༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 10 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
དཔེ་དེབ་འགྲེམ་བརྡ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-07-31] [རྩོམ་པ་པོ།:འགན་འཛིན་ཚན་ཆུང་།] [གཟིགས་ཐེངས:]

1596166160298873.jpg 

    ངེས་པ་དོན་གྱི་མཁས་བཙུན་བཟང་གསུམ་འཛོམས་པའི་བླ་མ་འཆི་མེད་གཡུང་དྲུང་ངམ་གཙུག་སྲས་ཡང་རྒྱལ་མཆོག་གིས་གཙོ་འཛིན་ཐོག་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་གྲྭ་དྲུག་གིས་ལོ་རྒྱུས་ཀྱི་ཆུ་ཕྲན་དེད་ནས་ད་ལན་ཁྱུང་པོ་སྟེང་ཆེནཞེས་གྲགས་པའི་ཡུལ་འདིར་བྱོན་པའི་ཁྱུང་པོའི་རིགས་རྒྱུད་ཀྱི་བྱུང་རབས། ཁྱུང་པོ་སྟེང་ཆེན་དགོན་པའི་ལོ་རྒྱུས། ཡུལ་འདིའི་སྐྱེས་ཆེན་སྤྲུལ་སྐུ་བློ་ལྡན་སྙིང་པོ་མཆོག་གི་རྣམ་ཐར་ལོ་རྒྱུས་བཅས་སྡེ་ཚན་གསུམ་གྱིས་གྲུབ་པའི་ལོ་རྒྱུས་ཀྱི་དཔེ་དེབ་«ཁྱུང་པོ་སྟེང་ཆེན་དགོན»་ཞེས་པ་འདི་དངོས་སུ་གཟིགས་མོ་བའི་ཕྱོགས་སུ་འགྲེམ་རྒྱུ་རེད་འདུག་པས། ལོ་རྒྱུས་ལ་མོས་པ་དང་ལྷག་པར་«ཁྱུང་པོའི་ལོ་རྒྱུས»ལ་མོས་པ་ཡོད་མཁན་དག་གིས་དེ་ལུགས་སུ་ཐུགས་བཞེས་མཛོད་དང་ཁྱེད་ལ་དགོས་པའི་ཤེས་བྱ་དེ་དེབ་འདིའི་སྟེང་དུ་ཡོད་ངེས་ཡིན།

