༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 30
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
སྙན་དེབ་<གངས་འདབས་ཀྱི་ཆུ་མིག>་གི་རེ་ཞུ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-05-08] [རྩོམ་པ་པོ།:ཨ་ནུ་བསྟན་པ་རབ་རྒྱས།] [གཟིགས་ཐེངས:]

སྙན་དེབ་<གངས་འདབས་ཀྱི་ཆུ་མིག>་གི་རེ་ཞུ།  

 

微信图片_20200508142654.jpg

 


             ཨ་ནུ་བསྟན་པ་རབ་རྒྱས་སམ་གསེར་གྱི་ཁ་བ་ངོས་ནས་མཚོན་ན། འཛམ་གླིང་ཤར་ནུབ་ཀྱི་གནས་བབ་ངོས་གཅིག་ནས་མཐོང་བ་ནས་བཟུང་། འདི་ནས་ཡར་བརྩིས་པའི་བགྲང་བྱ་རེ་ཟུང་གི་ཡར་སྔོན་ཞིག་ནས་ངས་ཐོག་མར་བདེ་སྡུག་གི་ཚོར་བ་དབྱངས་གསལ་དང་འགྲོགས་ནས་མེ་ཏོག་དང་སྤང་ཐང་གི་ཞིང་ཁམས་སུ་གྱེས་འགོ་བརྩམས། མཛེས་དཔྱོད་རྟོག་པའི་རྩལ་གྱིས་རི་གྲོང་ཕ་མཐར་བརྒལ་ཏེ་འཇིག་རྟེན་དཔེ་རུ་ཤར་བའི་སྒྱུ་རྩལ་རང་བཞིན་ལྡན་པའི་རྩོམ་པ་པོ་ཞིག་མ་ཡིན་ཀྱང་། འོན་ཀྱང་དྲན་པའི་ཕྱི་ནང་དུ་རྒྱུ་ཟིན་པའི་བདེ་སྡུག་གི་འཆར་ཡན་རྣམས་དབྱངས་གསལ་སོ་བཞིའི་ལང་ཚོའི་དཔལ་ཡོན་དང་ལྷན་དུ་བསྡེབས་ནས་སོང་མཐའི་རྐང་རྗེས་ཙམ་ཞིག་ཡིན། གནའ་བོའི་གཏམ་དཔེ་ལས། ནུས་པ་མེད་ཀྱང་བསམ་པ་དཀར། ཞེས་པའི་དཔེ་ལྟར། སྒལ་ཚིགས་གངས་ལ་བརྟེན་ནས་སྦྲང་དཀར་རྩམ་པའི་ལྷན་དུ་མི་ཚེ་སྐྱེལ་བཞིན། རིགས་ཞེན་གྱིས་ཕ་སྐད་གཙང་མའི་ལང་ཚོའི་རྦ་རླབས་ལ་འཇུས་ཏེ་སྣང་བའི་འཕར་ལྡིང་ཚིག་ཏུ་སྦྲུམ་ཞིང་འཚོ་བའི་བར་གསེང་ནས་དུ་བ་བཞིན་ངག་གིས་འཐེན་ཟིན་པའི་ཚིགས་བཅད་འདི་དག་ལ་མཚོན་ན།  དབྱངས་ཀྱི་འདེགས་འཇོག་གསལ་བའི་ལུས་ལ་ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང་སྤྱི་ཚོགས་ཀྱི་འཚོ་བའི་སྲོག་དང་བཅས་པ་ཞིག་ཏུ་གྲུབ་མ་ཐུབ་ཀྱང་། མེ་ཏོག་བཞིན་ལྟ་ན་སྡུག་པའི་ལྟེ་ཁྲག་གི་གང་བུ། ནམ་ཡང་གངས་འདབས་ལ་འབུས་ཤིང་གངས་འདབས་ལ་བཞད་དེ་མེས་པོ་དམ་པའི་གསང་གསུམ་གྱི་གྲུ་ཆར་ཟེགས་མ་ལ། རེ་སྒུག་དང་དམིགས་འདུན་བཅང་བའི་སེམས་ཀྱི་འདབ་ལོ་དཀར་ཞིང་གཙང་བའི་མེ་ཏོག་ཆུང་ཆུང་ཞིག་ཡིན། དེབ་ཆུང་«གངས་འདབས་ཀྱི་ཆུ་མིག་»འདི་ལ་ཚན་པ། «ཆོལ་གསུམ་དད་པའི་འགྱུར་ཁུག» «དད་མོས་གུས་པའི་མཆོད་སྤྲིན» «ཡིད་འོང་ལྷ་མོའི་གཤིས་ལུགས» «རྨི་ལམ་ནང་གི་ཁ་རྩང་» «ལྕགས་རི་བརྒལ་བའི་མཛེས་སྡུག» བཅས་ཚན་པ་ལྔ་ཙམ་གྱིས་གྲུབ་ཡོད། གངས་ཆུ་སྔོན་མོ་ཟུངས་ཁྲག་ལ་འདྲེས་པའི་དཔའ་མཛངས་སྙིང་སྟོབས་ཅན་གྱི་རིགས་གཙང་རུས་གཙང་གི་ལས་མཐུན་གྲོགས་པོ་ཚོའི་མིག་གི་ལོངས་སྤྱོད་དང་རྣ་བའི་བུ་རམ་ཡིད་ཀྱི་སྐུལ་ལྕག་ཅིག་ཏུ་འགྱུར་བར་སྨོན།         


微信图片_20200508142808.jpg

微信图片_20200508142704.jpg

微信图片_20200508142737.jpg



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།