༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 16
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་སློབ་ཐོན་མཛད་སྒོའི་ཉིན་ལྔ་པ།
[རྩོམ་ཁུངས།:ཁྱུང་པོ་དྲ་བ།] [ཟླ་ཚེས།:2018-11-24] [རྩོམ་པ་པོ།:ཁ་བ།] [གཟིགས་ཐེངས:]

ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་སློབ་ཐོན་

མཛད་སྒོའི་ཉིན་ལྔ་པ།


     ཡ་གླིང་གི་སྒལ་ཚིགས་སུ་གྲགས་པའི་ཁུ་ནུ་རི་རྒྱུད་ནུབ་ནས་བྱང་དུ་བསྲིངས་ཤིང་། རྔམ་བརྗིད་ཀྱི་རི་བོ་ཧི་མ་ལ་ཡས་ལྷོ་ནས་ནུབ་ཏུ་བསྐོར་ཏེ་མངའ་རིས་མཐོ་སྒང་གི་ནུབ་མཐའ་ན་ཀྲོང་ངེར་འགྱིང་བའི་གངས་རྒྱལ་ཏི་སེ་ནི། མིང་གྲགས་ཆེ་བའི་ཆོས་ལུགས་མང་པོའི་གནས་རི་ཞིག་དང་འཛམ་གླིང་སྐྱེ་བོ་ཁྲི་སྟོང་མང་པོའི་དད་ཡུལ་ཞིག་ཏུ་ལགས་ན། ཁ་འབབ་ཆུ་བོ་ཆེན་པོ་བཞི་ཡིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་དུ་མིའི་རིགས་ཀྱི་ཤེས་རིག་གི་ཉི་ཟླ་བསྣམས་ཡོད་ལ། “བོད་ལྗོངས་ནི་མིའི་རིགས་ཀྱི་ཤེས་རིག་འབྱུང་སའི་འགུལ་སླེའི་ནང་དུ་གནས་ཡོད”ཅེས་འབོད་པ་ཡང་དོན་དང་མཚུངས། 
     དེ་ཡང་། གནའ་བོའི་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་ཀྱི་གཟི་བརྗིད་དག་གླེགས་བམ་རྙིང་པའི་སྒོ་ཁ་ཕྱེས་པས་མཐོང་ཐུབ་ཅིང་། དམུ་གཤེན་གྱི་གདུང་ལས་འཁྲུངས་པའི་གཤེན་རབ་མི་བོ་ཆེས་མ་དྲོས་མཚོ་མོའི་འགྲམ་དུ་སྐུ་ཁྲུས་གསོལ་བ་ནས་བཟུང་། ཞང་ཞུང་རྒྱལ་པོ་ཁྲི་ཝེར་གྱི་སྐུ་དུས་སུ་གཤེན་རབ་མི་བོའི་དངོས་སློབ་འཛམ་གླིང་མཁས་པའི་རྒྱན་དྲུག་བཅས་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱུང་ཞིང་། བཅུ་ཕྲག་རིག་པའི་གནས་ཆེན་ཀུན་པོ་ཆེ་ནི་ཁ་འབབ་ཆུ་བོ་བཞི་ཡི་ཚེ་ཐག་དང་ལུ་གུ་རྒྱུད་དུ་འགྲོགས་ཏེ། ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ཀྱི་གཟི་བརྗིད་པང་དུ་བླངས་ནས་དར་ཆ་མཁའ་ལ་བསྒྲེངས་བ་དང་། རྒྱལ་གཤེན་མཉམ་ཆགས་ཀྱི་ལོ་རྒྱུས་སྲིད་པའི་ས་གཞི་ཐོག་ཏུ་འབྲི་འགོ་བརྩམས་ཡོད། 
