༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 25
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་སློབ་ཐོན་མཛད་སྒོའི་ཉིན་དྲུག་པ།
[རྩོམ་ཁུངས།:ཁྱུང་པོ་དྲ་བ།] [ཟླ་ཚེས།:2018-11-25] [གཟིགས་ཐེངས:]

ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་སློབ་ཐོན་

མཛད་སྒོའི་ཉིན་དྲུག་པ།


1543130736615298.jpg

     ཁྱུང་པོ་སྟེང་ཆེན་དགོན་གྱི་སྒྲུབ་ཐོན་ཐེངས་བཅུ་དྲུག་པ་དང་། སྒོམ་གྲྭ་ཐེངས་གསུམ་པའི་རྣལ་འབྱོར་བ་ཁྲི་ཐོན་མཛད་སྒོ་སྟེ།

QQ图片20181125221226.jpg

1543130983128312.jpg

གཤེན་གྱི་སྒོམ་གྲྭ་སློབ་ཐོན་པ་དང་སྒྲུབ་ཐོན་རྣལ་འབྱོར་པ་རྣམས་གསས་ཁང་ཆེན་མོའི་ནང་དུ་ཕེབས་བསུ་ཞུ་བཞིན་པ།

 1543131021774334.jpg

     འབྱུང་ལྡན་༣༠༡ བོད་ས་ཁྱི་ལོའི་ཟླ་བ། ༡༠ པའི་ཚེས ༡༧ སྤྱི་ལོ ༢༠༡༨/༡༡/༢༥ ཉིན་སྔ་དྲོའི་ཕྱག་ཚོད་༩:༠༠ཐོག་འདུ་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་གི་སྒོ་འཕྱོར་ལོགས་གཅིག་ནས་དཔོན་གསས་བླ་མ་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དུང་རྒྱ་སྤོས་མེས་སྤྱན་དྲངས་པ་དང་། ཟུར་གཅིག་ནས་དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་དང་། སྒྲུབ་གྲྭའི་མཁན་པོ་འཕགས་མཆོག་རིན་པོ་ཆེ་རྣམ་པ་གཉིས་དང་ལྷན་དུ་སྒྲུབ་ཐོན་པ་ཞལ་གྲངས་བཅུ་བཞི་དང་། སྒོམ་གྲྭའི་རྣལ་འབྱོར་པ་ཞལ་གྲངས་གཉིས་བཅས། སྤྱན་རྒྱ་སྤོས་མེས་སྣེ་དྲངས་ཏེ། ཚོགས་ཁང་ཆེན་མོར་གདན་ལ་འཁོད་མཚམས། ད་ཐེངས་ཀྱི་སྒྲུབ་ཐོན་པ་དང་། སྒོམ་གྲའི་སློབ་ཐོན་པ་རྣམས་ཀྱིས་བླ་མ་དང་སློབ་གླིང་གི་བཀའ་དྲིན་བསམ་པའི་མཚོན་བྱེད་དུ་སྐུ་གསུང་ཐུགས་རྟེན་དང་བཅས་པའི་འབུལ་ཚན་གྱི་རིམ་པ་རྣམས་སྡེབ་ལེགས་ཚིག་གི་ཕྲེང་བས་མཚམས་སྦྱར་ཏེ་བསྟར་འབུལ་ཞུས། དེ་མཚམས་དགོན་འདིའི་ལུགས་སྲོལ་བཞིན་གཤེན་གྱི་སྒྲུབ་ཐོན་པ་ཁྲི་གཙུག་དཔལ་ལྡན་མཆོག་ནས་སྡེ་སྣོད་མཛོད་ཀྱི་རྩ་གཞུང་ཆ་ཚང་དཀྱུས་གཅིག་ཏུ་ངག་རྒྱུགས་ཕུལ། མཚམས་སུ་སྒོམ་གྲྭའི་རྣལ་འབྱོར་པ་ཤེས་རབ་ཚུལ་ཁྲིམས་མཆོག་ནས་ཁྱུང་པོ་སྟེང་ཆེན་དགོན་པའི་བཀའ་དྲིན་ལེགས་གསོལ་གྱི་བསྟོད་བཤད་དང་འབྲེལ་རྫོགས་པ་ཆེན་པོ་ཉམས་སུ་ལེན་དགོས་སྐོར་གྱི་གསུང་བཤད་གནང་། དེ་རྗེས་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་དར་རྒྱས་བསྟན་པས། «གསང་སྔགས་རྒྱུད་སྡེ་བཞི་ཡི་ལྟ་སྒོམ་སྤྱོད་གསུམ»ཞེས་པའི་ཁ་བྱང་ཐོག་ནས་འཆད་ཁྲིད་རྒྱུགས་འབུལ་གནང་གྲུབ་པ་བཅས།

