༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 30
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་དུ་ལོ་འཁོར་ཚོགས་ཆེན་འཚོགས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-05-06] [རྩོམ་པ་པོ།:བྷོ་བ།] [གཟིགས་ཐེངས:]

1588776440398040.jpg

༢༠༢༠/༥/༤ ཉིན་སྔོན་འགྲོའི་ཚོགས་འདུ་འཚོགས་ཏེ་ཚོགས་འདུའི་ཐོག་བླ་མ་དགེ་བཤེས་རྣམ་པ་དང་འཛིན་གྲྭ་རྒན་གྲས་དང་ལས་སྣེ་ཚང་མ་ཞུགས་ཡོད།  ཁོང་རྣམ་པས་ད་ལོའི་ལས་འཛིན་གསར་པ་འདེམ་རྒྱུའི་སྐོར་ནས་གླེང་མོལ་ཟབ་རྒྱས་གནང་ཞིང་ཚང་མས་བདམས་ཐོན་བྱུང་བ་ནི་ཚོགས་གཙོ་དགེ་བཤེས་མདོ་སྔགས་རྒྱ་མཚོ།  ཚོགས་གཞོན་བྱང་ཆུབ་དོན་ལྡན།  དགེ་སྐོས་སོ་ཐར་རྒྱལ་མཚན།  གཉེར་པ་ཚུལ་ཁྲིམས་མཆོག་ལྡན།  དྲུང་ཡིག་ནམ་མཁའ་ལྷུན་འགྲུབ།  རྩིས་པ་དྲི་མེད་གཡུང་དྲུང་དང་བསྟན་པ་རྣམ་རྒྱལ་བཅས་ཡིན།

 1588776652267818.jpg

1588776677992564.jpg

1588776725116215.jpg

1588776751137511.jpg

     ༢༠༢༠/༥/༦ ཉིན་དངོས་གཞི་ཚོགས་འདུ་ཆེན་མོ་སྟེ་སྐབས་ཉེར་གཅིག་པ་དང་ཐེངས་བཅུ་བཞི་པའི་ལོ་འཁོར་ཚོགས་འདུ་ཆེན་མོ་འཚོགས་ཏེ་ཚོགས་འདུའི་ཐོག་༧སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་དང་དཔོན་སློབ་རྒྱལ་བ་བསྟན་འཛིན།  མཁན་པོ་གཙུག་སྲས་ཡང་རྒྱལ།  སྒྲུབ་མཁན་འཕགས་མཆོག་སེམས་དཔའ་དེ་བཞིན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་རྣམ་པ་དང་ལས་འཛིན་བཅས་ཚང་མ་ཞུགས་གནང་ཐོག་ཚོགས་གཙོ་བསེ་ཚང་དགེ་བཤེས་རྣམ་དག་དོན་ལྡན་མཆོག་གིས་ཚོགས་འདུ་དབུ་འཛུགས་གནང་བ་དང་།  དགེ་སྐོས་གཡུང་དྲུང་རིན་ཆེན་གྱིས་ལོ་གཅིག་གི་སྒྲིག་ལམ་སྲུང་སྟངས་སྐོར་གྱི་མ་ཐོ་ཁྱབ་བསྒྲགས་བྱས་ཏེ་སྒྲིག་ལམ་ལེགས་པོ་སྲུང་མཁན་གྱི་སློབ་མ་དང་ངག་རྒྱུགས་འཕར་མ་ཕུལ་མཁན་ལས་འཛིན་གསར་རྙིང་རྣམས་ལ་མགུལ་དར་དང་བྱ་དགའ་ཕུལ་ཞིང་ལས་འཛིན་གསར་རྙིང་རྣམས་ཀྱིས་བསྟན་པ་དགོན་པའི་ལས་དོན་ཐད་ནས་བཀའ་མོལ་ཟབ་རྒྱས་གནང་བ་དང་བླ་མ་རྣམ་པ་དང་དགེ་རྒན་རྣམ་པས་བཀའ་སློབ་ཟབ་རྒྱས་གནང་ཞིང་འདུས་པ་སྤྱི་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་སྟེ་ཐེངས་འདིའི་ཚོགས་འདུ་མཇུག་ཡོངས་སུ་གྲུབ་པ་བཅས་ཀྱི་གནས་བསྡུས་སོ།།

1588776812135350.jpg

སྐྱབས་རྗེ་འོད་ཟེར་སྦྱིན་པ་མཆོག་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་བཞིན་པ།

1588776703851066.jpg

1588776976459309.jpg

1588776903280334.jpg

1588776943372961.jpg

1588777084614954.jpg

༢༠༡༩ ལོའི་ལས་འཛིན་རྣམ་པ།

1588777130739165.jpg

༢༠༢༠ ལོའི་ལས་འཛིན་རྣམ་པ།

1588777185659284.jpg

སྒྲུབ་གྲྭའི་ལས་འཛིན་གསར་རྙིང་རྣམ་པ།

1588777408896675.jpg

1588777434202949.jpg

1588777460320726.jpg

1588777506241366.jpg

1588778349104221.jpg

འདུས་པ་སྤྱི་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་བཞིན་པ།

1588778387939696.jpg

༢༠༢༠/༥/༦ཉིན



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།