     སྤུ་རྒྱལ་བོད་ཀྱི་རྒྱལ་རབས་ཐོག་མ་དམུ་ཐག་གནམ་ནས་བརྒྱུད་པའི་རྗེ་བོ་གཉའ་ཁྲི་བཙན་པོའི་ཞབས་ཀྱི་པད་མོ་བོད་ཁ་གཡག་དྲུག་གི་མི་འཇིགས་སེང་གེའི་ཁྲི་ཐོག་ཏུ་འཁོད་པ་ནས། ཡར་ཀླུང་གི་གསས་ཁང་གཡུང་དྲུང་ལྷ་རྩེ་ནས་གཤེན་གླུ་དགུང་དུ་བླངས་ཤིང་བོན་གྱི་འདུས་སྡེའི་སྐར་ཚོགས་ས་ལ་འཐོར་བའི་ལུགས་གཉིས་སྲིད་པའི་བོན་བསྟན་གྱིས་བསྒམ་ཞིང་བརླིང་པའི་གཟི་བརྗིད་འཆང་སྟེ། བོན་ཤེས་པ་བཅུ་གཉིས་ཀྱང་གྲགས་སོ།། ཁྱད་པར་དུ་རྗེ་བཙུན་མཉམ་མེད་འགྲོ་བའི་མགོན་པོའམ། རྒྱལ་བ་སྨན་རི་བའི་མདོ་སྔགས་ཉི་ཟླ་ཟུང་འབྲེལ་གྱི་བསྟན་པ་དར་རྒྱས་ཀྱི་སྐབས་ནས་བཟུང་། འཆད་རྩོད་རྩོམ་གསུམ་གྱི་ལེགས་བྱང་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཏེ། མདོ་འབུམ་རྒྱུད་མཛོད་གཙོ་བཞག་གིས་རིག་པའི་གནས་ཆེན་ཁག་གིས་ས་ཆེན་པོ་སྟེ། གླིང་ཆེན་རྣམས་ཀྱི་ལྟེ་བའམ་སྙིང་པོ་རུ་གྲགས་པའི་ཨེ་ཤ་ཡའི་གླིང་འདི་ཉིད་ཡོངས་སུ་བཀབ་པར་བྱས་ཡོད་ཅེས་བརྗོད་ཆོག་གོ། 
     དེ་ལྟ་སྟེ། མི་རྗེ་ཁྱུང་དཀར་རྒྱལ་པོའི་གདན་ས། བྲག་དམར་མེ་རི་འབར་བའི་མདུན་ཞོལ། སུམ་གླང་ས་ཡི་ཐིག་ལེའི་དཀྱིལ་སྙིང་། ཞང་ཞུང་སྒོ་པ་ཆེན་པོའི་མངའ་ཁོངས། ཁྱུང་པོ་དཀར་ནག་སེར་གསུམ་གྱི་ནང་ཚན། དཔལ་གྱི་ཁྱུང་ཡུལ་རིག་པ་འབྱུང་བའི་ལྟེ་གནས། རྔུལ་རྫ་ཟབ་མོའི་དར་དཀར་གྱི་ཡོལ་བ་ཤར་ནས་ནུབ་ཏུ་འཐེན་པའི་གཡས་ཕྱོགས་ཏེ། གཡུང་དྲུང་གི་བོན་རིན་པོ་ཆེའི་འདུས་སྡེ་ཆེན་མོ་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་དུ་ཤེས་རིག་གི་བདུད་རྩི་དཔྱིད་ཀྱི་དཔལ་ལ་འགྲན་པའི་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་ས་གསུམ་ཀུན་ལ་ཁྱབ་པའི་ད་ལ་ཐུག་གི་བར་དུ། རྒྱལ་བ་སྨན་རི་བའི་ལུགས་སྲོལ་དྲི་མ་མ་ཡལ་བའི་སྒོ་ནས་བོན་གྱི་ཚད་མ་རིག་པའི་གཞུང་འཆད་ཉན་གྱི་བཤད་གྲྭའི་བསྟན་པ་བསྐྱངས་དང་སྐྱོང་མུས་སུ་མཆིས་ཤིང་། རིག་གནས་གསར་བརྗེ་ཆེན་པོའི་རླུང་འཚུབ་འཇགས་པའི་ཚུན་ཆད་དུ་དགོན་འདིར་ཚད་མ་རིག་པའི་གཞུང་འཆད་ཉན་གྱི་སྡེ་བཤད་གྲྭ་སླར་བཙུགས་ནས་ལོ་ངོ་ཉི་ཤུའི་གྲངས་ལ་ཟིན་གྲབས་ཡོད། དེའི་བར་དུ་དངོས་གཞིའི་སྒྲིག་འོག་ནས་ལོ་ངོ་བཅུ་ཕྲག་གི་སྦྱོང་པ་མཐར་ཕྱིན་ཞིང་ལོ་གྲངས་དང་སྦྱོང་པ་གང་ཐད་ནས་ཚད་དང་ལྡན་པའི་མི་གྲངས་ཉི་ཤུ་ཁ་ལྷག་ལ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བསྩལ་ཏེ་བོན་གཡུང་དྲུང་གི་བསྟན་པ་སྤྱི་ཡི་དོན་དུ་ཕྱོགས་མཐའ་བཞི་ཀུན་ལ་མངགས་པ་དང་། གླིང་འདིར་བཞུགས་པ་སོགས་ཅི་རིགས་བྱས་ཡོད།