གཤམ་དུ་ལོ་རྒྱུས་དཔེ་དེབ་འདི་ཡི་ངོ་སྤྲོད་ཡོད།

1596166212584067.jpg

སྔོན་གླེང་།

     ལོ་རྒྱུས་ཀྱི་དཔེ་དེབ་འདི་ཡི་ངོ་སྤྲོད་མདོ་ཙམ་ཞིག་བཤད་པར་བྱ་སྟེ། དེ་ཡང་མི་རྗེ་ཁྱུང་དཀར་རྒྱལ་པོའི་སྲིད་ཀྱི་ཁྲི་རབས་དང་། དེ་ཡི་མ་དགོན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་ངམ་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་མའི་གདན་རབས། ཁྱད་དམིགས་དགོན་འདི་ཡི་བླ་རབས་བཅུ་བདུན་པ་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་རྣམ་ཐར་བཅས་སྡེ་ཚན་ཁག་གསུམ་གྱིས་གྲུབ་པ་ཞིག་ཡིན། སྡེ་ཚན་གསུམ་པོ་སོ་སོར་མཚམས་སྦྱོར་ཞུ་ཁར་འདི་གསུམ་གྱི་གནས་གཞི་ཆགས་སའི་ཡུལ་གྲུ་འདི་རོབ་ཙམ་ཞིག་གླེང་བར་བྱས་ན། ཡུལ་གྲུ་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་སྟོད་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་སུམ་པ་རྒྱལ་པོའི་ལྟེ་བའི་མངའ་ཁོངས་ཤིག་ཡིན་ལ། དགོན་འདི་ཡི་རྒྱབ་རིའི་དབུ་རྩེར་གནའ་བོའི་སུམ་པ་རྒྱལ་པོའི་རྫོང་མཁར་གྱི་གནའ་ཤུལ་ད་ལྟ་མཐོང་དུ་ཡོད་པ་མ་ཟད། དེ་ཉིད་འབུམ་རམས་པ་དགེ་ལེགས་ཡུལ་དངོས་རྟོག་ཞིབ་བསྐྱོད་ནས་དེ་ཡི་སྐོར་ཡི་གེར་བྲིས་པ་ད་ལྟ་百度བརྒྱ་འདུ་དྲ་བའི་ནང་འཚོལ་རྒྱུ་ཡོད། བར་དུ་ཞང་ཞུང་གི་བསྟན་སྲིད་རབ་ཏུ་རྒྱས་པའི་སྐབས་སུ་ཞང་ཞུང་ལ་སྒོ་ཕུགས་བར་གསུམ་གྱི་རིགས་དབྱེ་དགར་བའི་ནང་ཚན་ཞང་ཞུང་སྒོ་པའི་ལྟེ་བ་ཤེལ་ལེ་རྒྱ་སྐར་གྱི་མདུན་སུམ་པ་གླང་གི་གྱིམ་ཤོད་ཀྱི་དཀྱིལ་དུ་གནས་པ་ཞིག་ཡིན། སྨད་སྤུ་རྒྱལ་བཙན་པོའི་མཐའ་བཞི་མངའ་དབང་སྒྱུར་བའི་དུས་སུ་སུམ་པ་རུ་ཡི་ཁོངས་གཏོགས་སམ་ཞང་ཞུང་གི་སྡེ་སྨད་དུ་གཏོགས་པ་ཞིག་སྟེ་སྐབས་དེ་ཙམ་ནས་ཞང་ཞུང་སྒོ་པ་དང་སུམ་པ་གླང་གི་གྱིམ་ཤོད་ཅེས་པའི་མིང་བརྡ་གཉིས་མཉམ་སྦྱོར་བྱས་ནས་བྱུང་བའི་ཡུལ་དེའོ།། 

     གཞན་ཡང་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་ཕྱེས་ཚེ་སྒང་དྲུག་རི་ཡི་ཡ་གྱལ་རྔུལ་རྫ་ཟལ་མོའི་སྒང་རྒྱུད་དུ་གཏོགས། ཤོད་ཆེན་བཅོ་བརྒྱད་དུ་བགྲངས་ན་སུམ་པ་གླང་གི་གྱིམ་ཤོད་ཀྱི་ལྟེ་བའི་ཁྱབ་ཁོངས་སུ་གནས། ཁྱུང་དཀར་ནག་གསེར་གསུམ་དུ་གླེང་དུས་ཁྱུང་དཀར་དབུས་ཀྱི་གནས་གཞི་བཅས་སོ།། 

     ད་ལྟའི་སྲིད་འཛིན་ས་ཡི་ཁྱབ་ཁོངས་ལྟར་ན་བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་སྟེང་ཆེན་གྲོང་བརྡལ་གྱི་མངའ་ཁོངས་ཏེ། སྟེང་ཆེན་རྫོང་ནས་སྤྱི་ལེ་གསུམ་ཙམ་གྱི་ས་ཁོངས་སུ་ཡོད།

