོགས།
ཁྱེད་མེད་ན་ང་ལ་སུ་ཡོད།
ཁ་སང་ངའི་ཆེད་དུ་སོ་སོའི་བདེ་བ་གཏོང་ཕོད་མཁན།
དེ་རིང་ངའི་ཆེད་དུ་དགྲ་བོའི་གདོང་ལ་ལངས་ཕོད་མཁན།
སང་ཉིན་ངའི་ཆེད་དུ་ཚེ་སྲོག་གི་རྒྱུ་བ་གཏོང་ཕོད་མཁན།
ཨ་མ་ཁྱེད་ལས་མ་མཆིས།
          ཨ་མ་ལགས།
ཁྱེད་ནི་ངའི་ཁྲི་གདུག་གི་ཉི་མ་དམར་པོ།
དཀར་གསལ་གྱི་དུང་ཟླ་དཀར་པོ༎
བརྗིད་ཆགས་ཀྱི་གངས་དཀར་ལྷུན་པོ།
དྭངས་གཙང་གི་གཙང་ཆབ་སྔོ་མོ་དེ་ཡིན་པས།
རྒྱུན་མེད་ཀྱི་མི་ཡུལ་འདི་ནས་ངས་ཁྱེད་རང་ཤིན་ཏུ་དྲན་བྱུང།   



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།