༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 29
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་ཐོན་མཛད་སྒོའི་ཉིན་དྲུག་པ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-11-29] [རྩོམ་པ་པོ།:ཁྲི་རིག་མདའ།] [གཟིགས་ཐེངས:]

འཁྲུལ་རྟོག་བརྒྱད་ཁྲིའི་ཆུ་འཛིན་ཀུན་བྲལ་ཞིང་།།

རང་བཞིན་རྣམ་དག་མཁའ་ལས་མ་གཡོས་ཀྱང་།།

ཀུན་མཁྱེན་ཉི་ཟླའི་བཀོད་པ་ལྷུན་ལ་རྫོགས།།

སྟོན་མཆོག་བརྒྱ་པའི་མགོན་དེས་དགེ་ལེགས་སྩོལ།།


      ཅེས་ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་དེ།  གང་ཞིག་བཤད་པར་བྱ་བ་ནི་བླ་རི་གངས་དཀར་བརྗིད་ཀྱིས་འགྱིང་ཞིང་ཁ་འབབ་ཆུ་བོ་ཤང་ཤང་དུ་འབབ་པའི་ཡུལ།   སྟོད་ན་མངའ་རིས་སྐོར་གསུམ་བར་ན་དབུས་གཙང་རུ་བཞི།   སྨད་དུ་མདོ་ཁམས་སྒང་དྲུག་གི་ནང་ཚན་རྔུལ་རྫ་ཟལ་མོའི་སྒང་སྟོད།   ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡ་གྱལ། སུམ་གླང་གྱིམ་ཤོད་ཀྱི་མཐིལ། ཁྱུང་པོ་རིག་པ་འབྱུང་བའི་ལྟེ་གནས་ཏེ་ཤར་དུ་བོད་ཆེན་སྤེན་ནེ་རི་བཀྲ། བྱང་དུ་སྤུ་ཐོག་མཚོ་ཆེན་མཚོ་ཆུང་།  ནུབ་ཏུ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ། ལྷོ་རུ་རི་དམར་དབང་ལྷ་བཙན་རྒོད་ཀྱི་ཐད་སོ།  ཁྱུང་པོ་དཀར་ནག་སེར་གསུམ་གྱི་ནང་ཚན་རྒྱལ་ཁྱུང་དཀར་པོའི་གདན་ས།  ཉམས་དགའ་ལ་ཡིད་དུ་འོང་བ།  གནམ་ལ་འཁོར་ལོ་རྩིབས་བརྒྱད་ས་ལ་པད་མ་འདབ་བརྒྱད།  བར་ལ་རྒྱ་ཞིང་ཆུ་མ་ལ་གསེར་མདོག་སྙེ་མས་གང་བ་ལ།  རྫོགས་བྱང་གཉིས་ཀྱི་ཆུ་བོ་ལྷང་ལྷང་དུ་འབབ་པའི་དཀྱིལ།   ལུང་གིས་ཟིན་པའི་གནས་ཆེན་བྲག་དམར་རི་ཡི་འདུས་ཞོལ།    རྒྱལ་བསྟན་འཁོར་ལོ་གསུམ་གྱི་གདུགས་དཀར་བླ་ནས་བླ་རུ་འདེགས་ཤིང་།  ལྔ་ཟུང་རིག་པའི་མེ་ཏོག་ཕང་ཕུང་དུ་བཞད་པས་གཡུར་དུ་ཟ་བའི་འབྲས་བུ་བླ་ལྷག་ཏུ་སྨིན་པའི་སློབ་གླིང་། ཁྱུང་པོ་མི་རྗེ་བླ་དཔོན་གྱི་གདན་རབས་མུ་ཏིག་ཕྲེང་བས་ཞབས་ཀྱིས་བཅག་པའི་གདན་ས་ཁྱད་པར་ཅན།   ལྷག་པར་དུ་གདུལ་བྱའི་བསོད་ནམས་ཀྱི་ཞིང་ས་ལ་དུས་སུ་བབས་པའི་ཆར་པ།  ལུགས་གཉིས་ཀྱི་སྙིང་བཅུད་ལེགས་པར་བཤད་པའི་སྟོན་པ། ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག་པ། སྐུ་མི་འགྱུར་གསེར་གྱི་ལྷུན་པོ། གསུང་མི་ཟད་བོན་གྱི་འཁོར་ལོ། ཐུགས་དགོངས་ཟབ་མཁྱེན་བརྩེའི་བདག་ཉིད་ཅན། དགོན་འདིའི་བླ་རབས་ཉེར་བདུན་པ༧སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་ཚོགས་གཉིས་རྒྱ་མཚོ་ནོར་བུས་སེམས་དང་བསམ་པས་བསྐྱངས་པའི་གཤེན་གྱི་སྡེ་ཆེན་མོ་༧ཁྱུང་པོ་སྟེང་ཆེན་དགོན་ནམ་དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་འདི་རུ།  བགྲང་བྱ་ཧྲིལ་པོ་བཅུ་གསུམ་ཙམ་ལ་མདོ་སྔགས་རྫོགས་གསུམ་ལ་སློབ་སྦྱོང་གནང་བའི་དགེ་བའི་བཤེས་གཉེན་ཆེན་མོ་སྐབས་བདུན་པ་དང་། གཤེན་གྱི་སྒོམ་ཐོན་རྣལ་འབྱོར་པ་སྐབས་བཞི་པ། གཤེན་གྱི་སྒྲུབ་གྲྭའི་སློབ་ཐོན་སྐབས་བཅོ་བརྒྱད་པ་བཅས་ཀྱི་མཛད་སྒོ་སྤེལ་བ་ལ།

