༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་དུ་ཚད་མའི་རིགས་སྒྲ་སྐབས་བཅུ་པ་ཚོགས་པ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2019-06-30] [རྩོམ་པ་པོ།:བྷོ་བ] [གཟིགས་ཐེངས:]

ཁྱུང་པོ་སྟེང་ཆེན་དགོན་དུ་ཚད་མའི་རིགས་སྒྲ་སྐབས་བཅུ་པ་ཚོགས་པ།

 

ཉེ་བའི་ཆར་སྤྱི་ཟླ་༦/ཚེས/༡༧/ནས་འགོ་ཚུགས་ཏེ་བསྟུད་མར་བདུན་ཕྲག་གཉིས་རིང་ཚད་མ་ཆེད་སྦྱོང་བྱས་པ་རེད།

微信图片_20190630201542.jpg

微信图片_20190630201624.jpg

སྐབས་འདིར་སྦྱངས་བྱའི་ཚད་མ་ནི་འ་ཞ་༧འགྲོ་མགོན་བློ་གྲོས་རྒྱལ་མཚན་དེ་ཉིད་ཀྱིས་མཛད་པའི་<ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་>འདི་ཉིད་ཡིན་ཞིང་དེའི་ནང་ནས་ཀྱང་གལ་འགངས་ཆེ་བ་དོན་ཟབ་ལ་ཚིག་གི་གོ་བ་ལེན་སྟབས་མི་བདེ་བ།  དེ་བཞིན་སྔ་རབས་ཀྱི་ཚད་མའི་སྨྲ་སྟངས་ཡིན་པ་དེང་དུས་དང་བསྡུར་ན་ཁས་ལེན་འཛིན་ཚུལ་ཅུང་མི་འདྲ་བ་སོགས་དཀའ་གནད་ཆེ་གྲས་རྣམས་ལེགས་བཏུས་བསྡུ་རུག་བགྱིས་ཏེ་དགེ་རྒན་རྣམ་པས་དཔེ་ཁྲིད་རྒྱས་ཤིང་རྒྱས་པ་ལྷུག་པོར་བསྩོལ་གནང་མཛད་པ་དང་། 

微信图片_20190630201736.jpg

སློབ་མ་རྣམས་ཀྱིས་ཕན་ཚུན་བར་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་དཔེ་བཞིན་ལུང་དང་རིག་པའི་རལ་གྲི་རྣོན་པོ་ཀླད་ལ་ཕྱར་ཏེ་ལོག་པར་རྟོག་པའི་བྲག་རི་མཐོན་པོ་རྨང་ནས་གཤགས་པར་མཛད་པའི་འཆད་རྩོད་དགག་སྒྲུབ་ཚུལ་ལ་མཐུན་པར་བྱས་པ་དང་།

微信图片_20190630201837.jpg

 རིགས་སྒྲའི་རྗེས་བྱ་མཐའ་མའི་ཉིན་གཉིས་ཀྱི་རིང་ལ་ཐུག་ཆེན་དམ་བཅའ་ཆེན་མོ་འཚོགས་པ་རེད།སྔ་ཉིན་<ཀུན་ཁྱབ་>གླིང་ཚང་དམ་བཅའ་བཞུགས་པ་དང་<བསྟན་རྒྱས་གླིང>ཚང་གིས་རྟགས་གསལ་གྱི་མཆོད་པ་ཕུལ།

微信图片_20190630203636.jpg

微信图片_20190630201846.jpg

微信图片_20190630201853.jpg

ཕྱི་ཉིན་<བསྟན་རྒྱས>གླིང་ཚང་དམ་བཅའ་བཞུགས་ཏེ་<ཀུན་ཁྱབ>གླིང་ཚང་གིས་རྟགས་གསལ་གྱི་མཆོད་པ་ཕུལ།དེ་ནས་སློབ་དཔོན་རིན་པོ་ཆེས་མཇུག་བསྡུའི་གསུང་བཤད་གནང་སྟེ་གླིང་གཉིས་ཀྱི་སློབ་གཉེར་བ་རྣམས་ཀྱི་ད་ལོའི་ཚད་མའི་སྦྱང་འབྲས་གསལ་བསྒྲགས་མཛད་པ་དང་། 

微信图片_20190630201903.jpg

微信图片_20190630201907.jpg

微信图片_20190630201912.jpg


ལོ་འདིའི་ནང་ཚད་མའི་རིགས་སྒྲ་འཚོགས་སྟངས་དང་མ་འོངས་པའི་ཁ་ཕྱོགས་སྐོར་གྱི་བཀའ་སློབ་ཟབ་རྒྱས་གནང་སྟེ་ཐེངས་འདིའི་ཚད་མའི་རིགས་སྒྲ་ཆེན་མོའི་མཇུག་ཡོངས་སུ་གྲུབ་པའི་གནས་བསྡུས་སོ།

 

 

དྲུང་མིང་ཙམ་འཛིན་པ་བྷོ་བ་ནས་༢༠༡༩//༣༠




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།