༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 1 བོད་ཀྱི་མི་སྣ་གྲགས་ཅན།
1 བོད་ཀྱི་མི་སྣ་གྲགས་ཅན།
༧ སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་ནི།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-04-28] [གཟིགས་ཐེངས:]

001 化身罗登宁波.jpg

      བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་གི་ལྷོ་ཤར་ཁྱུང་པོ་རི་བོ་རྩེ་དྲུག་གི་ཉེ་འགྲམ་གཤེ་མ་གཡུ་ཕུག་ཟེར་བའི་ས་གནས་སུ་དུས་རབས་བཅུ་བཞི་པའི་ལྕགས་བྱི་༼༡༣༦༠༽ལོར་ཡབ་དབྲ་རིགས་ཚུལ་ཁྲིམས་སེང་གེ་དང་།ཡུམ་ལྡོང་རིགས་རིན་ཆེན་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། ལོ་༡༢ལོན་པ་དང་ཁྱུང་པོ་དཀར་རུ་ཚང་གིས་ཁམས་ཆེན་འཛམ་གླིང་རྒྱན་ཆེན་ཞེས་པ་དེ་བཞིངས་རྒྱུའི་གྲ་སྒྲིག་ཡོད་པ་དེ་གསན་ནས་དེར་ཕེབས་དཀར་རུ་དཔོན་ཚང་གི་གཉེར་པ་ལ་ཡི་གེ་འབྲི་ཆོག་པར་ཞུས་ནས་བྲིས་པ་མཛད། བྲིས་པ་གཞན་བཞིན་བརྩོན་འགྲུས་བྱས་ནས་མ་བྲིས་ཀྱང་ཁམས་ཆེན་རྩིས་འབུལ་ཞུ་རན་པའི་སྐབས་དགོང་མོ་གཅིག་ལ་རྫུ་འཕྲུལ་གྱིས་བྲིས་ཏེ་ཕྱི་ཉིན་བྲིས་པ་གཞན་དང་མཉམ་དུ་རྩིས་འབུལ་བྱེད་རྒྱུ་ཡོད་པ་བྱུང་།སྟེང་ཆེན་ཁ་རུ་རྗེས་བཞག་བཀྲ་ཤིས་འོད་འབར་ཞེས་འོལ་མོ་ལུང་རིང་ལ་དཔེ་བླང་ནས་གསས་ཁང་ངོ་མཚར་ཅན་ཞིག་བཞེངས།དེ་བཞིན་ཁོང་གིས་ཕྱག་བཏབ་པའི་གནམ་ས་བར་གསུམ་གྱི་དགོན་པ་གསུམ་ཡོད་དེ།ཕུག་དམར་དགོན་དང་།བྱ་ཟེ་ཡོངས་རྫོང་།ཝ་དགེ་དགོན་གསུམ་ཡིན།ཁོང་གི་སྙན་རྒྱུད་སོགས་ཀྱི་དཔེ་ཆ་མདོ་དྲི་མེད་གཟི་བརྗིད་དང་པོད་བཅུ་གཉིས།དྲི་མེད་རྩ་མདོ།མི་ནུབ་མཚན་མདོ་པོད་བདུན།ལྷུན་པོ་བརྩིགས་པ་རྒྱུད་ཀྱི་མདོ།བཀྲ་ཤིས་དཔལ་འབར་ཁབ་ཀྱི་མདོ།གསང་འདུས་དོན་རྒྱུད།བློ་ལྡན་མགུར་འབུམ།རྫོགས་ཆེན་ནམ་མཁའ་སྤྱི་གཅོད།བློ་ལྡན་ཁ་བྱང་ཡང་བྱང་ཟུར་བྱང་གསུམ།མ་ཏྲི་རིན་ཆེན་སྒྲོན་མ།སྟག་ལ་བདག་རྫོགས།དབལ་ཆེན་ཆེ་མཆོག་མངོན་དུ་རོལ་ཡང་གསང་ཐུགས་ཀྱི་རྒྱུད།དྲན་པ་ཡང་གསང་།གཤེད་དམར་སྤྱི་འདུལ།གསང་ཕུར་ཡང་སྙིང་ཐིག་ལེའི་རྒྱུད།སྤྱི་སྤྲུངས་རྩོད་པ་བཟློག་པའི་འཁོར་ལོ།མཁའ་ཀློང་གསང་བའི་མདོས་ཆེན།ཕ་རྒྱུད་རིག་པ་ཁུ་བྱུག་གི་བསྒྲུབ་གཞུང་།གཤིན་རྗེ་གཤིན་ནག་གི་སྒྲུབ་པ།དགེ་སྤྱོད་ཡན་ལག་གསུམ་པ།བསང་རྔན་བསམ་འགྲུབ་ཡིད་བཞིན་ནོར་བུ།ཀློང་རྒྱས་ཀྱི་དཀྱིལ་འཁོར་རྣམ་བཤད།དམ་ཅན་ལེའུ་གསུམ་མ་དང་།གཞན་ཡང་བསྟན་སྲུང་དང་།མགུལ་ལྷ།བརྟན་མ།ཡུལ་ལྷ་རྣམས་ཀྱི་གསོལ་མཆོད་ཤིན་ཏུ་མང་པོ་ཡོད།བསྡོམས་པའི་པོད་ཆེན་བཞི་བཅུ་ལས་བརྒལ་བ་ཡོད།མཐར་དགུང་ལོ་བཞི་བཅུ་ཞེ་དྲུག་སྟེ་མེ་ཁྱི་༼༡༤༠༦༽ལོར་ཚ་བ་རོང་དུ་ཕེབས་ནས་སྐུ་ཞི་བར་གཤེགས།ཐུགས་མེ་རྡུག་བཞུགས་ནས་གཙོ་མཆོག་གི་སྐུ་རང་བྱོན་དང་ལྗགས་ལ་ཤེས་རབ་སྨྲ་སེང་གི་སྐུ་རང་བྱོན་བཅས་བྱུང་ངོ་།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།