     དེ་ཡང་ལེའུ་དང་པོ་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་ལོ་རྒྱུས་རགས་བསྡུས་སྣང་གསལ་མེ་ལོངའདི་ནི་དགོན་འདིའི་ད་ལྟའི་ཁྲི་འཛིན་བླ་རབས་ཉེར་བདུན་པ་༧ སྐྱབས་རྗེ་བླ་མ་ཚོགས་གཉིས་རྒྱ་མཚོ་ནོར་བུས་མཛད་པའིཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་ལོ་རྒྱུས་དཀར་གསལ་དུང་གི་ཟླ་བལས་བྱུང་བའི་གདན་སའི་བླ་རབས་ཀྱི་མཚན་གྲངས་རྣམས་གཞིར་བྱས། ཁྱུང་རབས་ཁག་མི་འདྲ་ལས་ཁྱུང་པོ་སྟེང་ཆེན་དགོན་གྱི་ལོ་རྒྱུས་ཆེས་ཁ་གསལ་ཅན་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའིཁྱུང་རབས་རྒོད་ཚང་མའི་ལོ་རྒྱུསདང་། ཁྱུང་དཀར་ལྷ་ཐོག་རྒྱལ་གྱིས་མཛད་པའི་དབྲ་དཀར་ཁྱུང་པོའི་གདུང་རབས་བྱོན་ཚུལ་རྣམ་དག་ཤེལ་འཕྲེངདེ་བཞིན་ཁྱུང་པོའི་ལོ་རྒྱུས་ཤིན་ཏུ་ཁ་གསལ་བའི་དཔེ་དཀོན་ཅན་རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་དཀར་ཆབ་ཆེན་མོསོགས་ལ་གཙོ་བོར་གཞི་བཅོལ་ནས་བྲིས་ཡོད་ལ།  ད་དུང་དཔྱད་གཞིའི་གཙོ་གནད་ཡིག་ཆ་འགའ་འོག་ཁྱུང་དཀར་དཔོན་རབས་ཀྱི་ལོ་རྒྱུས་ངོ་སྤྲོད་སྐབས་སུ་བགྲངས་པ་དང་མཐུན། དགོན་འདི་ནི་བོད་ས་བྱི་ལོ་སྟེ་སྤྱི་ལོ་༡༠༦༡ལོར་རྒྱ་ཚ་སྤུན་དྲུག་གི་ནང་ཚན་ཁྱུང་དབུས་བླ་མ་ཤེས་རབ་རྒྱལ་མཚན་གྱིས་དཔལ་འབྱོར་སྟེང་ངམ་སྟེང་ཆེན་ཁ་རུ་ཕྱག་བཏབ།  དེ་ནས་ཁྱུང་དཀར་བླ་དཔོན་རྣམས་ཀྱིས་གདན་ས་རིམ་པར་འཛིན། གདན་ས་འདི་ཡི་སྨད་དུ་སྤྱི་ལོ་༡༠༡༢ལོར་ཐ་ཡུད་ཝེར་ཞི་ཡིས་ཀུན་ཁྱབ་གླིང་ཞེས་པ་ཕྱག་བཏབ་ཅིང་དེ་ཉིད་དོ་འཕགས་ཚང་གི་བླ་རབས་རྣམས་ཀྱིས་གདན་ས་རིམ་པར་བསྐྱངས།

      བོད་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་སྟེ་སྤྱི་ལོ་ ༡༨༦༢ ལོར་ཁྱུང་དཀར་རྒྱལ་པོ་མི་དབང་ཉི་མ་རྡོ་རྗེའི་སྲས། བོན་གྱི་གྲྭ་ས་གཡུང་དྲུང་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་སྐྱང་སྤྲུལ་ཚེ་དབང་བསྟན་རྒྱལ་དང་། མཁས་གྲུབ་གཉིས་ལྡན་གྱི་སེམས་དཔའ་དོ་འཕགས་བདུད་འདུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་གྲགས་ཟུང་གིས་སྟོད་ཀྱི་ཁྱུང་དཀར་བསྟན་རྒྱས་གླིང་དང་། སྨད་ཀྱི་ཀུན་ཁྱབ་གླིང་དེ་བཞིན་ཉེ་སྐོར་གྱི་དགོན་ཁག་འགའ་མཉམ་གཅིག་ཏུ་བྱས་ནས་བྲག་དམར་མེ་རི་རྫོང་ཆེན་གྱི་མདུན་ཞོལ་གསང་གསུམ་གཏེར་གྱི་སྒྲོམ་བུ་ཁར་དགོན་གནས་སྤོས་ཏེ་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་རྒྱལ་ཆེར་སྤེལ། 

