༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
སྒང་རུ་དར་རྒྱས་དགོན་གྱི་ལོ་འཁོར་རྒྱུག་སྤྲོད་ཆེན་མོའི་ངོ་སྤྲོད་མདོར་བསྡུས།།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2019-04-15] [རྩོམ་པ་པོ།:ལས་འཛིན་ལྷན་ཚོགས།] [གཟིགས་ཐེངས:]

QQ图片20190415232717.jpg

     ཉེ་ལམ་༧སྒང་རུ་དར་རྒྱས་དགོན་གྱི་༧མཁན་རིན་པོ་ཆེ་དབྲ་ཁྱུང་སྐལ་བཟང་ནོར་བུའི་དབུ་བཞུགས་དང་ལམ་སྟོན་འོག  ངེད་དགེ་སློབ་ཐུན་མོང་ནས་འབད་བརྩོན་བྱས་པའི་ལག་རྗེས་སམ།  ཡང་ན་དིང་དུས་སྤྱི་ཚོགས་ཀྱི་སློབ་གྲྭ་དགོན་སྡེའི་སློབ་གླིང་ཕལ་ཆེར་གྱིས་འགྲོ་སྟངས་ལྟར་ཁྱུང་ལྔ་རིག་སློབ་གླིང་གི་ལོ་འཁོར་མོའི་ཡིག་རྒྱུག་ཆེན་མོའི་སྐབས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན།  ཟླ་བ་གཅིག་གི་སྔོན་ནས་ཕྲན་གྱིས་དྲི་བ་སུམ་ཅུ་ལྷག་ཙམ་གྱི་རྒྱུག་ཤོག་བཟོས་ཏེ་འཛིན་གྲྭ་སོ་སོར་བཀྲམས།  དཀའ་གནད་ཁག་ལ་རང་གི་ཤེས་ཚོད་ཀྱི་དོག་སློང་བྱེད་པ་དང་སློབ་མ་ཚོས་ནང་སྔ་ལང་དང་དགོང་ཉལ་ཕྱིའི་སྒོ་ནས་བློ་འཛིན་དཔེ་ལྟ་དང།  དཔེ་ཁྲིད་སྐབས་སུ་དོག་དྲི་བྱེད་ནས་ཟླ་བ་གཅིག་ལྷག་ལ་རྒྱུག་ཤོག་ལ་ཟབ་སྦྱོང་གནང་བ་རེད།

QQ图片20190415232706.jpg

     རྒྱུག་སྤྲོད་མགོ་མ་རྩམ་སྔོན་ནས་ཕྲན་གྱིས་རྒྱུག་སྤྲོད་སྐབས་ཀྱི་སྒྲིག་ཁྲིམས་ཤོག་ཛར་ཐོག་ལ་ཡི་གེ་བྲིས་པ་འཁྱེར་མི་ཆོག་པ་དེ་བཞིན་རྒྱུག་སྤྲོད་སྐབས་སུ་ཕན་ཚུན་སྐད་ཅ་བཤད་མི་ཆོག་པ་སྨྱུག་གུ་ནག་པོ་དང་སྔོན་པོ་ལས་དམར་པོས་འབྲི་མི་ཆོག་པ་རྒྱུག་སྤྲོད་འདི་སློབ་མ་ཚོའི་སློབ་སྦྱོང་ལ་སྐུལ་འདེད་བྱེད་ཡས་ཐབས་ཤེས་ལེགས་ཤོས་ཡིན་ཚུལ་དང་སློབ་མས་ཀྱང་ཁྲལ་གསོད་བྱེད་ཙམ་མ་ཡིན་པར་ཁ་ཞེ་གཉིས་མེད་ཀྱི་དང་ལེན་གནང་རོགས་ཞུས།

QQ图片20190415232658.jpg

     ༢༠༡༩ ལོའི་སྤྱི་ཟླ་བཞི་པའི་ཚེས་བཅུ་གཉིས་ལ་༧དབྲ་ཁྱུང་མཁན་རིན་པོ་ཆེ་དང་།  བླ་མ་ཁྱུང་ཤེལ་རྣམ་གཉིས་མཚན་ཉིད་རྒན་དགེ་བཤེས་སྐལ་བཟང་འཕྲིན་ལས་བཅས།  དཔང་པོ་རུ་དབུ་བཞུགས་ཐོག་ཚོགས་གཙོ་དང་དགེ་བསྐོས་ནས་རྒྱུག་སྤྲོད་པར་ལུས་བཤེར་ཏེ་ཤོག་ཛར་ཐོག་ལ་ཡི་གེ་བྲིས་པ་ཁྱེར་ཡོད་མེད་སོགས་རྒྱུག་སྤྲོད་སྐབས་ཀྱི་སྒྲིག་གཞི་ལག་བལྟར་གནང།  དེ་ནས་སློབ་མ་རྣམས་རང་གནས་སུ་སྡད་ཟིན་རྗེས་བླ་མ་རྣམ་པས་ཤོག་སྟོང་དང་རྒྱུག་ཤོག་སོ་སོར་བཀྲམ་ཟིན་པ་དང་མཁར་རྔའི་སྒྲ་གྲགས་པ་དང་སློབ་མས་འབྲི་མགོ་བརྩམས།  དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ལ་འབྲི་ཆོག་གི་རེད།  རིམས་པས་ཚར་བ་དང་རྒྱུག་ཤོག་རྩིས་འབུལ་ཞུ་དགོས།  ཨང་ཐོབ་ཀྱི་གོ་རིམ་དཔྱད་ཞིབ་ཀྱི་གྲུབ་འབྲས་ལྟར་ལོ་འཇུག་གི་ཚོགས་འདུས་ཐོག་ལ་གཟིངས་བསྟོད་ཕྱག་འཁྱེར་གནང་རྒྱུ་བཅས།  གནས་འཕྲིན་འདི་སྐབས་བབ་ཀྱི་ལས་འཛིན་ལྷན་ཚོགས་ནས།། 

QQ图片20190415232713.jpgQQ图片20190415232709.jpg

QQ图片20190415232658.jpg

QQ图片20190415232723.jpg

QQ图片20190415232727.jpg

QQ图片20190415232720.jpg

༢༠༡༩/༤༡༥ཉིན།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།