༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2019-04-30] [རྩོམ་པ་པོ།:དྲུང་ཡིག་ཁ་བ] [གཟིགས་ཐེངས:]


微信图片_20190430214357.jpg

   རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ ༢༠༡༧ལོའི་ཟླ༤པའི་ཚེས༡༥ཉིན་ནས་ཚེས༡༦བར་མཚོ་སྔོན་མི་རིགས་སློབ་ཆེན་དུ་འཚོགས་པ་དང་། ཚོགས་ཐོག་ནས་ལོ་རེའི་ཟླ་བ༤པའི་ཚེས༣༠ཉིན་དེ་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འཁེལ་བྱས།
ཟླ་༤པའི་ཚེས་༣༠ཉིན་ཡིག་གཟུགས་དུས་ཆེན་དུ་གཏན་ཁེལ་བྱེད་དགོས་པའི་རྒྱུ་མཚན་ནི། བོད་ཀྱི་ཡི་གེར་དབྱངས་༤དང་གསལ་བྱེད་༣༠ཡོད་པས་སོ། །

༢༠༡༩.༤.༣༠ཉིན་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་མཐོ་རིམ་ལྔ་རིག་བཤད་སྒྲུབ་སློབ་གླིང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས་ཤིང་ཡིག་གཟུགས་འགྲན་བསྡུར་གྱི་མཛད་སྒོ་དང་ཕུལ་བྱུང་སློབ་མའི་ཡིག་གཟུགས་བཤམ་སྟོན་བྱས་ཡོད།


a46715d382c625ea65c5545a9978b4e.jpg


微信图片_20190430214350.jpg

微信图片_20190430214442.jpg

微信图片_20190430214425.jpg

微信图片_20190430214431.jpg

微信图片_20190430214403.jpg

微信图片_20190430214410.jpg


ཡིག་གཟུགས་འབྲི་རྩལ་ལ་ཕུལ་དུ་བྱུང་བའི་དགེ་རྒན་རྣམ་པ་གདན་འདྲེན་ཞུས་ཤིང་ལས་འཛིན་ལྷན་ཚོགས་ཀྱི་དོ་དམ་འོག་ཚུ་ཆོད་༢:༣༠ཐོག་འབྲི་རྩལ་གྱིས་ཕྱུག་པའི་ཡིག་གཟུགས་སྣ་ཚོགས་བཤམ་སྟོན་ལེགས་པར་གྲུབ་རྗེས། བཤད་སྒྲུབ་གཉིས་ཀྱི་སློབ་མ་ཕལ་ཆེར་འདུ་འཛོམས་བྱས་ཏེ་འགྲན་བསྡུར་གྱི་འགོ་རྩོམ། སློབ་མ་རང་རང་སོ་སོས་སྨར་ཆེན་སྨར་ཆུང་དང་ཁྲ་ཆེན་ཁྲ་ཆུང་སོགས་གཙོས་ཡིག་གཟུགས་མི་འདྲ་བ་བཅུ་ཕྲག་ལྷག་ཙམ་བྲིས་འབུལ་ཞུས།

ཆུ་ཚོད་༣:༣༠ཐོག་འགྲན་བསྡུར་གྱི་མཇུག་བསྡུས་ཤིང་བཤམ་སྟོན་བྱས་པའི་ཕུལ་བྱུང་ཡིག

་གཟུགས་ཀྱི་ཕྱོགས་སློབ་མ་རྣམས་ལ་དཔྱད་གླེང་དང་གཟིགས་འབུལ་གྲུབ་རྗེས་ཆུ་ཚོད་༤:༣༠ཐོག་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་བ་ཞུས་པའི་མཛད་སྒོ་ཡོངས་སུ་མཇུག་གྲུབ་བོ།།

微信图片_20190430215517.jpg

༡ ཕྱིའི་མུ་ཁྱུད་དཀར་པོས་བོད་ཀྱི་སྣོད་ཀྱི་འཇིག་རྟེན་གངས་རི་ར་བས་བསྐོར་བ་མཚོན།
༢ ནང་གི་རྒྱབ་ལྗོངས་མཐིང་སྔོན་གྱིས་བོད་ཀྱི་བཅུད་ཀྱི་སེམས་ཅན་རྣམས་འཚེ་མེད་ཞི་བདེ་ལ་དགའ་བ་མཚོན།
༣ སྨྱུག་བུམ་ཤོག་གསུམ་གྱིས་བོད་ཀྱི་ཡིག་མཁན་རྣམས་ཀྱི་གཅེས་ནོར་ཆེན་པོ་གསུམ་མཚོན།
༤ བུམ་གཟུགས་སེར་པོས་བོད་ཀྱི་འོད་སྟོང་འབར་བའི་སྲོལ་རྒྱུན་ལྷ་ཆོས་རིག་གནས་དང་དབུས་གཙང་ཆོས་ཀྱི་ཆོལ་ཁ་མཚོན།
༥ ཤོག་བུ་དཀར་པོས་བོད་ཀྱི་མི་ཆོས་རིག་གནས་དང་མདོ་སྟོད་མིའི་ཆོལ་ཁ་མཚོན།
༦ སྨྱུ་གུ་ལི་ཁྲིས་བོད་ཀྱི་དེང་རབས་རིག་གཞུང་དང་མདོ་སྨད་རྟ་ཡི་ཆོ་ཁ་མཚོན།སུམ་རྟེན་འབྱུང་ལྷན་དུ་འདུས་པའི་ཡི་གེ་༼བོད་༽ཅེས་པས་བོད་ཀྱི་མི་རིགས་ཀྱི་ངོ་བོ་དང་མཐུན་ལམ། སྙིང་སྟོབས་བཅས་མཚོན།
༨ ཟླུམ་རིས་རིམ་པ་གཉིས་ལྷན་དུ་སྦྱར་བས་ནི་གནས་དེང་ཟུང་དུ་འབྲེལ་བའི་བོད་མིའི་རིག་གཞུང་གི་མ་འོངས་མདུན་ལམ་བཅས་མཚོན་ཡོད་པ་ཡིན་ནོ། །

༢༠༡༩ ༤ ༣༠ དྲུང་ཡིག་ཁ་བ་ནས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།