     ད་ཐེངས་བོད་ས་ཁྱི་ལོར་དགེ་བའི་བཤེས་གཉེན་ཆེན་པོའི་མཛད་སྒོ་ཆེན་མོ་འདི་ནི་སྐབས་དྲུག་པ་ཡིན་ཞིང་འདི་ཟླའི་སྤྱི་ཚེས་ ༢༠ ནས་ ༧ བཀའ་རམས་པ་གོང་མ་རྣམ་བཞི་ནས་བརྩིས་ཏེ་རིམ་པ་ལྟར་ཉིན་གསུམ་གྱི་རིང་ལ་སེམས་དཔའ་འདུས་སྡེ་ཆེན་མོའི་ཚོགས་ལ་བསྙེན་བཀུར་དང་གཞུང་བཤད་མཛད་པ་བཅུ་གཉིས་ཀྱི་བསྟོད་པ་དང་ས་ལམ་འཕྲུལ་གྱི་སྒྲོན་མེའི་གཞུང་ནས་རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ཀྱི་བར་དུ་སྦྲགས་ཕུལ་ཞུས་ཞིང་། ཁ་སང་སྤྱི་ཚེས་ ༢༣ ཉིན་ ༧ བཀའ་རམས་པ་གོང་མ་རྣམ་བཞི་དམ་བཅའ་གོང་འོག་དང་དངོས་གཞི་དམ་བཅའ་བཞུགས་ཡོད། 

1543040978883331.jpg

༧ སྐྱབས་རྗེ་བླ་མ་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག

QQ图片20181124212253.jpg

༧ སློབ་དཔོན་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག

1543041028180533.jpg

༧ སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་མཆོག

1543041073718563.jpg

༧ སློབ་དཔོན་རིན་པོ་ཆེ་ཡོན་ཏན་ཕུན་ཚོགས་མཆོག

1543041105358596.jpg

༧ སློབ་དཔོན་རིན་པོ་ཆེ་བློ་གྲོས་རབ་གསལ་མཆོག

     དེ་རིང་སྟེ། འབྱུང་ལྡན ༣༠༡ བོད་ས་ཁྱི་ལོ་ཟླ་བ ༡༠ པའི་ཚེས ༡༦ ཉིན་གྱི་དུས་ཚོད ༡:༠༠ པའི་ཐོག་ ༧ སྐྱབས་རྗེ་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དང་ ༧ དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན། ༧ སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་གཙོས་བཀའ་རམས་པ་བར་མ་རྣམ་བཞི་སྟེ་མདོག་གཙང་དྲང་སྲོང་རང་རིག་ཀུན་བཟང་ལྷུན་གྲུབ་མཆོག་དང་བྱིའུ་ཚང་དྲང་སྲོང་ཚུལ་ཁྲིམས་རྣམ་དག་འདུལ་འཛིན། སྟག་ཚ་དྲང་སྲོང་བོན་ཉིད་རྣམ་དག་གཡུང་དྲུང་། ཤེལ་ཞིག་དྲང་སྲོང་སྟོང་ཉིད་ཤེས་རབ་སྙིང་པོ་བཅས་གསས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་དུ་སྙན་པ་སྒྲ་ལྡན་དང་ཞིམ་པ་དྲི་ལྡན། མཛེས་པ་རྒྱན་ལྡན་བཅས་ཀྱིས་མདུན་བསུས་ཏེ་སྦྱིན་པའི་བདག་པོའི་ཕྱོགས་ནས་གཡུང་དྲུང་བསྟན་བདག་རྣམས་ལ་བསྙེན་བཀུར་ཟབ་རྒྱས་ཞུས་ཤིང་ལེགས་པར་གྲུབ་རྗེས་བཀའ་རམས་པ་རྣམ་བཞིས་དམ་བཅའ་གོང་འོག་གི་ངག་རྒྱུགས་ཕུལ་ཡོད། 

QQ图片20181124212329.jpg

༧ ངག་རྒྱུགས་ཕུལ་བའི་རྣམ་པ།

     ཐེངས་འདིར་དམ་བཅའི་དབུ་བཞུགས་ནི ༧ སྐྱབས་རྗེ་བླ་མ་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་དང་ ༧ སློབ་དཔོན་ཆེན་མོ་རྒྱལ་བ་བསྟན་འཛིན་མཆོག  ༧ སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ་མཆོག  དཔལ་ལྡན་ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་གི ༧ སློབ་དཔོན་ཆེན་མོ་ཡོན་ཏན་ཕུན་ཚོགས་མཆོག   མེ་སྟོན་གདན་ས་ཆེན་མོ་མཐོང་གྲོལ་རི་ཁྲོད་དགོན་གྱི ༧ སློབ་དཔོན་ཆེན་མོ་བློ་གྲོས་རབ་གསལ་མཆོག་དང་བཅས་དབུ་བཞུགས་མཛད་ཡོད།

