༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་ནག་བསམ་གཏན་གླིང་དགོན་དུ་སྐབས་དང་པོའི་ཚད་མའི་རིགས་སྒྲ་དབུ་བརྙེས་པ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2019-06-30] [རྩོམ་པ་པོ།:རྒྱུན་ལས་ཡིག་ཚང་ནས།] [གཟིགས་ཐེངས:]

  ཉེ་ཆར་དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་གི་མཁན་པོ་དགེ་བཤེས་བསམ་གཏན་དགེ་ལེགས་མཆོག་དང་། མཁན་པོ་ཡེ་ཤེས་རབ་གསལ་རྣམ་གཉིས་གཙོར་བྱས་པའི་བླ་གྲྭ་རྣམས་ཐུགས་དགོངས་གཅིག་གྲོས་འོག་ཏུ། 

微信图片_20190630204845.jpg

 སྤྱི་ལོ་༢༠༡༩/ ཟླ་༦/ ཚེས་༡༥/་ནས་དབུ་བཟུང་སྟེ་བདུན་ཕྲག་གཉིས་ཀྱི་རིང་ལ་ཁྱུང་ནག་བསམ་གཏན་གླིང་གི་མཛོད་ལྔའི་བཤད་གྲྭ་བ་རྣམས་འཛིན་གྲྭ་གོང་འོག་སྟབས་གཅིག་ཏུ་བསྲེས་ནས།ཚད་གསུམ་བོན་འཁོར་གླིང་དང་།བགྲོས་རྩོད་བདེན་ཉམས་གླིང་ཞེས་གླིང་ཚན་གཉིས་སུ་ཕྱེས་ནས་ཚད་མའི་རིགས་སྒྲ་སྐབས་དང་པོ་དབུ་བཙུགས་པའོ།། བདུན་ཕྲག་གཉིས་ཀྱི་རིང་དུ་རྗེ་ཚད་མ་ལེའུ་དང་པོའི་སྐོར་ནས་རིགས་ལམ་རྩོད་སྦྱོང་དང་དཔེ་ཁྲིད་གསན་སྦྱོང་བྱས་ཏེ། གནས་སྐབས་ཀྱི་དགེ་རྒན་མིང་ཙམ་འཛིན་པ་དགེ་བཤེས་བསོད་ནམས་བློ་གྲོས་ཀྱིས་རྗེ་མཉམ་མེད་ཆེན་པོའི་ཚད་མ་ལེའུ་དང་པོ་དཔེ་ཁྲིད་བསྩལ་བ་དང་། ཉིན་རེ་དུས་ཚོད་གསུམ་གྱི་རིང་འཆད་ར་རྩོད་སྦྱོང་བྱས་པ་དང་།  

微信图片_20190630204932.jpg

བར་གསེང་དུ་ཡང་འཛིན་གྲྭ་སོ་སོས་དཔེ་ཆ་གྲོས་བསྡུར་གྱི་ལམ་ནས་བསམ་བློ་བརྗེ་རེས་གང་ནུས་བྱས་པ་དང་། ཉིན་རྟག་ཏུ་དུས་ཚོད་གསུམ་པའི་ཐོག་ནས་གླིང་གཉིས་པོ་རེས་མོས་ཀྱི་སྒོ་ནས་དྲོ་གཞུང་དམ་བཅའ་རེ་འཚོགས་པ་དང་། ཕྱི་དྲོ་དུས་ཚོད་ལྔ་པ་ནས་བདུན་པའི་བར་འཛིན་གྲྭ་གོང་འོག་སྟབས་གཅིག་ཏུ་བསྲེས་ནས་འཆད་ར་ནང་དུ་རང་གི་ནུས་པ་ལ་ལྟོས་ཏེ་ཚད་མ་རྩོད་སྦྱོང་ཧུར་ཐག་ཏུ་བྱས་ཡོད་པའོ།།  སྤྱི་ཟླ་དྲུག་པའི་ཚེས་༢༩/དང་༣༠/ ཉིན་གཉིས་ལ་གང་གི་གླིང་ཚན་གཉིས་རྟགས་གསལ་དང་། དམ་བཅའ་རེས་མོས་ཀྱི་ལམ་ནས་རིགས་ལམ་རྩོད་ཐུག་རྒྱག་སྟེ།  ཁྱུང་པོ་སྟེང་ཆེན་དགོན་གྱི་དགེ་བཤེས་ཆེན་མོ་ཚུལ་ཁྲིམས་དགེ་རྒྱས་རིན་པོ་ཆེ་མཆོག་དགག་སྒྲུབ་རྩོད་སྤང་གི་དཔང་པོའི་དབུ་བཞུགས་སུ་སྐུ་ཆེད་ཕེབས་གནང་ནས།  དགེ་བཤེས་བསོད་ནམས་བློ་གྲོས་ཁོང་རྣམ་གཉིས་ཀྱིས་གླིང་ཚན་གཉིས་ཀྱི་རིགས་ལམ་དམ་རྩོད་ཀྱི་དཔང་པོར་མཛད་པ་དང་། 

