༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་སློབ་ཐོན་མཛད་སྒོའི་ཉིན་གསུམ་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2018-11-22] [རྩོམ་པ་པོ།:ཚུལ་དགེ] [གཟིགས་ཐེངས:]


ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་སློབ་ཐོན་

མཛད་སྒོའི་ཉིན་གསུམ་པ།


QQ图片20181122211758.jpg

QQ图片20181122211856.jpg

༧ དཔོན་སློབ་མཆོག་དང་བཀའ་རམས་པ་རྣམས་གཙུག་ལག་ཁང་དུ་བསུ་བཞིན་པ།

QQ图片20181122211851.jpg

QQ图片20181122211842.jpg

QQ图片20181122211901.jpg

1542868406375372.jpg

༧ སྐྱབས་རྗེ་འོད་ཟེར་སྦྱིན་པ་རིན་པོ་ཆེ།

1542868432104770.jpg

༧ དཔོན་སློབ་རྒྱལ་བ་བསྟན་འཛིན་རིན་པོ་ཆེ།

1542868574335456.jpg

༧ སྒྲུབ་མཁན་འཕགས་མཆོག་སེམས་དཔའ་རིན་པོ་ཆེ།

QQ图片20181122211919.jpg

༧ སྤྲུལ་བསྟན་འཛིན་བཟོད་པ་རིན་པོ་ཆེ།

     དེ་ཡང་ཉིན་གསུམ་པའི་དགེ་བཤེས་མཛད་རིམ་ནི།
     འབྱུང་ལྡན ༣༠༡ བོད་ས་ཁྱི་ལོ་ཟླ་བ ༡༠ པའི་ཚེས ༡༥ ཉིན་གྱི་དུས་ཚོད ༡༠:༠༠ ཐོག་  སྐྱབས་རྗེ་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དང་  དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་རྒྱལ་མཚན།  སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ། བཀའ་རམས་པ་ཀླུ་རྩེ་དྲང་སྲོང་བསྟན་འཛིན་མདོ་སྔགས་རྒྱ་མཚོ་དང་། དབྲ་རུ་དྲང་སྲོང་སྦྱིན་པ་ཕུན་ཚོགས་འབྱུང་གནས་རྣམ་པ་གཙུག་ལག་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་དུ་ལེགས་པར་ཕེབས་གྲུབ་རྗེས། 

1542868811128332.jpg

ཀླུ་རྩེ་དྲང་སྲོང་བསྟན་འཛིན་མདོ་སྔགས་རྒྱ་མཚོ།

QQ图片20181122211932.jpg 

བཤད་པ་གྱེར་བཞིན་པ།

1542868854418519.jpg

དབྲ་རུ་དྲང་སྲོང་སྦྱིན་པ་ཕུན་ཚོགས་འབྱུང་གནས།

QQ图片20181122211948.jpg

     བཀའ་རམས་པ་རྣམ་གཉིས་ཀྱི་སྦྱིན་བདག་ཆེན་མོ་ཕྱོགས་ནས། སྐྱབས་གནས་བླ་སྤྲུལ་སེམས་དཔའ་འདུས་སྡེའི་ཚོགས་ལ་བསྙེན་བཀུར་ཟབ་རྒྱས་ཕུལ་རྗེས། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་ནས་གཅན་ལྔ་མི་འཇིགས་ཁྲི་ཐོག་ཏུ་བཞེངས་ཏེ་གཞུང་སྒྱུར་བཤད་པ་གྱེར་མཚམས་སུ། བཀའ་རམས་པ་ཀླུ་རྩེ་དྲང་སྲོང་བསྟན་འཛིན་མདོ་སྔགས་རྒྱ་མཚོ་དང་། དབྲ་རུ་དྲང་སྲོང་སྦྱིན་པ་ཕུན་ཚོགས་འབྱུང་གནས་རྣམ་གཉིས་ཀྱིས་མཛད་པ་བཅུ་གཉིས་ཀྱི་བསྟོད་པ་དང་གསང་དོན་རྣམ་འབྱེད་ཀྱི་གཞུང་བཤད་གཡུང་དྲུང་བསྟན་པའི་བདག་ཉིད་སེམས་པ་འདུས་མང་ཡོངས་ཀྱི་དབུས་སུ་ཕུལ་ཏེ་བཀྲ་ཤིས་བོན་ཚིག་དང་བཅས་སྨོན་ལམ་གྱིས་གྲུབ་ཡོད།

1542869834946405.jpg

ལྷ་ལྡོང་དྲང་སྲོང་མཐོང་ལམ་གཡུང་དྲུང་སེམས་དཔའ།

QQ图片20181122211924.jpg

བཤད་པ་གྱེར་བཞིན་པ།

1542869736566269.jpg

གཙང་ཚ་དྲང་སྲོང་གཤེན་བསྟན་ཕུན་ཚོགས་དཔལ་བཟང་།

QQ图片20181122211905.jpg

     ཕྱི་དྲོ་ཆུ་ཚོད་ ༢:༠༠ པའི་ཐོག་ནས་གོང་བཞིན་  སྐྱབས་རྗེ་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དང་  དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་རྒྱལ་མཚན།  སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ། བཀའ་རམས་པ་ལྷ་ལྡོང་དྲང་སྲོང་མཐོང་ལམ་གཡུང་དྲུང་སེམས་དཔའ་དང་གཙང་ཚ་དྲང་སྲོང་གཤེན་བསྟན་ཕུན་ཚོགས་དཔལ་བཟང་རྣམ་པ་བཅས་གཙུག་ལག་ཁང་ཕུན་ཚོགས་འབྱོར་རྒྱས་སུ་གདན་འདྲེན་ཞུས་ཏེ།  སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་གཞུང་སྒྱུར་བཤད་པ་གྱེར་རྗེས། བཀའ་རམས་པ་ལྷ་ལྡོང་དྲང་སྲོང་མཐོང་ལམ་གཡུང་དྲུང་སེམས་དཔའ་མཆོག་ནས་མཛད་པ་བཅུ་གཉིས་ཀྱི་བསྟོད་པ་གཞུང་གྱེར་ཞུས་ཤིང་། གཙང་ཚ་དྲང་སྲོང་གཤེན་བསྟན་ཕུན་ཚོགས་དཔལ་བཟང་མཆོག་གིས་ནམ་མཁའ་འཕྲུལ་མཛོད་ཀྱི་གཞུང་གྱེར་དང་བཀྲ་ཤིས་བཅས་གསོལ་ཡོད།

QQ图片20181122211937.jpg

QQ图片20181122211909.jpg

QQ图片20181122211834.jpg

སྤྱི་ལོ་༢༠༡༨/༡༡/༢༢ ཉིན། གསར་འགོད་པ་ཚུལ་དགེ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།