1606613616482079.jpg

1606613617640033.jpg

1606613617718077.jpg

1606613691596464.jpg

1606613732319880.jpg

1606613732722526.jpg

    སྤྱི་ཟླ་༡༡པའི་ཚེས་༢༨ཉིན་གྱི་སྔ་དྲོ་ཕྱག་ཚོད་༡༠•༠༠ཐོག་བསླབ་གསུམ་བསྟན་པའི་བདག་ཉིད་དགོན་འདིའི་བླ་རབས་ཉེར་བདུན་པ ༧ སྐྱབས་རྗེ་ཁྲི་འཛིན་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་དང་།  ༧ དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་རྒྱལ་མཚན། ༧ སྒྲུབ་གྲྭའི་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་དབུ་མགོན་དུ་བཞུགས་ཏེ། སྐབས་སུ་བབ་པའི་གཤེན་གྱི་བཀའ་རམས་པ་ཀོང་ཙེ་ཚང་དྲང་སྲོང་ཤེས་རབ་གཡུང་དྲུང་རིན་ཆེན། ཨ་ཁུ་དྲང་སྲོང་རང་རིག་དྲང་སྲོང་ཉི་མ། ཁྲོ་འདུར་ཚང་དྲང་སྲོང་ཀ་དག་གཡུང་དྲུང་དབང་ལྡན། བ་ཚ་དྲང་སྲོང་ལྷུན་གྲུབ་ཐེག་མཆོག་རྒྱལ་མཚན། ཚ་རོང་དྲང་སྲོང་མཉམ་ཉིད་ཤེས་རབ་ཕར་ཕྱིན། གཤེན་གྱི་བཀའ་རམས་པ་ཤ་རུས་དྲང་སྲོང་མི་འགྱུར་གཡུང་དྲུང་འོད་ཟེར། གེ་འདྲ་དྲང་སྲོང་བྱང་ཆུབ་ཡོན་ཏན་ཀུན་འབྱུང་། ཁེ་ལོ་ཚང་དྲང་སྲོང་ཚུལ་ཁྲིམས་བསྟན་པ་གོང་འཕེལ། རྒྱལ་མོ་ཚང་དྲང་སྲོང་བློ་གྲོས་ཤེས་རབ་འོད་ཟེར། ཚ་རོང་དྲང་སྲོང་ཀུན་བཟང་ཤེས་རབ་གཡུང་དྲུང་བཅས་ད་ལན་གྱི་བཀའ་རམས་པ་རྣམ་པ་བཅུ་བཀྲ་ཤིས་དམ་བཅར་བཞུགས་ཏེ་དགེ་བཤེས་དང་བཤད་གྲྭ་རྣམ་པས་བཀྲ་ཤིས་སྨོན་ལམ་གྱིས་མཐར་རྒྱན།

