༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་ཐོན་མཛད་སྒོའི་ཉིན་བདུན་པ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-11-30] [རྩོམ་པ་པོ།:ཁྲི་རིག་མདའ།] [གཟིགས་ཐེངས:]








1606699223644058.jpg

1606699251213296.jpg

1606699286380316.jpg

1606699308478381.jpg

1606699340434609.jpg

1606699367227644.jpg

1606699408611439.jpg

འཁྲུལ་རྟོག་བརྒྱད་ཁྲིའི་ཆུ་འཛིན་ཀུན་བྲལ་ཞིང་།།

རང་བཞིན་རྣམ་དག་མཁའ་ལས་མ་གཡོས་ཀྱང་།།

ཀུན་མཁྱེན་ཉི་ཟླའི་བཀོད་པ་ལྷུན་ལ་རྫོགས།།

སྟོན་མཆོག་བརྒྱ་པའི་མགོན་དེས་དགེ་ལེགས་སྩོལ།།


ཅེས་ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་དེ།  གང་ཞིག་བཤད་པར་བྱ་བ་ནི་བླ་རི་གངས་དཀར་བརྗིད་ཀྱིས་འགྱིང་ཞིང་ཁ་འབབ་ཆུ་བོ་ཤང་ཤང་དུ་འབབ་པའི་ཡུལ།   སྟོད་ན་མངའ་རིས་སྐོར་གསུམ་བར་ན་དབུས་གཙང་རུ་བཞི།   སྨད་དུ་མདོ་ཁམས་སྒང་དྲུག་གི་ནང་ཚན་རྔུལ་རྫ་ཟལ་མོའི་སྒང་སྟོད།   ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡ་གྱལ། སུམ་གླང་གྱིམ་ཤོད་ཀྱི་མཐིལ། ཁྱུང་པོ་རིག་པ་འབྱུང་བའི་ལྟེ་གནས་ཏེ་ཤར་དུ་བོད་ཆེན་སྤེན་ནེ་རི་བཀྲ། བྱང་དུ་སྤུ་ཐོག་མཚོ་ཆེན་མཚོ་ཆུང་།  ནུབ་ཏུ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ། ལྷོ་རུ་རི་དམར་དབང་ལྷ་བཙན་རྒོད་ཀྱི་ཐད་སོ།  ཁྱུང་པོ་དཀར་ནག་སེར་གསུམ་གྱི་ནང་ཚན་རྒྱལ་ཁྱུང་དཀར་པོའི་གདན་ས།  ཉམས་དགའ་ལ་ཡིད་དུ་འོང་བ།  གནམ་ལ་འཁོར་ལོ་རྩིབས་བརྒྱད་ས་ལ་པད་མ་འདབ་བརྒྱད།  བར་ལ་རྒྱ་ཞིང་ཆུ་མ་ལ་གསེར་མདོག་སྙེ་མས་གང་བ་ལ།  རྫོགས་བྱང་གཉིས་ཀྱི་ཆུ་བོ་ལྷང་ལྷང་དུ་འབབ་པའི་དཀྱིལ།   ལུང་གིས་ཟིན་པའི་གནས་ཆེན་བྲག་དམར་རི་ཡི་འདུས་ཞོལ།    རྒྱལ་བསྟན་འཁོར་ལོ་གསུམ་གྱི་གདུགས་དཀར་བླ་ནས་བླ་རུ་འདེགས་ཤིང་།  ལྔ་ཟུང་རིག་པའི་མེ་ཏོག་ཕང་ཕུང་དུ་བཞད་པས་གཡུར་དུ་ཟ་བའི་འབྲས་བུ་བླ་ལྷག་ཏུ་སྨིན་པའི་སློབ་གླིང་། ཁྱུང་པོ་མི་རྗེ་བླ་དཔོན་གྱི་གདན་རབས་མུ་ཏིག་ཕྲེང་བས་ཞབས་ཀྱིས་བཅག་པའི་གདན་ས་ཁྱད་པར་ཅན།   ལྷག་པར་དུ་གདུལ་བྱའི་བསོད་ནམས་ཀྱི་ཞིང་ས་ལ་དུས་སུ་བབས་པའི་ཆར་པ།  ལུགས་གཉིས་ཀྱི་སྙིང་བཅུད་ལེགས་པར་བཤད་པའི་སྟོན་པ། ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག་པ། སྐུ་མི་འགྱུར་གསེར་གྱི་ལྷུན་པོ། གསུང་མི་ཟད་བོན་གྱི་འཁོར་ལོ། ཐུགས་དགོངས་ཟབ་མཁྱེན་བརྩེའི་བདག་ཉིད་ཅན། དགོན་འདིའི་བླ་རབས་ཉེར་བདུན་པ༧སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་ཚོགས་གཉིས་རྒྱ་མཚོ་ནོར་བུས་སེམས་དང་བསམ་པས་བསྐྱངས་པའི་གཤེན་གྱི་སྡེ་ཆེན་མོ་༧ཁྱུང་པོ་སྟེང་ཆེན་དགོན་ནམ་དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་འདི་རུ།  བགྲང་བྱ་ཧྲིལ་པོ་བཅུ་གསུམ་ཙམ་ལ་མདོ་སྔགས་རྫོགས་གསུམ་ལ་སློབ་སྦྱོང་གནང་བའི་དགེ་བའི་བཤེས་གཉེན་ཆེན་མོ་སྐབས་བདུན་པ་དང་། གཤེན་གྱི་སྒོམ་ཐོན་རྣལ་འབྱོར་པ་སྐབས་བཞི་པ། གཤེན་གྱི་སྒྲུབ་གྲྭའི་སློབ་ཐོན་སྐབས་བཅོ་བརྒྱད་པ་བཅས་ཀྱི་མཛད་སྒོ་སྤེལ་བ་ལ།

