༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་དུ་ལོ་འཁོར་ཡིག་རྒྱུགས་ཆེན་མོ་སྤྲད་པ།
[ཟླ་ཚེས།:2019-10-22] [རྩོམ་པ་པོ།:བྷོ་བ] [གཟིགས་ཐེངས:]

微信图片_20191022140208.jpg

༢༠༡༩/ལོའི་སྤྱི་ཟླ་/༡༠/པའི་སྤྱི་ཚེས/༢༡/ཉིན་འདི་ག་ཁྱུང་པོ་སྟེང་ཆེན་དགོན་བཤད་སྒྲུབ་སློབ་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་གི་གཡོན་ཕྱོགས་འཆད་ར་ཆེན་མོའི་ནང་དུ་བཤད་སྒྲུབ་སློབ་མ་རྣམས་ཀྱིས་ལོ་འཁོར་ཡིག་རྒྱུགས་ཆེན་མོ་གཏོང་འགོ་ཚུགས་པ་རེད། ཡིག་རྒྱུགས་ཐོག་ཏུ་ ༧ རྣམ་འདྲེན་བླ་མ་ཨ་ཤག་འོད་ཟེར་སྦྱིན་པ་ཕུན་ཚོགས་དང་སློབ་དཔོན་རྒྱལ་བ་བསྟན་འཛིན་སྒྲུབ་མཁན་འཕགས་མཆོག་སེམས་དཔའ་རྣམ་གསུམ་གཙོས་པའི་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་ཚང་མ་ཕེབས་ཡོད།

微信图片_20191022140200.jpg

སྤྱི་ཚེས་༢༡ཉིན་གྱི་སྔ་དྲོ་ཕྱག་ཚོད ༡༠:༠༠-༡༢:༠༠ བར་ལོ་འཁོར་གཞུང་རྒྱུགས་ཆེན་མོ་བཏང་བ་དང་།  སྤྱི་ཚེས་༢༢/ཉིན་གྱི་སྔ་དྲོ་ ཕྱག་ཚོད ༡༠:༠༠-༡༢:༠༠ བར་ལོ་འཁོར་རིག་གནས་རྒྱུགས་ཆེན་བཏང་བ་རེད།  འདི་ལོའི་ཡིག་རྒྱུགས་ནང་དུ་འཛིན་རིམ་སོ་སོས་ལོ་ཧྲིལ་པོ་གཅིག་ནང་ཁ་ཐུག་སྦྱོང་བཞིན་པའི་ཕྱག་དཔེའི་གལ་གནད་ཆེ་བ་དག་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཕྱོགས་གཅིག་ཏུ་བསྡུ་རུབ་བྱས་ཏེ་ཡིག་རྒྱུགས་བཏང་ཡོད།

微信图片_20191022140204.jpg

གཞུང་རྒྱུགས་ནང་ཞུགས་མཁན་འཛིན་གྲྭ་བཅུ་དྲུག་དང་།  རིག་གནས་རྒྱུགས་ནང་ཞུགས་མཁན་འཛིན་གྲྭ་བཅོ་ལྔ་ཡོད། འཛིན་གྲྭ་སོ་སོའི་སྦྱང་བྱ་མི་འདྲ་བའི་གཞུང་ལུགས་རྒྱུགས་ཆེན་ལ་དབུ་བསྡུས་གྲྭ་ནས་བར་མདོ་སྔགས་གཉིས་དང་མཐར་ཐུག་རྫོགས་ཆེན་བར་དུ་ཡོད།རིག་གནས་རྒྱུགས་ཆེན་ལ་དབུ་མིང་གཞི་ནས་མཇུག་དཀར་ནག་རྩིས་དང་རྩོམ་རྒྱུགས་བཅས་ཡོད།  སྤྱི་ཚེས་༢༢་ཉིན་གྱི་དྲོ་གཞུང་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་དབུ་བཞུགས་ཐོག་འདུས་མང་ཡོངས་ཀྱིས་མགྲིན་གཅིག་ཏུ་བསྡེབས་ནས་བཤད་སྒྲུབ་བསྟན་པ་རྒྱས་པའི་སྨོན་ལམ་ཆེན་མོ་གསུངས་མཛད་དེ་ཐེངས་འདིའི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་ཡོངས་སུ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སོ།།

微信图片_20191022140212.jpg微信图片_20191022141752.jpg微信图片_20191022140204.jpg

微信图片_20191022140655.jpg༢༠༡༩/༡༠/༢༢་ཉིན་དྲུང་མིང་ཙམ་འཛིན་པ་གཙུག་ཕུད་འབྱུང་གནས་ཀྱིས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།