༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 10 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་ཚད་མའི་བགྲོ་གླེང་ཆེན་མོ་འཚོགས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-06-28] [རྩོམ་པ་པོ།:འགན་འཛིན་ཚོགས་ཆུང་།] [གཟིགས་ཐེངས:]

1593354275133441.jpg

          གཤེན་སྡེ་འདིར་ལོ་ལྟར་དུ་བདུན་ཕྲག་གཉིས་རིང་བཤད་གྲྭའི་སློབ་གཉེར་བ་ཚོས་བོན་གྱི་མདོ་སྔགས་རིག་གཞུང་གི་གནད་རྟོགས་ཤིང་མ་རྟོག་ལོག་རྟོག་དྲི་མས་གོས་པ་རྣམས་ཚར་གཅོད་ཅིང་རང་གཞུང་བཟང་པོ་ཁོང་དུ་ཆུད་ནས་གྲུབ་མཐའ་རྗེས་སུ་འཛིན་པའི་ཆེད་དུ་ཚད་མའི་རིགས་སྒྲ་ཆེན་མོ་འཚོགས་བཞིན་ཡོད་ལ། འདི་ལོའི་རིགས་སྒྲའི་བར་སྐབས་ཏེ།

1593354364800897.jpg

1593354491300509.jpg

1593354527975425.jpg

1593354554534754.jpg

     2020/6/27ཉིན་གྱི་ཕྱི་དྲོར་ཕྱག་ཚོད་གཉིས་པ་ནས་ཕྱག་ཚོད་དྲུག་ཕྱེད་བར།  དཔེ་མཛོད་བཀའ་འབུམ་རབ་རྒྱས་ཁང་དུ།  སློབ་དཔོན་རིན་པོ་ཆེ་དྱལ་བ་བསྟན་འཛིན་མཆོག་དང་།  སྒྲུབ་གྲྭའི་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་རྣམ་གཉིས་དབུ་བཞུགས་ཐོག་ད་རེས་ཀྱི་ཟླ་རེའི་བགྲོ་གླེང་དེ།  དམིགས་བསལ་ཚད་མའི་བགྲོ་གླེང་ཆེན་མོ་ཞེས་པའི་ཁ་བྱང་སྟེང་ནས་འཚོགས་ཡོད་པ་དང་།   

1593354603955095.jpg

1593354639283808.jpg

1593354691677931.jpg

1593354719193297.jpg

     ཐེངས་འདིའི་བགྲོ་གླེང་ནི་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པའི་རིག་པའི་གཏེར་མཛོད་ཅེས་པ་ལས་ལེའུ་ལྔ་པ་དེ་ཡིན་ཞིང་།  བགྲོ་གླེང་པ་རྣམས་ཀྱིས་ལེའུ་ལྔ་པའི་ནང་གི་ཚིག་སྲ་ལ་གནད་འགག་ཆེ་བ།  དོན་གནད་འཁྲོལ་དཀའ་ལ་ཟིན་མཚམས་བཟུང་དཀའ་བ།  གཞན་ལུགས་དང་རང་ལུགས་ཀྱི་འདོད་ཚུལ་མི་འདྲ་བ།  རང་ལུགས་ཀྱི་མཁས་པ་སྔ་རབས་དང་ཕྱི་རབས་རྣམས་ཀྱིས་ཁས་ལེན་མི་འདྲ་བའི་སྐོར་སོགས་ལུང་རིགས་གཉིས་ཀྱི་ཐོག་བགྲོ་གླེང་ལྷུག་པོར་བསྩལ་བ་དང་།  དྲི་བ་མཁན་རྣམ་པས་ཚིག་ཉུང་ལ་དོན་དྲིལ་བ།  ལུང་རིགས་གཉིས་ཀའི་སྒོ་ནས་དྲི་བ་གནད་ལ་ཁེལ་ཐོག  འཛུམ་མདངས་དང་གུས་ཞབས་ཀྱི་སྒོ་ནས་ཐེངས་འདིའི་ཟླ་མཇུག་བགྲོ་གླེང་མཇུག་བསྡུས་སོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།