༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 20
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་སློབ་ཐོན་མཛད་སྒོའི་ཉིན་བདུན་པ།
[རྩོམ་ཁུངས།:ཁྱུང་པོ་དྲ་བ།] [ཟླ་ཚེས།:2018-11-26] [གཟིགས་ཐེངས:]


ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་སློབ་ཐོན་

མཛད་སྒོའི་ཉིན་བདུན་པ།


     འབྱུང་ལྡན་༣༠༡ བོད་ས་ཁྱི་ལོའི་ཟླ་བ ༡༠ པའི་ཚེས ༡༨ དང་། འདི་ལོའི་སྤྱི་ཟླ ༡༡ པའི་ཚེས་པ ༢༦ ཉིན་གྱི་སྔ་དྲོའི་ཕྱག་ཚོད ༡༠:༠༠ ཐོག  དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་གསས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་དུ་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་འོག་བཀའ་རམས་པ་རྣམས་མདུན་གྲལ་ཁ་སྤྲོད་དུ་བཀྲ་ཤིས་དམ་བཅའ་བཞུགས་ཤིང་། དེ་མཚུངས་འདུས་མང་རོལ་མཚོ་ཆེན་མོ་ཡང་ལྷོད་ཀྱིས་བཞུགས་གྲལ་དུ་འཁོད།

QQ图片20181126234303.jpg

QQ图片20181126234312.jpg

     དེ་ནས་རམས་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་བཤད་གྲྭའི་སློབ་གཉེར་བ་རྣམ་པ་རྒན་རིམ་བཞིན་གྲལ་ནས་བཞེངས་ཏེ། མདོ་རྒྱུད་རྒྱ་མཚོའི་ཁོང་ནས་བླངས་པའི་ཤིས་བརྗོད་རྟེན་འབྲེལ་གྱི་ནོར་བུ་འོད་དུ་འབར་བ་ལྟ་བུའི་ཚིག་ཕྲེང་རྣམས་དྲངས་ཏེ། བཀྲ་ཤིས་རྟེན་འབྲེལ་གྱི་ཤིས་བརྗོད་རབས་དང་རིམ་པར་ཕུལ།

1543227722935534.jpg

     ཆུ་ཚོད ༡༡:༠༠ ཐོག་བཀའ་རམས་པ་ལྷ་ལྡོང་སེམས་དཔའ་མཆོག་གི་རམས་འབྱམས་པའི་དཔྱད་དེབ«དཔྱད་ཞིབ་ཕྲ་མོ»འགྲེམ་སྤེལ་མཛད་སྒོ་འཚོགས་ཡོད། ཐེངས་འདིའི་མཛད་སྒོ་ཐོག་ཏུ་སློབ་གླིང་འདི་གའི་དགེ་རྒན་ཆེན་མོ་ཚུལ་ཁྲིམས་འབྱུང་གནས་མཆོག་གིས་མཛད་སྒོའི་གཙོ་སྐྱོང་གནང་ཞིང་། དེབ་འདིའི་རྩོམ་པ་པོ་ཉིད་ཀྱིས་ཀྱང་དཔྱད་དེབ་དང་འབྲེལ་བའི་གཏམ་བཤད་སྤེལ་བ་མ་ཟད། མཛད་སྒོའི་ཚོགས་མགོན་དུ་བཞུགས་པའི་མཁན་སློབ་རྣམ་པ་དང་། དགེ་བཤེས་རྣམ་པ་ལ་དཔྱད་དེབ་འདིའི་དཔེ་ཕུད་ཕུལ་བ་བཅས་གྲུབ།

QQ图片20181126234317.jpg
དགེ་རྒན་ཆེན་མོ་ཚུལ་ཁྲིམས་འབྱུང་གནས་མཆོག་གིས་མཛད་སྒོ་གཙོ་སྐྱོང་གནང་བཞིན་པ།