1606613899342341.jpg

1606613899718024.jpg

1606613899373358.jpg

1606613900913783.jpg

1606613900930619.jpg

1606613900524899.jpg

1606613901996354.jpg

1606613901852046.jpg

1606613901924874.jpg

1606613902418297.jpg

1606613902997836.jpg

1606613902122104.jpg

     ཕྱི་དྲོ་འཁོར་ཚོད་༡•༠༠པའི་ཐོག་ཚོགས་ཁང་དུ་དགོན་འདིའི ༧ ཁྲི་འཛིན་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་དང་ ༧ དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན།  ༧ སྒྲུབ་གྲྭའི་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ།  གཞན་ཡང་དགོན་འདིའི་བཤད་གྲྭའི་མཁན་པོ་བཤད་གྲྭའི་སློབ་དཔོན་གྲྭ་ཚང་མཁན་པོ་སྒོམ་གྲྭའི་མཁན་པོ་རྣམ་པ་བཅས་དགེ་འདུན་འདུས་པ་རྒྱ་མཚོ་བཞུགས་གྲལ་འཁོད་པ་ལྷན་དབུ་མཛད་ཆེན་མོས་བྱམས་མའི་སྔགས་བསྟོད་དང་སྐྱབས་མཆོག་དམ་པ་སོགས་ཇ་མཆོད་དབྱངས་ལ་བསྐྱོན་མཚམས་ཨ་ཁུ་དྲང་སྲོང་རང་རིག་དྲང་སྲོང་ཉི་མ། ཁྲོ་འདུར་ཚང་དྲང་སྲོང་ཀ་དག་གཡུང་དྲུང་དབང་ལྡན། ཚ་རོང་དྲང་སྲོང་མཉམ་ཉིད་ཤེས་རབ་ཕར་ཕྱིན། ཤ་རུས་དྲང་སྲོང་མི་འགྱུར་གཡུང་དྲུང་འོད་ཟེར་རྣམ་བཞིའི་བླ་མ་ཁྲི་གསོལ་གྱི་ཟབ་ཇ་དང་སྐུ་འགྱེད་གྱ་ནོམ་པར་ཕུལ་བ་དང་འབྲེལ་བཀའ་རབ་འབྱམས་པ་བཤེས་གཉེན་རྣམ་པ་བཅུས་བཀྲ་ཤིས་ཚིག་བཀྲ་གསོལ།  

1606614130950097.jpg

1606614130803100.jpg

1606614130902491.jpg

1606614130642473.jpg

1606614131970214.jpg

1606614131743068.jpg

1606614131716452.jpg

1606614132168133.jpg

1606614344308769.jpg

1606614346584687.jpg

1606614346535430.jpg

         དེ་མཚམས་ ༧ སྐྱབས་རྗེ་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕན་ཚོགས་ནས་སྐབས་སུ་བབ་པའི་བཀའ་རམས་པ་དང་སྒོམ་ཐོན་རྣལ་འབྱོར་པ་སྒྲུབ་ཐོན་རྣལ་འབྱོར་རྣམས་ལ་ཕྱག་ཁྱེར་དང་མགུལ་དར་བསྒྲོན། དེ་ནས་༧དཔོན་སློབ་རིན་པོ་ཆེ་དང་༧སྒྲུབ་གྲྭའི་མཁན་རིན་པོ་ཆེ་༧གྲྭ་ཚང་མཁན་རིན་པོ་ཆེ་བཅས་མགུལ་དར་དང་ལེགས་སྐྱེས་གནང་།

1606614483361172.jpg

1606614483191072.jpg

1606614483783944.jpg

1606614484237650.jpg

1606614484509613.jpg

1606614484156199.jpg

1606614484170010.jpg

1606614484809282.jpg

1606614484236741.jpg

1606698695765465.jpg

1606614485443395.jpg

1606614485371210.jpg

1606614485381616.jpg

1606614485328520.jpg

1606614485361745.jpg

1606614485660157.jpg

1606614486210028.jpg

1606614486124146.jpg

1606614486714099.jpg

1606614486637626.jpg

1606614486672687.jpg

1606614487939393.jpg

1606614904832411.jpg

1606614905199951.jpg

1606614487795524.jpg

1606614798740942.jpg

1606614798662606.jpg

     དེ་མཚམས་ཕྱག་ཚོད་༣•༣༠ཐོག་སྙན་པའི་རྒྱ་གླིང་གིས་སྒྲ་དང་ཞིམ་པའི་སྤོས་དྲིས་སྣ་དྲངས་ཏེ་༧བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་བཅུ་དང་༧གཤེན་གྱི་སྒོམ་ཐོན་རྣལ་འབྱོར་པ་དྲུག་༧གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་ལྔ་བཅས་སེར་ཕྲེང་སྒྲིག་སྟེ་བྲེལ་ཡང་མ་བྲེལ་དལ་ཡང་མ་དལ་བའི་ངང་ནས་ཤར་ཁང“རིག་པའི་རྒྱ་མཚོ་འདུས་པའི་གླིང”དུ་གདན་དྲངས། དེ་དང་འབྲེལ་དགོན་ཞབས་དད་ལྡན་ལྷ་སྡེ་རྣམ་པས་བླ་མ་ཁྲི་གསོལ་གྱི་བཀའ་རམས་པ་རྣམ་པ་བཞི་ལ་དྲི་མེད་ཁ་བཏགས་དཀར་པོའི་མདུན་བསུས་ནས་མན་ཌལ་སྐུ་གསུང་ཐུག་བཀྱགས། དེ་ནས་རིམ་བཞིན་བཤད་སྒྲུབ་སྒོམ་གསུམ་གྱི་གྲྭ་བཙུན་ཡོངས་དང་དད་ལྡན་ལྷ་སྡེ་རྣམས་ཀྱིས་མཇལ་ཁ་རྒྱས་པར་ཞུས་ནས་ཉིན་དྲུག་པའི་མཛད་སྒོ་མཇུག་ལེགས་པར་གྲུབ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།