     དེ་ནས་རིག་གསར་གྱི་རྗེས་༧ སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རང་ཡུལ་དུ་སྤྱི་ལོ་༡༩༨༦ལོར་ཆིབས་སྒྱུར་གནང་སྐབས་རྗེ་མཆོག་གི་ཕ་དགོན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་ཉམས་གསོ་མ་ཐུབ་པར་ཐུགས་ཕམ་དང་བཅས། མཆོག་གིས་འདྲེན་མཆོག་ཤེས་རབ་དགེ་ལེགས་རིན་པོ་ཆེ་ཁྱུང་པོ་སྟེང་ཆེན་དགོན་གྱི་གདན་སའི་ཁྲི་ལ་མངའ་གསོལ་ཏེ་དགོན་གནས་ཉམས་གསོ་གནང་། 

ད་ལྟ་བླ་རབས་ཉེར་བདུན་པ་སྐྱབས་རྗེ་ཚོགས་གཉིས་རྒྱ་མཚོ་ནོར་བུའམ་འོད་ཟེར་སྦྱིན་པ་ཕུན་ཚོགས་ཀྱིས་བསྟན་འགྲོ་སྤྱི་ཡི་དོན་དུ་མཛད་འཕྲིན་སྐྱོང་བཞིན་པ་བཅས་ཀྱི་བར་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་བདུན་བྱོན་པ་རྣམས་ཀྱི་མཛད་རྣམ་རེ་གནད་བསྡུས་བྱས་ཏེ་འདིར་བྲིས་ཡོད་པ་བཅས་སོ།།

     ༢

     ལེའུ་གཉིས་པ་ཁྱུང་དཀར་དཔོན་རབས་རྣམས་ཀྱི་ལོ་རྒྱུས་མདོར་བསྡུསཞེས་པ་འདིའི་ནང་ཁྱུང་པོའི་རུས་རྒྱུད་ཐོག་མ་གང་དུ་བྱུང་བ་དང་། བར་དུ་གང་ཞིག་ཏུ་དར་འཕེལ་ཕྱིན་པ། ཆེད་དོན་སུམ་པ་གླང་གི་གྱིམ་ཤོད་ཀྱི་ཡུལ་དུ་དུས་ནམ་ཞིག་ལ་ཆིབས་སྒྱུར་གནང་ཞིང་། སྲིད་དབང་ཤུགས་ཀྱིས་མདོ་ཁམས་སྨད་ཀྱི་ས་ཡི་རྒྱ་ཁྱོན་ཇི་ཙམ་ཞིག་ལ་དབང་སྒྱུར་བྱས་པ་བཅས་ཏེ། དུས་རབས་བཅུ་གཅིག་པའི་ནང་དུ་བྱོན་པའི་རྒྱ་ཚ་སྤུན་དྲུག་གི་ཡབ་ཆེན་ཁྱུང་པོ་སྟོན་ཐར་ནས་བཟུང་། ཁྱུང་དཀར་གྱི་དཔོན་རབས་ཧོར་སྲས་ནམ་མཁའི་སྟོབས་རྒྱལ་(1940–1994)གྱི་བར་དཔོན་རབས་ཞེ་གསུམ་ཙམ་གྱི་ལོ་རྒྱུས་གནད་བསྡུས་རེ་དཔྱད་གཞིའི་ཡིག་ཆ་དང་རྒན་རབས་ཀྱི་ངག་སྒྲོས་གང་གསལ་བཀོད་ཡོད་ཅིང་། ད་ཕན་ཁྱུང་དཀར་གྱི་དཔོན་རབས་ཕྱོགས་གཅིག་ཏུ་བསྒྲིགས་པ་རྒྱས་ཤོས་དང་ཁ་གསལ་ལ་ཁུངས་བཙུན་ཤོས་ཡིན་ཞེས་བཤད་ན་ཆོག་པ་ཡིན། 