1606699575878878.jpg

    སྤྱི་ཟླ་༡༡པའི་ཚེས་༢༩ཉིན་གྱི་སྔ་དྲོ་ཕྱག་ཚོད་༩•༤༠ཐོག་བསླབ་གསུམ་བསྟན་པའི་བདག་ཉིད་དགོན་འདིའི་བླ་རབས་ཉེར་བདུན་པ ༧ སྐྱབས་རྗེ་ཁྲི་འཛིན་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་དང་།  ༧  དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་རྒྱལ་མཚན། ༧ སྒྲུབ་གྲྭའི་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་༧མེ་སྟོན་གདན་སའི་སློབ་དཔོན་ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན། དགོན་འདིའི་གྲྭ་ཚང་མཁན་པོ་དང་སྒོམ་གྲྭའི་མཁན་པོ་སྤྲུལ་སྐུ་བསྟན་འཛིན་བཟོད་པ་བཅས་དབུ་མགོན་དུ་བཞུགས།    ༧ མེ་སྟོན་གདན་སའི་སློབ་དཔོན་ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན་དང་ཚྭ་ནེ་གཟུངས་སྒྲུབ་ཀྱི་སྒྲུབ་གྲྭའི་མཁན་པོ་དགེ་བཤེས་ཁྲ་གཡུང་དྲུང་སེམས་དཔའ་དང་། ཁྱུང་སེར་བྱ་ཟེ་ཡོངས་རྫོང་དགོན་གྱི་མཚན་ཉིད་དགེ་རྒན་ཀུན་བཟང་ལྷུན་གྲུབ་བཅས་དམིགས་བསལ་ལོ་འཁོར་རིག་གཞུང་བགྲོ་གླེང་ཐོག་ཏུ་སྐུ་ཆེད་ཕེབས་གནང་བ་དང་སྦྲག  གཙོ་སྐྱོང་བ་དགེ་བཤེས་རྣམ་དག་དོན་ལྡན་གྱིས་ལོ་འཁོར་རིག་གཞུང་བགྲོ་གླེང་ཆེན་མོ་ཐེངས་བདུན་པ་དངོས་སུ་འགོ་འཛུགས་ཏེ་བགྲོ་གླེང་གི་སྒྲིག་གཞི་དང་སྤང་བླང་གི་གནས་ཚུལ་གསལ་བསྒྲགས་བྱས།  བགྲོ་གླེང་ཐོག་མེ་སྟོན་གདན་སའི་རིག་སྨྲ་བ་དང་དགོན་འདིའི་བཤད་སྒྲུབ་སྒོམ་གསུམ་དང་གྲྭ་ཚང་དང་བཅས་པ་བགྲོ་གླེང་ཐོག་ཏུ་མཉམ་ཞུགས་གནང་སྟེ་བཤད་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་དགེ་རྒྱས་ནས་འཕྲོ་རིམ་འཕྲོར་འདུལ་བ་འཛིན་གྲྭའི་སློབ་གཉེར་བ་དང་ལོ་འཁོར་རིག་གཞུང་བགྲོ་གླེང་ཐེངས་བདུན་པའི་གོ་སྒྲིག་མི་སྣ་ཤེས་རབ་ཚུལ་ཁྲིམས་བར་བགྲོ་གླེང་པ་དྲུག་གིས་བགྲོ་གླེང་དང་དྲི་བ་དྲིས་ལན་གྱིས་སྔ་དྲོའི་འཁོར་བཅུ་གཉིས་ཐོག་སྔ་དྲོའི་བགྲོ་གླེང་མཇུག་གྲུབ་ནས་འདུས་པ་ཡོངས་སྐྱོ་བསང་དང་ཆབ་བཞེངས་ལ་ཕེབས་པ་དང་འབྲེལ་གུང་ཟས་ལ་རོལ།

