༢༠༢༡ལོའི་ཞྭ་དཀར་གཡུང་དྲུང་བོན་གྱི་ཆེས་མཐོའི་སློབ་ཆེན་ཀོ་རྒྱལ་
དགོན་བཤད་སྒྲུབ་འདུས་སྡེའི་གསར་གནས།
སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས།
སྤྱིར་ཡང་ཐོས་བསམ་ཐམས་ཅད་ལ།།
དང་པོ་ཉན་ཞིང་འཆད་པ་གཅེས།།
བར་དུ་ཐོས་ཤིང་གོ་བ་གཅེས།།
ཐ་མ་བརྟག་ཅིང་དཔྱད་པ་གཅེས།།
དོན་ནི་གྲུབ་པའི་འབྲས་བུ་འབྱུང་།།
ཞེས་པའི་ཞལ་གསུང་དང་རྗེས་སུ་མཐུན་པར་ངེད་བཤད་སྒྲུབ་འདུས་སྡེའི་སྔགས་འཛིན་གྲྭ་གཉིས་པའི་སློབ་གཉེར་བས་ཀུན་མཁྱེན་ཤར་རྫ་བའི་རིང་ལུགས་ལྟར་རྩ་རླུང་གཏུམ་མོའི་ཉམས་ལེན་ལ་ཉིན་ཞག་བརྒྱ་དང་བཅུའི་རིང་རྩ་རླུང་སྔོན་འགྲོ་དང་། འཇམ་རླུང་། བར་རླུང་། དྲག་རླུང་། རླུང་རས། ཆུ་རས། ཆུ་སྦྱོང་། རླུང་སྦྱོང་། བཅུད་ལེན་སོགས་ཀྱི་ཐོས་བསམ་དང་ལག་ལེན་བློ་སྦྱོང་ཟུང་འབྲེལ་གྱིས་སྦྱང་པ་བྱས་པ་དང་། ཟུར་དུ་གསང་སྔགས་བཀའ་འགྲེལ་དང་། ལྷ་བསྙེན་ཤེལ་སྒོང་སོགས་ལ་ཐོས་དོན་ཟུང་འབྲེལ་གྱིས་འབད་པ་བྱས་ཏེ་སྟོན་པ་སངས་རྒྱས་ཀྱི་འཁྲུངས་ཟླའི་ཚེས་བཅུ་དགུའི་ཉིན་བསམ་དོན་ལྷུན་གྱིས་གྲུབ་ནས་ལེགས་གྲུབ་བྱུང་བའི་གནས་བསྡུས་དང་། མ་འོངས་པ་མཚན་ཉིད་སློབ་ཐོན་བ་དང་། སློབ་གཉེར་བ་ཚང་མས་ཐོས་དོན་ཉམས་སུ་ལེན་རྒྱུ་ཡོང་བའི་སྨོན་ལམ་དང་བཅས།
འདི་གའི་བཤད་སྒྲུབ་འདུས་སྡེ་ནས། ༢༠༢༡ ལོར་ཟླ་བ་ ༢ ཚེས་ ༢ ཉིན།