     དེ་ཡང་དཔྱད་གཞིའི་ཡིག་ཆ་གཙོ་བོ་ནི་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའིཁྱུང་རབས་རྒོད་ཚང་མའི་ལོ་རྒྱུས་དང་། ཁྱུང་གི་རྒྱལ་པོ་གཡུ་ཁྲིས་གནས་ཆེན་བོན་རིའི་མདུན་ཞོལ་དུ་མཛད་པའིཁྱུང་རབས་མ་ཡིག་གཡུ་མགོ་མཁྱུང་དཀར་ལྷ་ཐོག་རྒྱལ་གྱིས་མཛད་པའིཁྱུང་རབས་རྣམ་དག་ཤེལ་འཕྲེང》《ཁྱུང་རབས་གོ་སྔོན་མ་ཡི་བསྡུས་དོན》《རྗེ་རྒྱལ་དབྲ་ཁྱུང་དཀར་པོའི་གདུང་རབས་འཁྲུངས་ཚུལ་ལེགས་བཤད་འཕྲེང་བའི་ཁྱུང་རབསབསླད་བཅོས་ཅུང་ཟད་བྱུང་བའིཁྱུང་རབས་གསེར་སྒོམ་མ》《རྒྱལ་ཁྱུང་དཀར་པོའི་གདུང་རབསཁྱུང་པོའི་གདུང་རབས་ཤིན་ཏུ་ཞིབ་པར་འཁོད་པའི་དཔེ་དཀོན་ཅནརྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོསྤྲུལ་སྐུ་བློ་ལྡན་སྙིང་པོས་མཛད་པར་གྲགས་པའི་ཁྱུང་པོ་སྟེང་ཆེན་དགོན་གྱི་གདན་སའི་བླ་མ་རྣམས་ཀྱི་བསྟོད་པཁྱུང་བསྟོད་ནོར་བུའི་དཔལ་ཕྲེངསེ་དོར་གསང་སྔགས་གླིང་པའིཕུར་པའི་མཇུག་བྱངཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་གསུམ་པ་བདུད་འདུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་གྲགས་ཀྱིབཀའ་བརྟེན་དཀར་ཆགཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རང་རྣམམེ་སྟོན་ཉི་མ་རྒྱལ་མཚན་གྱིརང་རྣམསོགས་ཡིན་ལ། ད་དུང་དེ་མཚུངས་དཔྱད་གཞི་དུ་མ་ཞིག་འདིར་རེ་རེ་བཞིན་འགོད་མ་ཐུབ་པས་རྩོམ་གཞུང་དངོས་ཀྱི་ནང་དུ་གཟིགས་པར་ཞུ།

     ལེའུ་གསུམ་པ་མགུར་འབུམ་ལས་བཏུས་པའི་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་མཛད་རྣམཞེས་པ་འདིའི་དཔྱད་གཞིའི་ཁུངས་གཙོ་བོ་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོ་ཉིད་ཀྱིས་མཛད་པའིམགུར་འབུམཞེས་པ་པོད་ཆེན་ལག་ཡས་ཁྱོག་ཙམ་དེ་ཡིན་ཞིང་། ནང་གསེས་ལེའུ་ལས། དང་པོ་དབང་ལུང་མན་ངག་ཐོབ་ཚུལ་དང་། བར་དུ་སྙན་དུ་རྒྱུད་ཚུལ། ཐ་མ་བཀའ་རྒྱ་བཀྲོལ་ཚུལ་ཞེས་པའི་ལེའུ་ཚན་གསུམ་གྱིས་མཛད་རྣམ་སྤྱི་སྒྲོམ་ཙམ་གོ་ཐུབ་པ་དང་། མགུར་རམ་ཉམས་སྣང་ལུང་བསྟན་གཞན་རྣམས་ཀྱི་ཚིག་དོན་བབ་ལ་བསྟུན་ནས་བཞུགས་གནས་དང་དགུང་གྲངས་སོགས་གང་ཁེལ་གྱི་བསམ་གཞིགས་ཅུང་ཙམ་རེ་བགྱིས་པ་དང་།

     གཞན་ཡང་འགྲུ་བཙུན་ཤེས་རབ་འོད་ཟེར་གྱིས་མཛད་པར་གྲགས་པའིསྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་གསོལ་འདེབསདང་། གསང་གསུམ་བསྟན་པའི་བདག་ཉིད་ཡོངས་འཛིན་སྨྲ་བའི་དབང་པོས་མཛད་པའི་རྣམ་ཐར་ངག་སྒྲོསསོགས་ལའང་དཔྱད་གཞི་བྱས་ཡོད། 

