༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 10 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་གསང་སྔགས་འཛིན་གྲྭས་སྔོན་འགྲོ་བསགས་སྦྱོང་བྱས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-08-02] [རྩོམ་པ་པོ།:འོལ་བ།] [གཟིགས་ཐེངས:]

1596379639696864.jpg

     ལོ་འདིར་ཁྱུང་པོ་སྟེང་ཆེན་དགོན་གྱི་གསང་སྔགས་འཛིན་གྲྭས་སྤྱི་ཟླ7པའི་ཚེས2ནས་སྤྱི་ཟླ8པའི་ཚེས1བར་འདི་གའི་སྒྲུབ་མཆོད་དང་དབྱར་གནང་སྐབས་དང་བསྟུན་ཏེ་སྔོན་འགྲོ་བསགས་སྦྱོང་གི་གོ་རིམས་ལ་ཞུགས་བྱས།  སྤྱིར་ན་རང་གཞན་ཐར་བའི་དོན་དང་།  ཁྱད་པར་དུ་ངེད་འཛིན་གྲྭའི་ལོ་རྗེས་མའི་ཐོས་བསམ་བྱ་རྒྱུའི“རྫོགས་པ་ཆེན་པོའིརྟེན་གྱི་ཚུལ་དུའང་འགྲོ་འོས།  ཟླ་བ་གཅིག་ལས་མ་འདས་པའི་ཡུན་ཐུང་འདིར།  ཨ་ཁྲིད་སྔོན་འགྲོའི་བོན་སྤྱོད་སྒོམ་རིམ་དང་རྒྱུན་འདོན་སོགས་ཉིན་རེར་ཆ་ཚང་རེ་བསྐྱངས་པ་དང་།  ཕྱི་ལུས་ནང་སེམས་ཀྱི་དགེ་བ་སྟེ་འབུམ་དགུའི་ནང་ཚན།  ཕྱག་དང་།  སྐྱབས་འགྲོ།  མཎྜལ་གསུམ་པོ་སྔ་ལངས་འཕྱི་ཉལ་གྱི་འབད་པ་བྱས་ཏེ།  ཟླ་བ་འདིར་འབུམ་གྱི་གྲངས་ཚད་ངེས་ཅན་རེ་ཕུལ་བའོ།།  གཞན་ཡང་ཟླ་བ་འདི་ཕྱིན་རྗེས་ཡང་སྔར་ལྟར་འཆད་རྩོད་རྩོམ་གསུམ་གྱི་སློབ་སྦྱོང་སོགས་བྱ་དགོས་ཤིང་།  འབུམ་དགུའི་བསོག་བྱ་སྙིང་པོ་རྣམ་གསུམ་དང་ཡིག་བརྒྱ་སོགས་རང་རང་གིས་འགྲོ་ཞོར་འདུག་ཞོར་དུ་ཆོག་པས་ཁོམ་དུས་ལྕོགས་དུས་སུ་བསྟུན་ངེས་སོ།།  འོལ་བ་ནས།

1596379757371086.jpg

1596379875848334.jpg

གསང་སྔགས་འཛིན་གྲྭའི་སྔོན་འགྲོ་བསགས་སྦྱོང་སྐབས་ཕྱག་འཚལ་བའི་རྣམ་པ།

1596379942496745.jpg

1596379967829717.jpg

གསང་སྔགས་འཛིན་གྲྭའི་སྔོན་འགྲོ་བསགས་སྦྱོང་སྐབས་མཎྜལ་ཕུལ་བའི་རྣམ་པ།

1596380007893366.jpg

གསང་སྔགས་འཛིན་གྲྭའི་སྔོན་འགྲོ་བསགས་སྦྱོང་སྐབས་ཀྱི་དུས་ཚོད་རེའུ་མིག



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།