微信图片_20190630204859.jpg

 སྤྱི་ཚེས་༣༠ ཉིན་གླིང་གཉིས་པོ་ཕན་ཚུན་ཁྱབ་ལོག་མང་ཉུང་སོགས་གསལ་བསྒྲགས་བྱས་ནས།  དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས་མཆོག་ནས་སློབ་གཉེར་བ་རྣམས་ལ་ང་ཚོས་ཚད་མའི་རིགས་ལམ་སྦྱོང་དགོས་པའི་མཐའ་ཐུག་གི་དམིགས་ཡུལ་དང་དགོས་པ།  སྦྱོང་བྱ་ཚད་མའི་རིགས་གཞུང་འདི་ཡི་ཁུངས་བཙུན་ལུགས་དང་།  སློབ་གཉེར་བ་རྣམས་ཀྱིས་དཀའ་སྡུག་བརྩོན་འགྲུས་ལྷོད་མེད་དུ་གནང་དགོས་ལུགས་དང་། ཁྱེད་ཁྱུང་ནག་དགོན་གྱི་དགེན་སློབ་རྣམ་པས་དེ་སྔོན་ཚད་མའི་རིགས་གཞུང་ལ་འབད་བརྩོན་ལྷོད་མེད་གནང་བའི་དན་རྟགས་ཀྱིས། ཁྱེད་ཁྱུང་ནག་དགོན་གྱི་སློབ་གཉེར་བ་ཚོ་ཚད་མའི་རིགས་ལམ་གྱི་སྦྱོང་འབྲས་མི་དམན་ཐོབ་འདུག་སྟེ། 

微信图片_20190630204927.jpg

微信图片_20190630204904.jpg

微信图片_20190630204911.jpg

微信图片_20190630204916.jpg

གཞན་དང་འཛིན་རིམ་འདྲ་འདྲ་ནང་ནས་སྤོབ་པ་ཞུམ་མི་དགོས་པར་འདུག་གསུངས་ནས་ཡི་རངས་བསྔགས་བརྗོད་དང་སྦྲེལ་བའི་བཀའ་སློབ་ཟབ་རྒྱས་བསྩལ་ནས་ཁྱུང་ནག་བསམ་གཏན་གླིང་དགོན་གྱི་སྐབས་དང་པོའི་ཚད་མའི་རིགས་སྒྲ་དེ་འགོ་བཀྲིས་ཅིང་མཇུག་ཕུན་སུམ་ཚོགས་པའི་སྒོ་ནས་དེ་རིང་ལེགས་གྲུབ་བྱུང་བའོ།།  

微信图片_20190630204922.jpg

 སྤྱི་ལོ་༢༠༡༩//༣༠/ཁྱུང་ནག་དགོན་རྒྱུན་ལས་ཡིག་ཚང་ནས་རྒྱབ་སྐྱོར་བ་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུ་བའོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།