     སྤྱིར་ཁྱུང་པོའི་ཡུལ་དུ་སྤྲུལ་པའི་སྐུ་མཆོག་ཁོང་གི་མཛད་རྣམ་ངག་སྒྲོས་མང་པོ་ཞིག་བཤད་རྒྱུ་ཡོད་ཀྱང་།  ལུང་ཚན་རེར་བཤད་ཚུལ་སྣ་ཁ་མི་འདྲ་བ་དུ་མ་ཞིག་ཡོད་སྟབས། འདི་གར་ཆེད་དམིགས་སུ་ཁུངས་བཙུན་པའི་དཔྱད་གཞིའི་ཡིག་ཆ་དང་། ཡིད་ཆེས་འཕེར་བའི་ངག་སྒྲོས་སོགས་གཙོ་གནད་བྱ་རྒྱུའི་ཀུན་སློང་བཟུང་སྟེ་བྲིས་པའང་ཡིན། 

     གོང་བཤད་གསུམ་ནི་སྤྱི་ཡི་ཆ་ནས་དགོན་འདི་ཡི་ལོ་རྒྱུས་བསྡུ་སྒྲིག་ཚོགས་པའི་གོ་སྒྲིག་འོག་ལོ་ཟླ་དུ་མའི་ནང་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་དང་། དཔེ་ཆ་མི་འདྲ་བ་རྣམས་དཔྱད་བསྡུར། ཡུལ་དངོས་འཚོལ་ཞིབ། ངག་སྒྲོས་ཟིན་ཐོར་བཏབ་པ་སོགས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་འབད་པར་སྤྲོ་བའི་བརྩོན་འགྲུས་ཀྱི་སྦྱོར་བ་གང་འཚམ་བྱས་ཏེ་གྲུབ་པ་ཞིག་ཡིན་པས། འདིས་ནི་སྤྱིར་ཞང་ཞུང་རིག་གནས་ཀྱི་འཕེལ་འགྲོས་དང་ལྷག་དོན་ལོ་རྒྱུས་ཐོག་གི་ཁྱུང་པོའི་རིག་གནས་དང་དེར་འབྲེལ་བྱུང་རབས་ཀྱི་བཞིན་རས་གཙང་མ་ཞིག་ཕྱི་རབས་གཞོན་སྐྱེས་ཚོའི་འདྲེན་བྱེད་ལམ་དུ་མངོན་ཐུབ་པའི་བསྔོ་སྨོན་དང་བཅས་ཏེ།  རྒྱལ་བའི་བཀའ་དང་བཀའ་བརྟེན་རིག་གནས་བཅས་ཀྱི་གསུང་རབ་གྲམ་པ་སྤུངས་པའི་དཔེ་མཛོད་བཀའ་འབུམ་རབ་རྒྱས་ཁང་དུ་ཡར་འགག་བཙུན་པ་དགེ་ལེགས་དཔལ་ལྡན་གྱིས་མཇུག་རྫོགས་པར་བྲིས།

འབྱུང་ལྡན  ༣༠༡  བོད་ས་ཕག་ལོའི་ཟླ་ཚེས་བཟང་པོར་བྲིས། 

1596166358133006.jpg

ས་གནས་དང་འབྲེལ་ཡུལ།

ནག་ཆུ། རྒན་བསྟན་པ་བཀྲ་ཤིས། ཞལ་པར། 188 8905 2888

  སྟེང་ཆེན་རྫོང་། མཐར་ཕྱིན་བཟང་མོ། ཁ་པར། 136 5955 2287

 སྟེང་ཆེན་དགོན། ཤེས་རབ་བྱམས་མ། ཁ་པར། 189 8995 9734

ས་གནས་གཞན་པར་སྐུར་དགོས་ན། 

     ལྷ་ལྡོང་སེམས་དཔའ།  ཁ་པར། 18048589444



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།