༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 10 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་དུ་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-08-01] [རྩོམ་པ་པོ།:ཁྲི་རིག་པའི་མདའ།] [གཟིགས་ཐེངས:]

1596248214786418.jpg


ཡང་དག་ཁྲི་གཙུག་རྒྱལ་ལ་ཕྱག་འཚལ་ལོ།།

       ལོ་ལྟར་དུ་ཁྱུང་པོ་སྟེང་ཆེན་དགོན་མཐོ་རིམ་ལྔ་རིག་བཤད་སྒྲུབ་སྒོམ་གསུམ་གྱིས་རྒྱལ་བ་གཤེན་གྱི་དཀའ་ཐུབ་ཟབ་མོའི་འདུལ་ཆོག་བདུན་འཁོར་གཅིག་ལ་འཚོགས་ཀྱིན་ཡོད་པ་དང་།   ད་ལོ་ཡང་དེ་བཞིན་བདུན་འཁོར་ཧྲིལ་པོ་གཅིག་ལ་འཚོགས་པ་དང་།  འཚོགས་པའི་ཚེ་ནའང་སྤྲུལ་པའི་སྐུ་མཆོག་དེ་ཉིད་རང་བྱུང་མཆོད་རྟེན་རྣམ་བཞི་དང་།  དྲང་སྲོང་ལེགས་ལྡན་རྒྱལ་བའི་མདུན་དྲུང་དུ་རབ་ཏུ་བྱུང་བར་མཛད་དེ།


1596248644529731.jpg

1596248920188945.jpg


        བསླབ་གསུམ་ཡོངས་སུ་རྫོགས་པར་དགོངས་ནས་དཀའ་བ་རྣམ་པ་གསུམ“དེ་ཡང་དགེ་སྤྱོད་ལས།  སུམ་ཅུ་རྩ་གསུམ་གནས་སུ།  ངང་པའི་རྒྱལ་པོ་ཆུ་འབྱེད་དང་ཐབས་ཅིག་ཏུ།  ཆུ་ལ་འོ་མ་འབྱེད་པ་ཐིགས་རེ་དང་།  འབྲས་ས་ལུ་ཉག་མ་རེ་གསོལ་ནས་བྱའི་དཀའ་ཐུབ་ལོ་གཅིག་མཛད།  དེ་ནས་རྒྱ་ཆེན་རིགས་བཞིའི་གནས་སུ།  སྤྲེའུའི་རྒྱལ་པོ་ཧ་ནུ་མན་དྷ་དང་ཐབས་ཅིག་ཏུ།  ཤིང་ཏོག་གི་འབྲུ་མ་རེ་དང་།  ཤིང་ལོའི་སྟེང་དུ་ཁ་བ་ཆགས་པའི་ཆུ་ཐིགས་པ་རེ་གསོལ་ནས།  སྤྲེའུའི་དཀའ་ཐུབ་ལོ་གཅིག་མཛད།  དེ་ནས་འོལ་མོ་ལུང་རིང་གི་བྱང་ནུབ་ཟད་མཚམས་མེ་ཏོག་གི་གླིང་ལ།  མཁའ་ལྡིང་གི་རྒྱལ་པོ་ཤང་ཤང་དང་ཐབས་ཅིག་ཏུ།  ཆུ་སིང་གའི་ཐིགས་པ་རེ་དང་།  རྩྭ་ཨུ་མེར་གྱི་མཆོག་མ་རེ་གསོལ་ནས་མིའི་དཀའ་ཐུབ་ལོ་གཅིག་མཛད་དོ།”མཐར་ཕྱིན་པ་གནང་བའི་ཚུལ་ལ་སྒོ་གསུམ་དད་པ་དང་གུས་པ་ཆེན་པོས་སྒོ་ནས། 


1596248792168424.jpg


            མགོན་པོ་གང་ཉིད་རྗེས་སུ་དྲན་པ།  དེའི་རྗེས་སུ་བསླབ་པ།  དེའི་རྗེས་སུ་འཇུག་པ།  དེའི་མཛད་སྤྱོད་ལ་ལད་ཟློས་བྱས་ཏེ།  ཉིན་རེ་བཞིན་གསོ་སྦྱོང་།  སྐབས་སུ་བབས་པའི་འདུལ་ཆོག་དག་སྒྲོག  འདུལ་བའི་དཔེ་ལྟ།  འདུལ་བའི་དཔེ་སྦྱོང་།  འདུལ་བའི་དཔེ་ཁྲིད།  རྩོད་སྦྱོང་སོགས་མདོར་ན་མ་དག་པའི་སྤྱོད་པ་དོར།  མཐུན་ཕྱོགས་ཀུན་རང་རྒྱུད་ལ་སྦྱར་ཅི་ཐུབ་བྱས་པ་དང་།  ཡང་དེ་ཡི་ཚེ་དེའི་དུས་ན།  སྤྲུལ་པའི་སྐུ་མཆོག་གང་ཉིད་མཆོད་རྟེན་རྣམ་དག་དཀར་པོ་ལ་ཞབས་སྐོར་ལན་གསུམ་ཕེབས་པ་ལྟར།  སྤོས་མེ་མདའ་དར་གྱིས་སྣ་དྲངས་ཏེ་དགོན་འདིའི་མཁན་སློབ་རྣམ་པ་དང་།  བཤད་སྒྲུབ་སྒོམ་གསུམ་གྱི་བཙན་ཁྱུ་རྣམས།  བྱ་ངང་པའི་འགྲོས་ལྟར་དལ་ཡང་མ་དལ།  བྲེལ་ཡང་མ་བྲེལ།  དལ་འགྲོས་ལྡེམ་པའི་སྒོ་ནས།  གསས་ཁང་ཕུན་ཚོགས་འབྱོར་རྒྱས་ཁང་གཡས་སྐོར་ལན་གསུམ་བརྒྱབས་པ་བཅས་ཀྱི་སྒོ་ནས་དཀའ་ཐུབ་ལེའུ་མཇུག་གྲུབ་པའོ་ཞེས་ཁྲི་རིག་པའི་མདས་བསྡུས། 


1596248948922055.jpg

1596248967940176.jpg



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།