QQ图片20181124212305.jpg

༧ དམ་བཅའ་བ་རྣམ་པ།

1543041202935731.jpg

དགེ་བའི་བཤེས་གཉེན་ཆེན་མོ་ཀུན་བཟང་རྒྱལ་མཚན་མཆོག་གིས་རྩོད་པ་ཕུལ་བཞིན་པ།

     ཆུ་ཚོད ༢:༠༠ པའི་ཐོག་རྩོད་པའི་དམ་བཅའ་དངོས་སུ་འགོ་བཙུགས་ཤིང་དགེ་བའི་བཤེས་གཉེན་ཆེན་མོ་ར་མ་ཀུན་བཟང་རྒྱལ་མཚན་མཆོག་གིས་དང་ཐོག་མར་ཡེ་གྲོལ་རྫོགས་པ་ཆེན་པོའི་གཞུང་ཆེན་བཞི་ཡི་ནང་གི«བཀའ་རྒྱུད་སྐོར་བཞི»ལས་རྗེ་ཏ་པི་ཧྲི་ཙའི་ལུང་བསྟན་གྱི་སྐོར་ནས་གསུང་ངག་སྙན་ལྡན་གྱིས་རིག་པའི་མཆོད་པ་ཕུལ་ཞིང་། མཚམས་སུ་དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་ཀུན་གྲགས་མཆོག་དང་སློབ་གླིང་འདི་གའི་དགེ་བའི་བཤེས་གཉེན་རྣམ་པ་གཙོས་ཕྱོགས་ཀུན་ནས་ཕེབས་པའི་དགེ་བཤེས་ཆེན་མོ་བཅུ་ཕྲག་ལྷག་གིས་རྩོད་པ་མཛད་ཅིང་། དེ་རྗེས་དཔལ་ལྡན་ཀོ་རྒྱལ་དགོན་ནས་ཕེབས་པའི་སློབ་མ་དང་མཐོང་གྲོལ་རི་ཁྲོད་དགོན་ནས་ཕེབས་པའི་སློབ་མ། དགོན་འདི་གའི་སློབ་མ་འགའ་དང་བཅས་ཀྱིས་གསང་བ་སྔགས་དང་འདུལ་བ་མདོ། སྣང་སྲིད་མཛོད་བཅས་ནས་རྩོད་པ་མཛད་མཐར་དུས་ཚོད ༥:༣༠ ཐོག་གྲོལ་ཡོད།

1543041240342406.jpg

དགེ་བཤེས་ཤེས་རབ་ཀུན་གྲགས་མཆོག

1543041278432523.jpg

བཤད་གྲྭའི་དགེ་རྒན་དགེ་བཤེས་ཚུལ་ཁྲིམས་འབྱུང་གནས་མཆོག

1543041310938994.jpg

བཤད་གྲྭའི་དགེ་རྒན་དགེ་བཤེས་བློ་གྲོས་རབ་གསལ་མཆོག

1543044652694005.jpg

1543043739966579.jpg

1543043810460898.jpg

དགེ་བཤེས་ཤེས་རབ་འོད་ཟེར།

1543043887504765.jpg

དགེ་བཤེས་སྦྱིན་པ་གཙུག་ཕུད།

1543043975253475.jpg

དགེ་བཤེས་ཤེས་རབ་འཁྲུལ་མེད།

1543044049734033.jpg

དགེ་བཤེས་དྲང་སྲོང་རྒྱལ་མཚན།


1543044062698242.jpg

1543129123206707.jpg

མཐོང་གྲོལ་རི་ཁྲོད་དགོན་གྱི་དགེ་བཤེས་བོན་དབྱིངས་རྒྱ་མཚོ།

QQ图片20181124220911.jpg

མཐོང་གྲོལ་རི་ཁྲོད་དགོན་གྱི་དགེ་བཤེས་ལུང་རིག་རྒྱ་མཚོ།

1543044280673917.jpg

QQ图片20181124220942.jpg

QQ图片20181124220947.jpg

1543044355656393.jpg

མཐོང་གྲོལ་རི་ཁྲོད་དགོན་གྱི་དགེ་བཤེས་བློ་གྲོས་རྒྱལ་མཚན།

1543044465879690.jpg

མཐོང་གྲོལ་རི་ཁྲོད་དགོན་གྱི་དགེ་བཤེས་བཟོད་པ་རྒྱལ་མཚན།

QQ图片20181124220906.jpg


པར་ལེན་པ། ཨ་ཁུ་དྲང་ཉི།    རྩོམ་འབྲི་བ།   ཁ་བ།
མཁོ་འདོན་གནང་མཁན།  འདི་གའི་བཤད་སྒྲུབ་སློབ་གླིང་།
༢༠༡༨/༡༡/༢༤   དྲུང་ཡིག་ཚང་གི་ཁ་བ་ནས།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།