༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 29
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-04-30] [རྩོམ་པ་པོ།:བྷོ་གཙུག་འབྱུང་།] [གཟིགས་ཐེངས:]

1588244960407200.jpg

     ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་མཐོ་རིམ་ལྔ་རིག་བཤད་སྒྲུབ་སློབ་གླིང་གི་ཚོགས་ཁང་ཆེན་མོ་བཀའ་འབུམ་རབ་རྒྱས་ཁང་དུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་༧སྐྱབས་རྗེ་འོད་ཟེར་སྦྱིན་པ་མཆོག་ཡིག་གཟུགས་དུས་ཆེན་ཐོག་ཏུ་ཕེབས་ཏེ་བཀའ་སློབ་ཟབ་རྒྱས་གནང་བ་དང་དུས་ཚོད་༢:༣༠་ཐོག་ཡིག་མཁན་དགེ་རྒན་མཁས་པ་རྣམས་གདན་འདྲེན་ཞུས་ཏེ་ཡིག་གཟུགས་འདྲ་མིན་སྣ་ཚོགས་དང་ཡི་གེའི་མཛེས་རིས་འདྲ་མིན་སྣ་ཚོགས་བཤམ་སྟོན་བྱས་པ་དང་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་མ་རྣམས་ཡིག་གཟུགས་འགྲན་བསྡུར་ནང་དུ་ཞུགས་ཏེ་ལྡེམ་མྱུར་སོར་མོས་སྒྱུ་རྩལ་གསར་པ་རེ་བསྐྲུན་ཏེ་ཕྱི་དྲོའི་དུས་ཚོད་༥:༣༠་ཐོག་ཐེངས་འདིའི་ཡིག་གཟུགས་དུས་ཆེན་མཇུག་ཡོངས་སུ་གྲུབ་པའི་གནས་བསྡུས་སོ།།

1588243836851698.jpg

སྐྱབས་རྗེ་འོད་ཟེར་སྦྱིན་པས་ཕྱག་བྲིས་མཛད་བཞིན་པ།

1588243902695963.jpg

1588243929922371.jpg

1588243957811476.jpg

1588243983118490.jpg

1588244015699951.jpg

སྐྱབས་རྗེ་འོད་ཟེར་སྦྱིན་པས་ཡིག་གཟུགས་སྐོར་བཀའ་སློབ་གསུང་བཞིན་པ།

1588244111460345.jpg

1588244139618836.jpg

1588244157317942.jpg

ཡིག་གཟུགས་དཔྱད་འདེམས་པ་རྒན་རྒྱལ་སྲས་སེམས་དཔས་ཡིག་གཟུགས་འབྲི་ལུགས་སྐོར་བཀའ་སློབ་གསུང་བཞིན་པ།

1588244180187446.jpg

1588244229919461.jpg

དྲུང་མིང་འཛིན་པ་བྷོ་གཙུག་འབྱུང་གིས།  ༢༠༢༠/༤/༣༠

1588243215284002.jpg

     ༡ ཕྱིའི་མུ་ཁྱུད་དཀར་པོས་བོད་ཀྱི་སྣོད་ཀྱི་འཇིག་རྟེན་གངས་རི་ར་བས་བསྐོར་བ་མཚོན།

     ༢ ནང་གི་རྒྱབ་ལྗོངས་མཐིང་སྔོན་གྱིས་བོད་ཀྱི་བཅུད་ཀྱི་སེམས་ཅན་རྣམས་འཚེ་མེད་ཞི་བདེ་ལ་དགའ་བ་མཚོན།

     ༣ སྨྱུག་བུམ་ཤོག་གསུམ་གྱིས་བོད་ཀྱི་ཡིག་མཁན་རྣམས་ཀྱི་གཅེས་ནོར་ཆེན་པོ་གསུམ་མཚོན།

     ༤ བུམ་གཟུགས་སེར་པོས་བོད་ཀྱི་འོད་སྟོང་འབར་བའི་སྲོལ་རྒྱུན་ལྷ་ཆོས་རིག་གནས་དང་དབུས་གཙང་ཆོས་ཀྱི་ཆོལ་ཁ་མཚོན།

     ༥ ཤོག་བུ་དཀར་པོས་བོད་ཀྱི་མི་ཆོས་རིག་གནས་དང་མདོ་སྟོད་མིའི་ཆོལ་ཁ་མཚོན།

     ༦ སྨྱུ་གུ་ལི་ཁྲིས་བོད་ཀྱི་དེང་རབས་རིག་གཞུང་དང་མདོ་སྨད་རྟ་ཡི་ཆོ་ཁ་མཚོན། 

     ༧ སུམ་རྟེན་འབྱུང་ལྷན་དུ་འདུས་པའི་ཡི་གེ་༼བོད་༽ཅེས་པས་བོད་ཀྱི་མི་རིགས་ཀྱི་ངོ་བོ་དང་མཐུན་ལམ། སྙིང་སྟོབས་བཅས་མཚོན།

     ༨ ཟླུམ་རིས་རིམ་པ་གཉིས་ལྷན་དུ་སྦྱར་བས་ནི་གནའ་དེང་ཟུང་དུ་འབྲེལ་བའི་བོད་མིའི་རིག་གཞུང་གི་མ་འོངས་མདུན་ལམ་བཅས་མཚོན་ཡོད་པ་ཡིན་ནོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།