༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་དྲུག་པ་༧ཤེས་རབ་དགེ་ལེགས་རིན་པོ་ཆེའི་རྗེས་དྲན་ཚོགས་མཆོད།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-05-17] [རྩོམ་པ་པོ།:ཁྲི་རིག་པའི་མདའ།] [གཟིགས་ཐེངས:]

微信图片_20200517203441.jpg

རྣམ་དག་ཐུགས་བསྐྱེད་སྤྲིན་དཀར་ཕུང་པོ་ལས། །

ཕུན་ཚོགས་དགེ་ལེགས་བྱེ་བའི་གྲུ་ཆར་འཇོ། །

རྨད་བྱུང་རྒྱལ་བསྟན་འོད་སྣང་ཕྱོགས་བཅུར་འཕྲོས། །

འདྲེན་མཆོག༧ཤེས་རབ་དགེ་ལེགས་ཕྱག་གི་ཡུལ། །

微信图片_20200517203432.jpg


       ཁྱུང་ཡུལ་སུམ་གླང་གྱིམ་ཤོད་ཀྱི་ཉེ་འདབས་མི་རྗེ་ཁྱུང་དཀར་རྒྱལ་པོའི་མངའ་ཁོངས་སུ་སྐུ་འཁྲུངས་པའི་མཁས་གྲུབ་གཉིས་ལྡན་གྱི་དཔོན་གསས་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་དྲུག་པ༧ཤེས་རབ་དགེ་ལེགས་རིན་པོ་ཆེའི་མཆོག་སྐུ་མི་རྟག་མྱ་ངན་ལས་འདས་ཏེ་མི་ལོ་ཧྲིལ་པོ༢༤འཁོར་བའི་རྗེས་དྲན་དུ་འདི་གའི་བཤད་སྒྲུབ་སྒོམ་གསུམ་གྱིས་ལྷག་པའི་ལྷ་མཆོག་མ་རྒྱུད་གསང་མཆོག་མཐར་ཐུག་གི་ཚོགས་མཆོད་རྒྱས་འབུལ་བྱས་པའི་གསར་འཕྲིན་དུ།   

微信图片_20200517203446.jpg

ལྷད་མེད་དགེ་བ་འདི་ཡིས་རྐྱེན་བྱས་ཏེ། །

འཁོར་བའི་སྨག་ལ་འཕྱན་པའི་འགྲོ་བ་ཀུན། །

བླ་མ་ཁྱེད་ཀྱི་ཐུགས་རྗེའི་དྲྭ་གུར་དུ། །

སྐྱེ་བ་ཡང་ནས་ཡང་དུ་ཚུད་པར་ཤོག །

微信图片_20200517203452.jpg




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།