QQ图片20181125221242.jpg

QQ图片20181125221249.jpg

QQ图片20181125221312.jpg

QQ图片20181125221337.jpg

QQ图片20181125221333.jpg

QQ图片20181125221222.jpg

QQ图片20181125221218.jpg

1543132433822001.jpg

སྡེ་སྣོད་མཛོད་གཞུང་ངག་རྒྱུགས་འབུལ་བཞིན་པ།

QQ图片20181125221215.jpg

སྒོམ་གྲྭ་དང་སྒྲུབ་ཐོན་རྣལ་འབྱོར་པས་འཆད་ཁྲིད་གནང་བཞིན་པ།

སྒྲུབ་གྲྭ་དང་སྒོམ་གྲྭའི་སློབ་ཐོན་པའི་སྔོན་འགྲོའི་མཛད་རིམ་གྲུབ་པ་ཡིན།

QQ图片20181125221157.jpg

QQ图片20181125221305.jpg

QQ图片20181125221145.jpg

    དུས་ཚོད ༡༣:༠༠ པའི་ཐོག་  སྐྱབས་རྗེ་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དང་  དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན།  སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་གཙོས་བཀའ་རམས་པ་འོག་མ་རྣམ་བཞི་སྟེ  ཀླུ་རྩེ་དྲང་སྲོང་བསྟན་འཛིན་མདོ་སྔགས་རྒྱ་མཚོ་དང་། དབྲ་རུ་དྲང་སྲོང་སྦྱིན་པ་ཕུན་ཚོགས་འབྱུང་གནས། ལྷ་ལྡོང་དྲང་སྲོང་མཐོང་ལམ་གཡུང་དྲུང་སེམས་དཔའ། གཙང་ཚ་དྲང་སྲོང་གཤེན་བསྟན་ཕུན་ཚོགས་དཔལ་བཟང་བཅས་གསས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་དུ་སྙན་པ་སྒྲ་ལྡན་དང་ཞིམ་པ་དྲི་ལྡན། མཛེས་པ་རྒྱན་ལྡན་བཅས་ཀྱིས་མདུན་བསུས་ཏེ་སྦྱིན་པའི་བདག་པོའི་ཕྱོགས་ནས་གཡུང་དྲུང་བསྟན་བདག་རྣམས་ལ་བསྙེན་བཀུར་ཟབ་རྒྱས་ཞུས་ཤིང་ལེགས་པར་གྲུབ་རྗེས་བཀའ་རམས་པ་རྣམ་བཞིས་དམ་བཅའ་གོང་འོག་གི་ངག་རྒྱུགས་ཕུལ་ཡོད།
  
ཐེངས་འདིར་དམ་བཅའི་དབུ་བཞུགས་ནི  སྐྱབས་རྗེ་བླ་མ་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་དང་  སློབ་དཔོན་ཆེན་མོ་རྒྱལ་བ་བསྟན་འཛིན་མཆོག   སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་མཆོག  དཔལ་ལྡན་ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་གི  སློབ་དཔོན་ཆེན་མོ་ཡོན་ཏན་ཕུན་ཚོགས་མཆོག   མེ་སྟོན་གདན་ས་ཆེན་མོ་མཐོང་གྲོལ་རི་ཁྲོད་དགོན་གྱི  སློབ་དཔོན་ཆེན་མོ་བློ་གྲོས་རབ་གསལ་མཆོག་དང་བཅས་དབུ་བཞུགས་མཛད་ཡོད། ཆུ་ཚོད ༢:༠༠ པའི་ཐོག་རྩོད་པའི་དམ་བཅའ་དངོས་སུ་འགོ་བཙུགས་ཤིང་དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་ཀུན་གྲགས་མཆོག་དང་སློབ་གླིང་འདི་གའི་དགེ་རྒན་གྱི་མཚན་འཆང་པའི་དགེ་བའི་བཤེས་གཉེན་རྣམ་པ་གཙོས་ཕྱོགས་ཀུན་ནས་ཕེབས་པའི་དགེ་བཤེས་ཆེན་མོ་དུ་མ་ཞིག་གིས་རྫོགས་པ་ཆེན་པོའི་གཞུང་ལས་རྩོད་པ་ཕུལ་ཡོད། དེ་རྗེས་དཔལ་ལྡན་ཀོ་རྒྱལ་དགོན་ནས་ཕེབས་པའི་སློབ་མ་དང་མཐོང་གྲོལ་རི་ཁྲོད་དགོན་ནས་ཕེབས་པའི་སློབ་མ། དགོན་འདི་གའི་སློབ་མ་འགའ་དང་བཅས་ཀྱིས་གསང་བ་སྔགས་དང་འདུལ་བ་མདོ། སྣང་སྲིད་མཛོད། དབུ་མ། ཕར་ཕྱིན་བཅས་ནས་རྩོད་པ་མཛད་མཐར་དུས་ཚོད ༥:༣༠ ཐོག་གྲོལ་ཡོད།

QQ图片20181125221308.jpg

QQ图片20181125221246.jpg

བཀའ་རམས་པ་རྣམས་ཀྱིས་དམ་བཅའ་གོང་འོག་ངག་རྒྱུགས་འབུལ་བཞིན་པ།

QQ图片20181125221429.jpg

QQ图片20181125221330.jpg

QQ图片20181125221319.jpg

QQ图片20181125221407.jpg

QQ图片20181125221424.jpg

QQ图片20181125221421.jpg

QQ图片20181125221404.jpg

QQ图片20181125221257.jpg

QQ图片20181125221414.jpg

QQ图片20181125221418.jpg

QQ图片20181125221433.jpg

པར་ལེན་པ། ཨ་ཁུ་དྲང་ཉི།
མཁོ་འདོན་གནང་མཁན། འདི་གའི་བཤད་སྒྲུབ་སློབ་གླིང་།
༢༠༡༨/༡༡/༢༥/ དྲུང་ཡིག་ཚང་ནས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།