QQ图片20181126234152.jpg

1543223215589183.jpg

དཔེ་ཕུད་འབུལ་བཞིན་པ།

QQ图片20181126234308.jpg

དེབ་འདིའི་རྩོམ་པ་པོས་གཏམ་བཤད་གནང་བཞིན་པ།

QQ图片20181126234340.jpg

     ཆུ་ཚོད ༡༣:༠༠ ཐོག་ཚོགས་ཁང་ཆེན་མོའི་གཡོན་མདུན་ནས  དཔོན་གསས་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དང་ལྷན་དུ་ཐེངས་འདིའི་བཀའ་རམས་པ་རྣམས་དང་སྒྲུབ་གྲྭ་དང་སྒོམ་གྲྭའི་སློབ་ཐོན་པ་ཉེར་བརྒྱད་ཀྱི་ཕྱག་འཁྱེར་རྣམས་གྲལ་བསྒྲིགས་ཏེ་སྤྱན་རྒྱ་སྤོས་མེས་མདུན་བསུས་ཤིང་། གཡས་མདུན་ནས་  སློབ་དཔོན་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་དང་བཀའ་རམས་པ་བཅུ་གཉིས་བཅས་སྤྱན་རྒྱ་སྤོས་མེས་གདན་དྲངས་པ་དང་། ཚོགས་ཁང་ཆེན་མོའི་མདུན་ཐང་ནས  སྒྲུབ་གྲྭའི་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་མཆོག་དང་སྒོམ་གྲྭ་དང་སྒྲུབ་གྲྭའི་སློབ་ཐོན་པ་ཞལ་གྲངས་བཅུ་དྲུག་བཅས་རོལ་མོས་སྤྱན་དྲངས་པ་ཏེ། ཚོགས་ཁང་གི་སྒོ་འཕྱོར་ནས་སེར་ཕྲེང་རྩེ་སྤྲོད་ཀྱིས་ནང་དུ་ཕེབས་གྲུབ་མཚམས་ལྷོད་ཀྱིས་གདན་གྲལ་དུ་འཁོད་ཡོད། དེ་ནས  སློབ་དཔོན་རིན་པོ་ཆེ་མཆོག་རྩིབས་བརྒྱད་འཁོར་ལོའི་ཁྲི་ལ་བཞེངས་ཏེ  སྨན་རི་མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས་མཛད་པའི«མཚན་བཏགས་ཚིག་བཤད་རབ་དཀར་པད་མོའི་འཕྲེང་མཛེས»གསུངས་པ་དང་ཆབས་གཅིག་ཐེངས་འདིའི་བཀའ་རམས་པ་རྣམ་པ་བཅུ་གཉིས་ལ་རབས་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་དངོས་སུ་གསོལ་གནང་། དེ་མཚམས་འདུས་མང་གིས་བསྔོ་བའི་དབུ་ཡི་ཚིག་བཤད་གསུངས་པ་དང་མཚམས་སུ  སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་བསྔོ་བ་བདེ་ལེགས་ཀུན་འབྱུང་གསུངས་ཤིང་འདུས་མང་གིས་མཐར་ཚིག་བཅས་གསུངས་གྲུབ་པ་དང་། སྐབས་འདིར  སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་གིས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་རྣམས་དང་། སྒོམ་གྲྭའི་རྣལ་འབྱོར་པ། སྒྲུབ་ཐོན་རྣལ་འབྱོར་པ་བཅས་ལ་ཕྱག་འཁྱེར་བྱིན་མདུད་བཅས་བསྩལ་གནང་བ་དང་ཆབས་གཅིག  སློབ་དཔོན་རིན་པོ་ཆེ་དང  སྒྲུབ་གྲྭའི་མཁན་རིན་པོ་ཆེ།  གྲྭ་ཚང་མཁན་པོ་གཙུག་གསས་ཡང་རྒྱལ་རིན་པོ་ཆེ་བཅས་ཀྱིས་མགུར་དར་དང་ཕྱག་རྟགས་བསྩལ་མཛད། དེ་མཚམས་ཐེངས་འདིའི་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་རྣམས་ཀྱིས«མཆོད་ཚིག་སྨོན་པ་ཡོངས་འགྲུབ»དང«མཚན་ཉིད་ཚིག་བཀྲའི་རིམ་པ་རབ་དཀར་པད་མོའི་འཕྲེང་བ»བཅས་སྒྲོག་གྱེར་གནང་བ་དང་སྟབས་གཅིག་མེ་ཏོག་སིལ་མའི་མཆོད་པས་དཀར་ཕྱོགས་ལྷ་མི་རྣམས་དགྱེས་པར་མཛད།

QQ图片20181126234129.jpg

QQ图片20181126234156.jpg

 དཔོན་གསས་བླ་མ་མཆོག་ཚོགས་ཁང་ཆེན་མོའི་གཡོན་ཕྱོགས་ནས་སྤྱན་འདྲེན་བཞིན་པ།

QQ图片20181126234332.jpg

QQ图片20181126234320.jpg

QQ图片20181126234205.jpg

QQ图片20181126234209.jpg

 སློབ་དཔོན་མཆོག་དང་བཀའ་རམས་པ་རྣམས་ཚོགས་ཁང་ཆེན་མོའི་གཡས་ཟུར་ནས་མདུན་བསུ་བཞིན་པ།

QQ图片20181126234146.jpg

QQ图片20181126234209.jpg

QQ图片20181126234215.jpg

QQ图片20181126234348.jpg

QQ图片20181126234212.jpg 

QQ图片20181126234352.jpg

QQ图片20181126234426.jpg

QQ图片20181126234441.jpg

 སྒྲུབ་མཁན་མཆོག་དང་སྒོམ་སྒྲུབ་གཉིས་ཀྱི་སློབ་ཐོན་པ་རྣམས་ཚོགས་ཁང་ཆེན་མོའི་མདུན་ཐང་ནས་གདན་འདྲེན་ཞུ་བཞིན་པ།

