༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་སློབ་ཐོན་མཛད་སྒོའི་ཉིན་གཉིས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2018-11-21] [རྩོམ་པ་པོ།:ཚུལ་དགེ] [གཟིགས་ཐེངས:]

 ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་སློབ་ཐོན་

མཛད་སྒོའི་ཉིན་གཉིས་པ།


1542783678709503.jpg

      འཛམ་གླིང་ཡང་རྩེའི་རྒྱལ་ཁམས། ཞང་ཞུང་སྒོ་པའི་མངའ་ཁོངས། དཔལ་གྱི་ཁྱུང་པོའི་ལྟེ་གནས། བོན་གྱི་འདུས་སྡེ་ཆེན་མོ་སྟེ། ཁྱུང་པོ་སྟེང་ཆེན་དགོན་དུ་སྲོལ་རྒྱུན་གྱི་དུས་མཆོད་ཁྲོ་ཕུར་དགུ་གཏོར་དང་ཀུན་རིག་ལས་བཞི་ཆེན་མོ། དགེ་བའི་བཤེས་གཉེན་མཛད་སྒོ་སྐབས་དྲུག་པ། སྒྲུབ་གྲྭ་མཐར་ཕྱིན་མཛད་སྒོ་སྐབས་བཅུ་དྲུག་པ། སྒོམ་གྲྭ་མཐར་སོན་མཛད་སྒོ་སྐབས་གསུམ་པ། ལོ་འཁོར་བགྲོ་གླེང་ཆེན་མོ་བཅས་ཀྱི་མཛད་སྒོ་སྤེལ་བ་ལ། དེ་ཡང་ཉིན་གཉིས་པའི་དགེ་བཤེས་མཛད་རིམ་ནི།

1542783082813915.jpg

1542783095435401.jpg

1542783110843718.jpg

1542783206688006.jpg

1542783185379257.jpg

༦.jpg

1542785651773044.jpg

    འབྱུང་ལྡན་ ༣༠༡ བོད་ས་ཁྱི་ལོ་ཟླ་བ་ ༡༠ པའི་ཚེས་ ༡༤ ཉིན་གྱི་དུས་ཚོད་ ༡༠:༠༠ ཐོག་ ༧ སྐྱབས་རྗེ་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དང་ ༧ དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་རྒྱལ་མཚན། ༧ སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ། བཀའ་རམས་པ་མདོག་གཙང་དྲང་སྲོང་རང་རིག་ཀུན་བཟང་ལྷུན་གྲུབ་དང་། བྱིའུ་ཚང་དྲང་སྲོང་ཚུལ་ཁྲིམས་རྣམ་དག་འདུལ་འཛིན་རྣམ་པ་གཙུག་ལག་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་དུ་དར་དཀར་ཡུག་ཅིག་དང་བདུག་སྤོས་དྲི་བསུང་། གླིང་བུའི་དབྱངས་སྙན་བཅས་ཀྱིས་སྣ་དྲངས་ཏེ་གདན་འདྲེན་ཞུས་སོ།། 

༩.jpg

༡༠.jpg

1542783303361103.jpg

1542783314464838.jpg

༡༣.jpg

     བཀའ་རམས་པ་རྣམ་གཉིས་ཀྱི་སྦྱིན་བདག་ཆེན་མོ་ཕྱོགས་ནས། སྐྱབས་གནས་བླ་སྤྲུལ་སེམས་དཔའ་འདུས་སྡེའི་ཚོགས་ལ་བསྙེན་བཀུར་ཟབ་རྒྱས་ཕུལ་རྗེས། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་ནས་གཅན་ལྔ་མི་འཇིགས་ཁྲི་ཐོག་ཏུ་བཞེངས་ཏེ་གཞུང་སྒྱུར་བཤད་པ་གྱེར་མཚམས་སུ། བཀའ་རམས་པ་མདོག་གཙང་དྲང་སྲོང་རང་རིག་ཀུན་བཟང་ལྷུན་གྲུབ་དང་། བྱིའུ་ཚང་དྲང་སྲོང་ཚུལ་ཁྲིམས་རྣམ་དག་འདུལ་འཛིན་རྣམ་གཉིས་ཀྱིས་མཛད་བཅུའི་བསྟོད་པ་དང་སྲིད་པའི་མཛོད་ཕུགས་ཀྱི་གཞུང་བཤད་ཕུལ་ནས་བཀྲ་ཤིས་གསོལ་ལོ།།

1542783432241203.jpg
1542783440128860.jpg

1542785737784462.jpg

1542783493668409.jpg

1542783504241573.jpg

1542783519596019.jpg

1542783529647856.jpg

༩.jpg

༡༠.jpg

     ཕྱི་དྲོ་ཆུ་ཚོད་ ༢:༠༠ པའི་ཐོག་ནས་གོང་བཞིན་ ༧ སྐྱབས་རྗེ་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དང་ ༧ དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་རྒྱལ་མཚན། ༧ སྒྲུབ་མཁན་རིན་པོ་ཆེ་འཕགས་མཆོག་སེམས་དཔའ། བཀའ་རམས་པ་སྟག་ཚ་དྲང་སྲོང་བོན་ཉིད་རྣམ་དག་གཡུང་དྲུང་དང་། ཤེལ་ཞིག་དྲང་སྲོང་སྟོང་ཉིད་ཤེས་རབ་སྙིང་པོ་རྣམ་པ་བཅས་དྲི་ཞིམ་སྤོས་ཀྱིས་སྣ་དྲངས་ཏེ་གཙུག་ལག་ཁང་ཕུན་ཚོགས་འབྱོར་རྒྱས་སུ་གདན་འདྲེན་ཞུས་ཏེ། ༧ སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་གཞུང་སྒྱུར་བཤད་པ་གྱེར་རྗེས། བཀའ་རམས་པ་སྟག་ཚ་དྲང་སྲོང་བོན་ཉིད་རྣམ་དག་གཡུང་དྲུང་མཆོག་གིས་མཛད་བཅུ་བསྟོད་པ་དང་། ཤེལ་ཞིག་དྲང་སྲོང་སྟོང་ཉིད་ཤེས་རབ་སྙིང་པོ་མཆོག་གིས་འདུལ་གཞུང་གཞུང་གྱེར་དང་བཀྲ་ཤིས་གསོལ་ཡོད།


1542783562496564.jpg

སྤྱི་ལོ་༢༠༡༨/༡༡/༢༡ ཉིན། གསར་འགོད་པ་ཚུལ་དགེ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།