༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 13
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་དུ་ལོ་འཁོར་རྩོད་རྒྱུགས་ཆེན་མོ་སྤྲད་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2019-11-10] [རྩོམ་པ་པོ།:གཙུག་ཕུད་འབྱུང་གནས།] [གཟིགས་ཐེངས:]

1573383093859318.jpg

          ༢༠༡༩/སྤྱི་ཟླ་༡༡/སྤྱི་ཚེས་༩/ཉིན་འགོ་བཟུང་སྟེ་ཁྱུང་པོ་སྟེང་ཆེན་དགོན་བཤད་སྒྲུབ་སློབ་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་དུ་ཉིན་གཉིས་རིང་ལ་ལོ་འཁོར་རྩོད་རྒྱུགས་ཆེན་མོ་སྤྲད་ཡོད། 

1573383178192989.jpg

1573383196281565.jpg

     རྩོད་རྒྱུགས་ཐོག་ཏུ་སློབ་དཔོན་རྒྱལ་བ་བསྟན་འཛིན་དང་སྒྲུབ་མཁན་འཕགས་མཆོག་སེམས་དཔའ་རྣམ་གཉིས་གཙོས་པའི་མཁན་པོ་དགེ་བའི་བཤེས་གཉེན་རྣམས་ཕེབས་ཏེ་དགེ་རྒན་རྣམ་པས་རིགས་ལམ་པ་སློབ་མ་རྣམས་ཀྱི་རྟགས་གསལ་རྩོད་རྒྱུགས་ལ་དཔྱད་འདེམས་གནང་ཡོད།  འཛིན་གྲྭ་སོ་སོའི་སྦྱང་བྱ་མི་འདྲ་བས་དབུ་བསྡུས་རྟགས་ཚད་གསུམ་ནས་མཇུག་སྔགས་རྫོགས་བར་གྱི་གཞུང་གི་དཀའ་གནད་ཆེ་གྲས་རྣམས་རྒྱན་འཐེན་ཏེ་ཚད་མཐོའི་རྩོད་པ་གནང་བ་དང་རྩོད་རྒྱུགས་ནང་ཞུགས་མཁན་འཛིན་གྲྭ་བཅུ་གསུམ་ལྷག་ཙམ་ཡོད།  ཉིན་དང་པོའི་སྔ་དྲོའི་དུས་ཚོད་༡༠:༠༠པའི་ཐོག་ནས་དབུ་བརྩམས་ཏེ་དགོང་མོའི་དུས་ཚོད་༦:༣༠་བར་རྩོད་རྒྱུགས་ཆེན་མོ་སྤྲད་པ་དང་།  ཉིན་ཕྱི་མའི་སྔ་དྲོའི་དུས་ཚོད་༡༠:༠༠པའི་ཐོག་ནས་དབུ་བརྩམས་ཏེ་ཕྱི་དྲོའི་དུས་ཚོད་༣:༣༠་བར་རྩོད་རྒྱུགས་ཆེན་མོ་སྤྲད་དེ་ཐེངས་འདིའི་རྩོད་རྒྱུགས་ཆེན་མོའི་མཇུག་ཡོངས་སུ་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སོ།།

1573383243614135.jpg

རྟགས་གསལ་རྒྱན་ཤོག་འཐེན་བཞིན་པ།

1573383302445071.jpg

དམ་བཅའ་བ་རྣམ་པ།

1573383324515629.jpg

1573383270459867.jpg

རྟགས་གསལ་གཏོང་བཞིན་པ།

1573383278321013.jpg

པར་པ་ཨ་ཁུ་དྲང་ཉི། 
དྲུང་མིང་འཛིན་པ་གཙུག་ཕུད་འབྱུང་གནས་ཀྱིས་༢༠༡༩/༡༡/༡༠





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།