༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 29
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 4 གསར་བརྡ།
4 གསར་བརྡ།
སྤུ་རྒྱལ་ཤེས་རིག་དཔྱད་གླེང་ཆེད་རྩོམ་སྤྱི་དེབ་གཉིས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2019-04-14] [རྩོམ་པ་པོ།:འཕྲུལ་གྱི་ཡིག་ཚང་།] [གཟིགས་ཐེངས:]


སྤུ་རྒྱལ་ཤེས་རིག་དཔྱད་གླེང་ཆེད་རྩོམ་

སྤྱི་དེབ་གཉིས་པ།


1555214887629382.png1555214886993603.jpg1555214886478900.jpg1555214886100294.jpg

   ཞང་ཞུང་སྲིད་པའི་རྒྱལ་པོའི་ཆབ་འོག་ཏུ་སྔོན་ཆད་ནས་ཤེས་རིག་གི་མ་ལག་འཐུས་ཚང་བ་ཞིག་བསྐྲུན་མྱོང་བའི་ཡུལ་གྲུ་སྟེ། ཁྱུང་པོ་ཡུལ་གྱི་སྟོད། སྤུ་རྒྱལ་གངས་ཀྱི་ས། དེ་དང་ད་ེཡི་ཉེ་འཁོར་གྱི་ཤེས་ཡོན་འཛོམས་པ་དང་། རིག་གནས་ལ་དགའ་བ། སྤྱི་ལ་སེམས་པ་དག་གི  ཐུགས་ཀྱི་འདུན་མ་ཞིག་ནི། སྐྱ་སེར་ཀུན་དང་། ཕོ་མོ་ཁྱད་མེད་ལ་ཤེས་ཡོན་གངས་འཚམས་རྒྱུས་མངའ་འབྱུང་ཞིང་། བློ་བསྐྱེད་ཕན་ཚུན་སྟེར་རེས་བྱུང་ན་བསམ་པའི་སྟེགས་བུ་ཞིག ཕྱི་ལོ་༢༠༡༥ལོར་གྲོས་འགོ་བཙུགས་ཤིང་། ༢༠༡༦ གྲོས་ཚོགས་བསྐོངས། ༢༠༡༧ལོར་དངོས་སུ་བགྲོ་གླེང་སྐབས་དང་པོ་འཚོགས་པ་རེད། ༢༠༡༨ལོར་བགྲོ་གླེང་སྐབས་གཉིས་པ་འཚོགས་ཟིན། 

1555214887546933.png1555214887133777.png1555214887592676.png

   བགྲོ་གླེང་དེ་ཡང་གང་བྱུང་མང་བྱུང་གི་འཕྲོས་མོལ་མ་ཡིན་ལ། ཅི་དྲན་གང་དྲན་གྱི་གཏམ་འཆལ་ག་ལ་སྟེ། ལྷག་བསམ་དང་ཡར་སྐུལ་གྱིས་ཀུན་ནས་བསླངས་ཤིང་། དཔེ་དཔྱད་དང་ཞིབ་འཇུག་གི་ངོ་བོར་གྲུབ་པའི་རིག་གནས་ཀྱི་ལས་ཀ་ཤིག་སྟེ། དཔྱད་རྩོམ་གྱི་ཡི་གེ་བརྙན་ཡོལ་ལས་འཆར་ཞིང་། རྩོམ་པ་པོ་གར་གྱི་སྟེགས་བུར་བཞེངས་ནས། ངག་གིས་བགྲོ་ཞིང་ལག་གིས་བརྡས་མཚོན་ལྟད་མོ་བ་དང་འཚོག་མི་ཀུན་ལ་བློ་བསྐྱེད་ཀྱི་ལམ་ཁ་སྟོན་པ་ཞིག་རེད།

  1555214887832191.jpg1555214887683775.jpg1555214886585189.jpg

   དེ་ཡང་ད་ལན་འདིར། ས་ཕག་ལོའི་དགུན་གྱི་རྒྱལ་མོས་མཐོ་སྒང་གི་རི་ཀླུང་རྣམས་དབང་དུ་བཏབ། ཁ་བའི་འདབ་མ་དག་ཉིན་ནས་ཉིན་བསྟུད་མར་བབ་ཏེ། ཁྱུང་པོའི་བྱང་རྒྱུད་ཀྱི་འབྲོག་ཡུལ་ཁག་ནི་རྒན་རབས་དཔའ་བོའི་རང་བསྲན་གྱིས་འཚོ་བ་ལས། དུས་རབས་གསར་པའི་ན་གཞོན་ཚོ་བརྡར་སྐད་འཆོར་ལ་ཉེ་བའི་སྐབས་སུ། ང་དང་གྲོགས་ཀྱིས་འབད་བརྩོན་བརྒྱུད་ཕྱི་ལོ༢༠༡༨ལོའི་བགྲོ་གླེང་ཐོག་གི་ཆེད་རྩོམ་རྣམས་ཕྱོགས་བསྡུས་ཞུ་དག་ཅི་ཐོན་བགྱིས་ཏེ། སྤོས་ངད་ལྡན་པའི་གྲོང་ཁྱེར་ནས་པར་དུ་བསྐྲུན་ཏེ། རྒྱ་ཆེའི་གཟིགས་མོ་བ་ཡོངས་ཀྱི་མདུན་སར་འགྲེམ་སྤེལ་བྱེད་བཞིན་ཡིན། དེང་གི་ཆར་བརྡ་འཕྲིན་གྱི་དུས་རབས་ཟེར་བ་འུ་ཚོའི་གོ་ལམ་དུ་གྲགས་ཤིང་གྲུབ་པ་ལྟར། འདིར་ཁྱུང་པོའི་དྲ་བ་ནས་འགྲེམ་བརྡ་ཞུས་པ་ཡིན། 





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།