QQ图片20181126234357.jpg

QQ图片20181126234434.jpg

QQ图片20181126234445.jpg

QQ图片20181126234402.jpg

QQ图片20181126234437.jpg

 སློབ་དཔོན་མཆོག་ནས་མཚན་བཏགས་ཚིག་བཤད་གསུང་བཞིན་པ།

QQ图片20181126234454.jpg

QQ图片20181126234421.jpg

QQ图片20181126234506.jpg

QQ图片20181126234503.jpg

1543224510866163.jpg

QQ图片20181126234449.jpg

QQ图片20181126234430.jpg

QQ图片20181126234755.jpg

 དཔོན་གསས་བླ་མ་མཆོག་གིས་ཕྱག་འཁྱེར་གནང་བཞིན་པ།

1543224694128432.jpg

འགུལ་དར་སྒྲོན་བཞིན་པ།

1543224736655862.jpg

QQ图片20181126234517.jpg

 མཁན་པོ་གཙུག་སྲས་ཡང་རྒྱལ་མཆོག

1543224814441380.jpg

QQ图片20181126234509.jpg

1543224942431286.jpg

ཚིག་བཀྲ་གསུང་བཞིན་པ།

1543224977471773.jpg

1543225023658939.jpg

ཚིག་བཀྲ་གསུང་བཞིན་པ།

QQ图片20181126234536.jpg

QQ图片20181126234324.jpg

QQ图片20181126234642.jpg

     དེ་ནས་མཁན་སློབ་དགེ་བཤེས་འདུས་མང་དང་བཅས་ཞབས་སྐོར་ཕེབས་གྲུབ་པ་དང་། ཚོགས་ཁང་གི་སྒོ་མདུན་དུ་ལྷ་རྒྱལ་དབྱངས་སུ་གྱེར་བཞིན་ཕྱེ་མར་མཆོད་པ་དང་ལྷན་དུ  མཁན་རིན་པོ་ཆེ་མཆོག་གིས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དང་། སྒོམ་གྲྭའི་རྣལ་འབྱོར་པ། སྒྲུབ་ཐོན་རྣལ་འབྱོར་པ་བཅས་ལ་རིམ་པ་བཞིན་དུསྐལ་པ་བཟང” ཞེས་པའི་གསུང་གི་འབོད་སྒྲ་སྒྲོག་གནང་མཛད།

QQ图片20181126234616.jpg 

     དེ་ནས་ཐེངས་འདིའི་དགེ་བཤེས་རྣམས་དང་། སྒོམ་གྲྭ་དང་། སྒྲུབ་གྲྭའི་སློབ་ཐོན་པ་རྣམས་དབུ་རྩེ་ཁང་དུ་གདན་འདྲེན་ཞུས་ཤིང་འདུས་པ་རྒྱ་མཚོས་བླ་མ་མཆོད་པ་དབྱངས་སུ་གྱེར་ཏེ་ཁྲི་བཀོད་མངའ་གསོལ་མཛད་ཅིང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་མང་ཚོགས་རྣམས་འཚང་ཁ་ཤིག་ཤིག་གིས་སྐལ་པ་བཟང་པོའི་དབྱངས་དང་བཅས་མཇལ་དར་ཕུལ་བ་སྟེ་ཉིན་འདིའི་མཛད་རིམ་མཇུག་གྲུབ་བོ།།

QQ图片20181126234627.jpg

QQ图片20181126234620.jpg

QQ图片20181126234337.jpg

QQ图片20181126234603.jpg

QQ图片20181126234543.jpg

QQ图片20181126234635.jpg

QQ图片20181126234631.jpg

QQ图片20181126234639.jpg

QQ图片20181126234654.jpg

QQ图片20181126234646.jpg

པར་ལེན་པ། ཨ་ཁུ་དྲང་ཉི།
གསར་འགོད་པ། ཁ་བ།
རྩོམ་སྒྲིག་པ། ཚ་བའི་འཕྲུལ་མདའ།
མཁོ་འདོན་གནང་མཁན། འདི་གའི་བཤད་སྒྲུབ་སློབ་གླིང་།
༢༠༡༨/༡༡/༢༦/ཉིན་དྲུང་ཡིག་ཚང་ནས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།