༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 25
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་དུ་ལོ་འཁོར་ཚོགས་ཆེན་འཚོགས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2019-05-10] [རྩོམ་པ་པོ།:ཁ་བ་ནས།] [གཟིགས་ཐེངས:]

ཁྱུང་པོ་སྟེང་ཆེན་དགོན་དུ་ལོ་འཁོར་ཚོགས་ཆེན་འཚོགས་པ།

QQ图片20190510103459.jpg

QQ图片20190510103604.jpg

     འབྱུང་ལྡན་༣༠༡ བོད་ས་ཕག་ལོ་སྟེ་སྤྱི་ལོ་༢༠༡༩.༥.༩ ཉིན་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་མཐོ་རིམ་ལྔ་རིག་བཤད་སྒྲུབ་སློབ་གླིང་གི་ལོ་འཁོར་ཚོགས་ཆེན་སྐབས་ཉི་ཤུ་པ་དང་འགན་འཛིན་བརྗེ་ལེན་ཐེངས་བཅུ་གསུམ་པ་འཚོགས་ཤིང་། དེ་ཡང་ཉིན་གསུམ་གྱི་སྔོན་ནས་སྔ་ལོའི་ལས་འཛིན་རྣམས་ཀྱིས་ལོ་གཅིག་གི་ལས་ཀའི་མཇུག་བསྡོམས་བྱས་པ་དང་། ཁ་སང་སྟེ་ཚེས་༨ ཉིན་གོང་གི་བཤད་སྒྲུབ་གཉིས་ཀྱི་སློབ་དཔོན་དང་མཁན་པོ། དགེ་རྒན། ལས་འཛིན། དེ་བཞིན་འཛིན་གྲྭ་གོང་མ་རྣམ་པ་ཚང་མ་འཛོམས་ཐོག་གྲོས་བསྡུར་བགྱིས་ཏེ་ཐེངས་འདིའི་ལས་འཛིན་རྣམ་པ་བདམས་ཐོན་བྱུང་ཡོད། དེ་ཡང་ཚོགས་གཙོ་དགེ་བཤེས་རྣམ་དག་དོན་ལྡན་མཆོག་དང་ཚོགས་གཞོན་ཡོན་ཏན་ཀུན་འབྱུང་། དགེ་སྐོས་གཡུང་དྲུང་རིན་ཆེན། གཉེར་པ་ཁྲི་གཙུག་དོན་ལྡན། དྲུང་ཡིག་གཙུག་ཕུད་འབྱུང་གནས། རྩིས་པ། གཡུང་དྲུང་རྣམ་དག་དང་ཀུན་བཟང་བློ་གསལ་བཅས་བདམས་ཐོན་བྱུང་།

QQ图片20190510103537.jpg

QQ图片20190510103425.jpg
QQ图片20190510103420.jpg

     དེ་རིང་དྲོ་གཞུང་ཆུ་ཚོད་ ༢:༠༠ ཐོག་དབུ་རྩེ་ཁང་དུ། དཔོན་སློབ་རིན་པོ་ཆེ་དང་སྒྲུབ་མཁན་རིན་པོ་ཆེ། གྲྭ་ཚང་བླ་མ་མཆོག་དང་སྒོམ་སྒྲུབ་མཁན་པོ། དགེ་རྒན་དགེ་བཤེས་རྣམ་པ་དང་། འདུས་པ་ཡོངས་རྫོགས་འདུས་ཏེ་ཚོགས་ཆེན་དངོས་སུ་འགོ་བཙུགས་ཤིང་། སྔ་ལོའི་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་སྤེལ་མཚམས་དགེ་སྐོས་བསོད་ནམས་དར་རྒྱས་ནས་ལོ་འཁོར་གཅིག་གི་སྒྲིག་ལམ་གྱི་མ་ཐོ་སྒྲོག་སྦྱོང་བྱས།  མཚམས་སུ་སྒྲིག་སྲུང་དཔེར་འོས་སློབ་མ་རྣམས་དང་གཞུང་འགྲེལ་ངག་རྒྱུགས་འཕར་མ་འབུལ་མཁན་སློབ་མ་རྣམས་ལ་གཟེངས་བསྟོད་ཕུལ། དེ་ནས་ལས་འཛིན་གསར་རྙིང་གཉིས་ལ་མགུལ་དར་སྒྲོན་རྗེས་ལས་འཛིན་རྣམས་ཀྱིས་གཏམ་བཤད་སྤེལ། མཐར་གོང་བཞུགས་བླ་མ་སློབ་དཔོན་དང་མཁན་པོ་དགེ་རྒན་རྣམས་ཀྱིས་གསུང་བཤད་ཟབ་རྒྱས་གནང་མཐར་ཚོགས་གཙོ་མཆོག་གིས་ཚོགས་ཆེན་གྱི་མཇུག་བསྡུའི་གཏམ་དང་སེམས་དཔའ་འདུས་ཚོགས་སྤྱི་ནས་བསྟན་འབར་སྨོན་ལམ་གྱེར་དབྱངས་འཐེན་ནས་རྒྱལ་ཁའི་ངང་གྲུབ་པའོ།། །།

QQ图片20190510103405.jpg

QQ图片20190510103440.jpg

QQ图片20190510103415.jpgQQ图片20190510103430.jpgQQ图片20190510103435.jpgQQ图片20190510103611.jpgQQ图片20190510104922.jpgQQ图片20190510104932.jpg 

 ༢༠༡༩   ཁ་བ་ནས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།