༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 1 བོད་ཀྱི་མི་སྣ་གྲགས་ཅན།
1 བོད་ཀྱི་མི་སྣ་གྲགས་ཅན།
༧ སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-04-28] [གཟིགས་ཐེངས:]

20131110172638306.jpg

  སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན།

    སྨན་རིའི་མཁན་ཆེན་ཉེར་གསུམ་པ་ཉི་མ་བསྟན་འཛིན་མཆོག་ནི་མདོ་ཁམས་སྡེ་དགེ་ས་ཆ་ལྷ་ཐོག་ཏུ་ཡབ་སྐམ་གྱི་གདུང་འཛིན་གཡུང་དྲུང་བཀྲ་ཤིས་དང་ཡུམ་ར་བཟའ་བསོད་དགའ་གཉིས་ཀྱི་སྲས་སུ་དུས་རབས་བཅུ་དགུ་པའི་ཆུ་མོ་བྱ་ཡི་༡༨༡༣ལོར་སྐུ་འཁྲུངས། དགུང་གྲངས་བཞི་ལ་ཕེབས་སྐབས་མཁན་ཆེན་བསོད་ནམས་བློ་གྲོས་ཁམས་ཕྱོགས་སུ་ཕེབས་པ་དང་མཇལ་དུས་ཁུ་བོ་གཡུང་དྲུང་ཉི་རྒྱལ་ལ་བུ་འདི་སྨན་རི་ལ་ཁྲིད་ཤོག་གསུངས་བཞིན་ཁུ་བོས་གྲྭ་ས་ལ་ཁྲིད་ནས་མཁན་ཆེན་བསོད་ནམས་བློ་གྲོས་མདུན་ནས་གཙང་གཙུག་གི་སྡོམ་པ་ཞུས་ཏེ་སྨན་རིའི་སྒྲིག་ལ་ཞུགས། བོན་གྱི་མཁས་གྲུབ་དུ་མ་ལ་བསྟེན་ནས་ཁྲིད་ལུང་དབང་གསུམ་ཞུས། འབྲས་ཡུལ་སྐྱེད་ཚལ་ཕེབས་ནས་མཚན་ཉིད་སྦྱངས་ཏེ་མཁས་པའི་གོ་འཕང་བརྙེས། དགུང་གྲངས་ཉེར་བཞི་མེ་སྤྲེལ་༡༨༣༣ལོར་སྨན་རིའི་མཁན་པོ་འཁོད། དེ་ནས་བསྟན་དོན་དུ་མདོ་དབུས་ཁམས་གསུམ་གང་སར་ཕེབས་ཏེ་རྒྱལ་རོང་ལ་བཀའ་འགྱུར་དོན་དུ་ཕེབས་ནས་སྨན་རི་ལ་བཀའ་འགྱུར་གནས་འདྲེན་ཞུས་ནས་བཀའ་འགྱུར་ཁང་སོགས་རྟེན་བཞེངས་མང་པོ་མཛད། དེ་བཞིན་དུ་སྡུད་གྲྭ། ཤེར་ཕྱིན། བཀའ་རྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ། རྩིས་གཞུང་། དག་ཡིག་སོགས་ཁྲིད་ཀྱི་སྐོར་དང་དེ་བཞིན་དུ་སྒྲུབ་སྐོར་ཕྱག་བཞེས་ཟིན་བྲིས་གསོལ་འདེབ་སོགས་གསུང་རྩོམ་མང་པོ་རྗེས་བཞག་མཛད། མཐར་དགུང་ལོ་ལྔ་བཅུ་ལྔ་བརྒྱད་ལོར་སྐྲུ་ཞི་བར་གཤེགས་པ་ཡིན་ཏེ། འགྲོ་མགོན་ཤེས་རབ་གཡུང་དྲུང་གི་རྣམ་ཐར་ནང་ལྕགས་རྟ་ལོར་གཤེགས་པར་གསུངས་འདུག་ལ།  མཁན་ཆེན་ཉིད་སྤྱི་ལོ་༡༨༡༣རབ་བྱུང་བཅུ་བཞི་པའི་ཆུ་མོ་བྱ་ཡི་ལོར་སྐུ་འཁྲུངས་ནས་ཕྱི་ལོ་༡༨༦༢ལོར་དགུང་གྲངས་ལྔ་བཅུ་སོང་ཞིང་། ལྔ་བཅུའི་ཐོག་ལ་ལོ་བརྒྱད་བསྣན་པས་ལྔ་བཅུ་ང་བརྒྱད་ཡིན། དེའི་ལོར་ལྕགས་རྟ་ཏག་ཏག་ཁེལ་ཡོད་པས་དགུང་གྲངས་ལྔ་བཅུ་ང་བརྒྱད་འཚོ་བཞུགས་མཛད།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།