༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 4 ཚེས 17
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་དུ་མཉམ་མེད་འཁྲུངས་མཆོད་འཚོགས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2021-02-17] [རྩོམ་པ་པོ།:ཁྲི་རིག་པའི་མདའ།] [གཟིགས་ཐེངས:]

1613530273193030.jpg

འཛམ་བུ་གླིང་དུ་གསེར་གྱི་ཉི་ཤར་བཞིན།།

དུས་ངན་ལྔ་བརྒྱ་ཐ་མའི་སྙིགས་མ་ལ།།

འཕྲུལ་ངག་བོན་གྱི་ཆུ་ཆེན་རབ་འབྲུག་ནས།།

རྗེས་འབྲང་ཉོན་མོངས་མ་ལུས་རྩད་ནས་བཀྲུ།

སྡེ་གསུམ་ཤེས་རབ་རྒྱས་པའི་ང་རོ་ཅན།།

མ་རིག་གྲུབ་མཐའ་འདྲ་མིན་ཀླད་པ་འགེམས།།

མི་ཡི་སེང་གེ་གཟི་བརྗིད་སྨན་རི་བ།།

གཙུག་རྒྱན་མཁན་པོ་ཁྱོད་ལ་ཕྱག་འཚལ་ལོ།།

1613530304386128.jpg

          དཔྱིད་ཟླ་ར་བ་སྟག་གི་ཟླ་བའི་ཚེས་༥ཉིན་ནི། ཟླ་བྲལ་ཤེས་རབ་ཟབ་མོས་ཟླུམ་གཟུགས་ཀྱི་གོ་ལ་ཡམ་ཡོམ་དུ་བསྒུལ་ཞིང་། མཚན་སྙན་གསེར་གྱི་ཅོད་པན་མཐའ་མེད་ཀུན་གསལ་བུ་མོའི་རྒྱན་དུ་བསྲིངས་ཤིང་། གྲགས་དཀར་དབྱར་གྱི་རྔ་གསང་སྲིད་གསུམ་རི་བོའི་མཐོངས་སུ་ཉིན་མཚན་ཁྱད་མེད་དུ་ལྡིར་བའི། བསླབ་གསུམ་བསྟན་པའི་བདག་ཉིད། མ་རིག་ནད་གདུང་སེལ་བའི་སྨན་པ། འགྲོ་བའི་གཙུག་རྒྱན་སྐྱབས་མཆོག་ཉི་མ་གཞོན་ནུ།  ༧དཔལ་ལྡན་སྨན་རི་བ༧རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ཉིད། སྐུ་མཚན་མེ་ཏོག་གི་འདབ་མ“༡༣༥༦”ཤར་ཕྱོགས་རྒྱལ་མོ་རོང་དུ་དགྱེས་ཞལ་ལྷུག་པོར་གྲོལ་བའི་དུས་བཟང་ཁྱད་པར་ཅན་ཡིན་ཞིང་།  བཀྲ་ཤིས་པའི་དུས་སྐལ་བཟང་པོའི་ཉིན་འདིར།  འདི་ག་ཁྱུང་དཀར་མི་རྗེ་རྒྱལ་པོའི་མ་དགོན་དྲེག་ནག་ཅན་༧གཤེན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་ངམ་ཡོངས་གྲགས་སུ་ཁྱུང་པོ་སྟེང་ཆེན་དགོན་དུ་འདི་ཟླའི་བོད་ཚེས་༣ཉིན་མཆོད་བཟོ་དང་བཅའ་བཀོད་ལེགས་པར་བྱས་ནས་བོད་ཚེས་༤ཉིན་གྱི་ཞོགས་པ་སྔ་པོར་འདི་གའི་བཤད་སྒྲུབ་སྒོམ་གསུམ་གྲྭ་ཚང་དང་བཅས་པའི་དགེ་འདུན་པ་ཡོངས་ཚོགས་ལ་ཞུགས་ཏེ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་ཟབ་མོའི་ཞལ་ཕྱེས་ནས་ཆོག་གཞུང་བསྲངས།   