1606699876795902.jpg

1606699877567841.jpg

1606699877216693.jpg

1606699877193724.jpg

1606699877703954.jpg

1606699878969925.jpg

1606699878457826.jpg

1606699878155214.jpg

1606699879448622.jpg

1606699877169530.jpg

      འཁོར་ཚོད་༡༢•༥༠ནས་སྔར་བཞིན་ཕྱི་དྲོའི་བགྲོ་གླེང་འགོ་བཙུག་སྟེ་མཚོན་བྱེད་ཞེ་ལྔའི་འཛིན་གྲྭའི་སློབ་གཉེར་བ་སྨིན་གྲོལ་འབྱུང་གནས་ནས་རིམ་བཞིན་བགྲོ་གླེང་པ་གསུམ་གྱི་མཚམས།   དགོན་འདིའི་བཤད་སྒྲུབ་གཉིས་ཀྱི་ལོ་འཁོར་ཡིག་རྒྱུགས་ཆེན་མོ༼གཞུང་རྒྱུགས། རིག་གནས་རྒྱུགས།༽དང་རྩོད་རྒྱུགས་དང་ད་དུང་རྒྱལ་སྤྱིའི་ཡིག་གཟུགས་དུས་ཆེན་ལ་བྲིས་པའི་ཡིག་གཟུགས༼འཁྱུག་བྲིས། གཟབ། སྒུར། ལྗིབ།༽སོགས་ཀྱི་ཨང་རིམ་དང་པོ་གཉིས་པ་གསུམ་པ་ལེགས་མཚོན་བཅས་ཀྱི་མ་ཐོ་ཚོགས་གཙོ་ལགས་ཀྱིས་ཁྱབ་བསྒྲགས་གནང་སྟེ་ཨང་རིམ་དང་ལེགས་མཚོན་བྱ་དགའ་ཐོབ་པའི་མི་སྣ་རྣམས་རིམ་བཞིན་༧ཁྲི་འཛིན་རིན་པོ་ཆེ་གསེར་སྒྲོན་མའི་མདུན་ནས་མགུལ་དར་དང་། དཔོན་སློབ་རིན་པོ་ཆེ་དང་སྒྲུབ་མཁན་རིན་པོ་ཆེ་གྲྭ་ཚང་མཁན་རིན་པོ་ཆེ་རྣམ་པའི་མདུན་ནས་ཆེ་རྟགས་དཔང་ཡིག་དང་བྱ་དགའི་དངུལ་སྨར་དག་རིམ་པར་བླངས་ཏེ་བར་སྐབས་ཀྱི་ལེའུ་མཇུག་གྲུབ་ཏེ་འདུས་པ་ཡོངས་སྐྱོ་བསང་ལ་ཕེབས།   བྱ་དགའི་ཨང་རིམ་ཐོབ་པ་དག་དང་ལེགས་མཚོན་བྱ་དགའ་ཐོབ་པའི་མི་སྣ་རྣམས་མཉམ་པར་བསྒྲོན་པ་དང་སྒེར་པར་རྡེབ་པ་སོགས་ཀྱིས་བར་སྐབས་ལེའུར་བཅད།










1606700234915060.jpg

1606700234275912.jpg

1606700234163772.jpg

1606700234618063.jpg

1606700235598755.jpg

1606700434292803.jpg1606700434264548.jpg

1606700435782960.jpg

1606700435488559.jpg

1606700435338944.jpg

1606700436583242.jpg

1606700436829827.jpg

1606700814954262.jpg

1606701141742890.jpg

1606700814587244.jpg

1606700814256275.jpg

1606700815937861.jpg

1606700815352655.jpg


1606700942376723.jpg

1606700942895019.jpg

   དེ་མཚམས་དགེ་འདུན་པ་འདུས་པ་ཡོངས་སྔར་བཞིན་ཚོགས་ཏེ་བགྲོ་གླེང་གི་འཕྲོ་སྐྱོང་ནས་བགྲོ་གླེང་པ་རྣམས་ཀྱིས་གཞུང་ལུགས་དང་རིག་གནས་རྒྱུན་ཤེས་དང་བཅས་པའི་སྐོར་ནས་བགྲོ་གླེང་དང་དྲི་བ་དྲི་ལན་སོགས་ནང་དོན་གཏིང་རིང་བ་གནད་ལ་ཁེལ་བ། ལུང་རིག་གི་རྒྱབ་ལྗོངས་ཆེ་བ། ཚིག་སྤུས་སྒྲོས་གཙང་གི་སྒོ་ནས་ལོ་འཁོར་རིག་གཞུང་ཆེན་མོ་ཐེངས་བདུན་པ་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས། ལོ་འཁོར་རིག་གཞུང་བགྲོ་གླེང་ཐེངས་བདུན་པའི་གོ་སྒྲིག་པ་དང་དཔྱད་འདེམས་པ་བགྲོ་གླེང་པ་ཡོངས་རིག་པའི་རྒྱ་མཚོ་འདུས་པའི་གླིང་དུ་མཉམ་པར་བསྒྲོན་པ་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གྱིས་མཐར་རྒྱན་ཏེ་ཉིན་བདུན་པའི་མཛད་སྒོ་མཇུག་ལེགས་པར་གྲུབ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།