༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 10 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཚད་མའི་རིགས་སྒྲ་ཆེན་མོ་སྐབས་བཅུ་གཅིག་པ་འཚོགས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2020-07-01] [རྩོམ་པ་པོ།:འགན་འཛིན་ཚོགས་ཆུང་།] [གཟིགས་ཐེངས:]

《ཁྱུང་པོ་སྟེང་ཆེན་དགོན་མཐོ་རིམ་ལྔ་རིག་བཤད་སྒྲུབ་སློབ་གླིང་གི་ཚད་མའི་རིགས་སྒྲ་ཆེན་མོ་སྐབས་བཅུ་གཅིག་པ་འཚོགས་པ།》

1593682537561018.jpg


    ངུར་སྨྲིག་གཤེན་སྡེ་ཆེན་མོའི་སྒར་ས་བཟུང་པའི་སློབ་གླིང་འདིར་ལོ་ལྟར་དུ་བདུན་ཕྲག་གཉིས་རིང་བཤད་གྲྭའི་སློབ་གཉེར་བ་ཚོས་བོན་ལུགས་མདོ་སྔགས་རིག་གཞུང་གི་གནད་དོན་རྟོགས་ཤིང་མ་རྟོག་ལོག་རྟོག་དྲི་མས་གོས་པ་རྣམས་ཚར་གཅོད་ཅིང་རང་གཞུང་བཟང་པོ་ཁོང་དུ་ཆུད་ནས་གྲུབ་མཐའ་རྗེས་སུ་འཛིན་པའི་ཆེད་དུ་ཚད་མའི་རིགས་སྒྲ་འཚོགས་བཞིན་ཡོད་ལ། 

1593682579211033.jpg

1593682607278830.jpg

1593682633395849.jpg

ད་ལོར་2020/6/17ནས་2020/7/1བར་ཚད་མའི་རིགས་སྒྲ་ཆེན་མོ་འཚོགས་པ་དང་།           སྦྱང་བྱའི་ཚད་མ་ནི་གཡས་རུའི་སྟོན་པ་བརྒྱད་པ༧འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའིཚད་མའི་སྙིང་པ་ོདེ་ཁོ་ན་ཉིད་ཀུན་ལས་བཏུས་པའི་རིག་པའི་གཏེར་མཛོདཅེས་པའི་ནང་ནས་ལེའུ་ལྔ་པ་རྗེས་དཔག་བསྟན་པའི་སྐོར་ནས་མཁས་པ་སྔ་རབས་དང་ཕྱི་རབས་ཀྱི་བཞེད་སྟངས་མི་འདྲ་བ། ཚིག་ལ་གོ་དཀའ་བ། ཁས་ལེན་གྱི་ཟིན་མཚམས་དཀའ་བ། དོན་གྱི་གནད་དཀྲོལ་དཀའ་བ་རྣམས་དགེ་རྒན་རྣམ་པས་གྲོས་བསྡུར་མཛད་དེ་ང་ཚོར་སློབ་ཁྲིད་བསྐྱངས་གནང་པ་དང་། སློབ་མ་རྣམས་ཀྱིས་ཀྱང་དེ་དང་མཐུན་པའི་སྒོ་ནས«ལུང་རིགས་བསྟན་རྒྱས་གླིང་།»དང«སྒྲ་ཚད་ཀུན་ཁྱབ་གླིང་།»ཞེས་གླིང་ཁག་གཉིས་སུ་བགོས་ཏེ་དམ་བཅའ་རེས་མོས་དང་རིགས་ལམ་པ་རེས་མོས་སོགས་ལུང་རིགས་གནད་ལ་ཁེལ་བའི་སྒོ་ནས་རྩོད་པ་རྩོད་སྦྱོང་བྱས།

1593682670622926.jpg

1593682699859773.jpg

1593682729396872.jpg

བདུན་ཕྲག་རྗེས་མའི་ཉིན་དྲུག་པའི་ཕྱི་དྲོར་ཕྱག་ཚོད་གཉིས་པ་ནས་གསུམ་དང་ཕྱེད་ཀའི་བར་ཕུན་ཚོགས་འབྱོར་རྒྱས་ཁང་དུ་ཐུག་ཆེན་དམ་བཅའ་སྔ་མ་འཚོགས་ནས།    སློབ་དཔོན་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་རྣམ་གཉིས་དབུ་བཞུགས་ཐོག  ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན། དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས། དགེ་བཤེས་བློ་གྲོས་རབ་གསལ་སོགས་བཞུགས་ཏེ།        «སྒྲ་ཚད་ཀུན་ཁྱབ་གླིང་།»ཚང་དམ་བཅའ་བསྡད་ནས་ལུང་རིགས་བསྟན་རྒྱས་གླིང་ཚང་གིས་རྟགས་གསལ་གྱི་མཆོད་པ་རྒྱས་པར་ཕུལ།    

1593682757223103.jpg

1593682791373986.jpg

1593682814966773.jpg

1593682874521101.jpg

1593682910265392.jpg

1593682937640013.jpg

1593682966155511.jpg

1593682995650747.jpg

1593683022259945.jpg

1593683051821245.jpg

ཉིན་བདུན་པའི་ཕྱི་དྲོར་ཕྱག་ཚོད་གཉིས་པ་ནས་གསུམ་དང་ཕྱེད་ཀའི་བར་ཕུན་ཚོགས་འབྱོར་རྒྱས་ཁང་དུ་ཐུག་ཆེན་གྱི་དམ་བཅའ་ཕྱི་མ་འཚོགས་ནས།   སློབ་དཔོན་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་རྣམ་གཉིས་དབུ་བཞུགས་ཐོག   ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན། དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས། དགེ་བཤེས་བློ་གྲོས་རབ་གསལ་སོགས་བཞུགས་ཏེ།      «ལུང་རིགས་བསྟན་རྒྱས་གླིང་།»ཚང་དམ་བཅའ་བཞུགས་ནས་སྒྲ་ཚད་ཀུན་ཁྱབ་གླིང་ཚང་གིས་རྟགས་གསལ་གྱི་མཆོད་པ་རྒྱས་པར་ཕུལ་མཚམས་དང་སྦྲག   སློབ་དཔོན་རིན་པོ་ཆེས་ཐེངས་འདིས་ཁྱབ་ལོག་མང་ཉུང་གི་ལེའུ་ཐོ་གསལ་བསྒྲགས་མཛད་དེ་ད་ལོར་ཚང་མས་རྒོད་རྒོད་ཡག་པོ་བྱས་པའི་དན་རྟགས་དེ་རིང་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་འདུག་པ་དང་།   མ་འོངས་པར་མུ་མཐུད་རྒྱུན་སྐྱོང་དེ་བཞིན་འབད་བརྩོན་དང་ཤུགས་སྣོན་རྒྱག་རོགས་ཅེས་ཁ་གཡང་དང་བསྔགས་བརྗོད་ཐོག  འདུས་པ་ཡོངས་ནས་ཐལ་མོ་རྡེབ་སྒྲ་དང་བཅས་ཐེངས་འདིའི་ཚད་མའི་རིགས་སྒྲ་ཆེན་མོ་ཁ་དགེ་བཀྲ་ཤིས་ཀྱིས་ངང་ནས་མཇུག་ལེགས་པར་གྲུབ་བོ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།