1613531554266742.jpg

1613530498153154.jpg

1613530587820331.jpg

1613530548204288.jpg

          བོད་ཚེས་༥ཉིན་གྱི་ཞོགས་པར་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྟོང་མཚན་ལྷོ་ཤར་འོག་ཕྱོགས་གཉིས་ཀྱི་སྐུ་བསྟོད་རྒྱས་པར་གྲུབ་མཚམས། དགོན་འདིིའི་ཁྲི་འཛིན་རིན་པོ་ཆེ༧སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་དང་། ༧དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན། ༧སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ། སྒོམ་གྲྭའི་མཁན་པོ་གཙུག་གཤེན་རྣམ་རྒྱལ་རིན་པོ་ཆེ་དབུས་དགོན་འདིའི་མཁན་པོ་དགེ་བཤེས་དང་།  བཤད་སྒྲུབ་སྒོམ་གསུམ་གྲྭ་ཚང་དང་བཅས་པའི་དགེ་འདུན་རྣམས་རྔ་གཤང་དུང་གླིང་གིས་སྒྲ་དང་། སྟག་འགྲོས་སེང་སྟབས་ཀྱི་གར་དང་བཅས་ཏེ་གླིང་སྐོར་སེར་ཕྲེང་ལ་ཕེབས།  གླིང་སྐོར་སེར་ཕྲེང་ལ་བྱོན་མཚམས་ཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་གི་མདུན་དུ་བཅོ་བརྒྱད་མཆོད་རྔ་ཡི་མཆོད་པ་རྒྱས་པར་ཕུལ།

1613530700810391.jpg

1613531607578391.jpg

1613531648858218.jpg

1613531696781604.jpg

1613530785778964.jpg

1613532127167048.jpg

1613531352491396.jpg

1613530852806547.jpg

1613530884948150.jpg

1613530904833262.jpg

1613530928860078.jpg

         དེ་མཚམས་དགེ་འདུན་པ་ཡོངས་་ཚོགས་ཁང་དུ་ཕེབས་ཏེ་བླ་མ་མཆོད་པ་དང་དམ་བཅའ།  མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་པར་ཕུལ་བ་དང་འབྲེལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྨད་ཆོག་བཅས་གསུང་ནས་ཉིན་གུང་གི་དུས་ཚོད་མཇུག་བསྐྱངས།  

1613531736625573.jpg

1613531760887849.jpg

        རྒོངས་་མོ་གྲྭ་ཤག་སེར་པོའི་ནང་དུ་དགེ་འདུན་པ་ཡོངས་དང་དད་ལྡན་མང་ཚོགས་སྤྱི་ནས་ལུས་གུས་པས་ཕྱག་འཚལ་བ་ལ་སོགས་སྒོ་གསུམ་དད་པའི་མཆོད་པ། བསྟོད་པ་རྣམ་རྒྱལ་ཁང་བཟང་དང་བདེ་ཆེན་རྒྱལ་པོ་སོགས་དབྱངས་ལ་བསྐྱོན་ཏེ་ལྷད་མེད་ངག་གི་མཆོད་པ།   མཆོད་རྔ་བརྒྱ་ཚར་དང་བཅོ་བརྒྱད་མཆོད་རྔ་སོགས་དྭངས་གཙང་སྒྲ་ཡི་མཆོད་པ།    སྣང་གསལ་མར་མེའི་འོད་མདངས་སོགས་སྒྲིབ་མེད་འོད་ཀྱི་མཆོད་པ་རྒྱས་པར་ཉ་རྒྱས་ཟླ་བའི་དཔལ་ལ་བསྒྲུན་པར་བྱས་ཏེ་མགོན་པོ་གང་ཉིད་ཀྱི་འཁྲུངས་མཆོད་རྒྱས་པར་བསུས་ཏེ་མཇུག་ལེགས་པར་གྲུབ་ཅེས་ཁྲི་རིག་པའི་མདས་བསྡུས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།