༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 5 འགྲེམས་སྤེལ།
5 འགྲེམས་སྤེལ།
༢༠༡༧ ལོའི་བོན་གཤེན་བསྭོ་སྒྲ་འགྲེམས་སྤེལ་བྱས་པ།
[ཟླ་ཚེས།:2018-06-30] [གཟིགས་ཐེངས:]

༢༠༡༧ ལོའིཁྱུང་པོ་སྟེང་ཆེན་དགོན་པའི་ལོ་དེབ་བོན་གཤེན་བསྭོ་སྒྲ་འགྲེམས་སྤེལ་བྱས་པ།


MAG006.jpg


སྔོན་གླེང་གཤེན་གྱི་བརྡ་ཡིག

 


       གནའ་དུས་ནས་སྲིད་པ་གངས་ཀྱི་ཀློང་རུམ་དུ་མར་ཁུ་བཞིན་ལྟེམ་མེར་འཁྱིལ་བའི་གཡུང་དྲུང་གི་བོན་སྒོ་སྟེ།  ཡ་གླིང་གི་སྟོན་པ་ཆེན་མོ་གཤེན་རབ་མི་བོས་སྲོལ་ཕྱེས་པའི་ཡ་ཐོག་གི་གཙུག་ལག་ཅིག། གནས་འགྱུར་གྱི་འཕྲང་ལམ་ནས་ཚེ་སྲོག་གི་དམུ་ཐག་མ་ཆད་པར་ལྷོ་གླིང་དབུས་ཀྱི་གངས་དཀར་ཏི་སེའི་འདབས་རོལ་དུ་གདོད་ནས་ད་བར་ལོ་རྒྱུས་རང་བཞིན་དུ་གནས་ཤིང་།  ཉེ་རབས་ཀྱི་དུས་འདིར་ཤེས་རིག་གི་གླེང་སྟེགས་སུ་བོད་དང་བོན་རིག་པའི་ཤེས་རིག་གི་མཚན་སྙན་འཆང་སྟེ། རྒྱལ་སྤྱི་རྒྱལ་ནང་ལ་གར་དུ་བསྒྱུར་ནས་ཞང་བོད་མཐོ་སྒང་གི་མེས་པོའི་བླ་སྲོག་གོ་ལའི་ཁྱོན་དུ་ཉི་འོད་དང་འགྲོགས་ཏེ་རྒྱལ་ཁམས་སུ་འགྲིམས་བཞིན་པའི་དུས་འདིར།  བདག་ཞལ་ངོ་ཁྲོད་ཀྱི་ཀློང་ནས་དྲུང་མུ་གྱེར་གྱི་སྲོལ་འཛིན་པ་ཡོ་ཀའི་དཔུང་པའི་ཕྲག་ཏུ་ལྷུང་བ་ནི་གྱེར་སྒོ་བརྒྱད་ཁྲི་བཞི་སྟོང་གི་ཡང་བཅུད་གསུང་རབ་སྒོ་བཞི་མཛོད་ལྔའི་བདག་ཉིད་འདི་ལ་ཚུལ་མཐུན་རང་བཞིན་གྱིས་ཐོས་བསམ་དང་།  དངོས་གཤིས་བདེན་ཐུབ་ཀྱིས་འཛམ་གླིང་ཤེས་རིག་གི་བང་མཛོད་དུ་བསྐྱོད་ནས་བདེ་འདོད་འགྲོ་བ་ཀུན་ལ་བྱམས་བརྩེའི་ཡབ་ཆེན་ཏུ་བསྐྲུན་རྒྱུ་གནད་དམ་པ་ཞིག་ཏུ་ཁུམས་ཤིང་། དེ་ཉིད་ཀྱང་རྩོམ་པ་བོན་གྱི་འཁོར་ལོའི་གུར་ནས་གཟུགས་མཛེས་ལྷ་ཡི་དངོས་ཞལ་སྟོན་དགོས་པ་ལགས་ན།     

      དེ་ཡང་།སྟོད་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་སུམ་པའི་མངའ་ཁོངས་སུ་གཏོགས་ཤིང་། རྗེས་ཞང་ཞུང་གི་བསྟན་སྲིད་འཕེལ་འགྲོས་ཀྱིས་ཞང་ཞུང་སྒོ་པའི་བླ་དྭགས་སུ་གྱུར་པ་སུམ་པ་གླང་གི་གྱིམ་ཤོད། ཡར་ཀླུང་བཙན་པོས་གཉེན་ཞང་ཞུང་གཡོ་ཐབས་ཀྱིས་བཙན་འོག་ཏུ་བཅུག་རྗེས་ཁྱུང་པོའི་རུས་རྒྱུད་ཚོ་ཁག་རྣམས་བལ་ཡུལ་དང་མོན་ཡུལ་མངའ་རིས་མདོ་ཁམས་སོགས་སུ་མཆེད་པ་ལས་ཁྱུང་ཡུལ་དབུས་ཀྱི་བརྡ་ཆད་འཛིན་པའི་ཁྱུང་ཡུལ་གྱི་གྲྭ་ས་བར་མ་ཁྱུང་པོ་སྟེང་ཆེན་གྱི་དགོན་གྱིས་ལོ་ལྟར་མུ་ནས་འགྲེམ་སྤེལ་ཞུ་བཞིན་པའི་ལོ་དེབ༼བོན་གཤེན་བསྭོ་སྒྲ༽འདི་ཡང་དེ་ཡི་བདག་ཉིད་ལས་བརྒལ་དུ་མེད་པར་རྩོམ་རིགས་ལྡིང་སྐོར་རྒྱུ་སའི་དཀྱིལ་འཁོར་ཞིག་ཏུ་གྲུབ་ཡོད།  

འདི་ག༼བོན་གཤེན་བསྭོ་སྒྲ༽རྩོམ་སྒྲིག་ཁང་གིས་རྩོམ་ཡིག་གི་སྡེ་ཚན་མི་འདྲ་བ་སྔར་ཕྱོགས་གང་ས་ནས་སྡུད་བཞིན་ཡོད་ཀྱང་ལོ་བཞིན་ཇེ་ཉུང་དུ་བཏང་ནས། འདི་ལོར་སློབ་གསོའི་རིགས་ཚན་ནང་དུ་ཀུན་མཁྱེན་ཉི་དབང་པའི་ཞལ་གདམས་གཅིག་བསྡུས་པ་ལས་གཞན་འདི་གའི་མཁན་སློབ་རྣམས་པ་གཙོར་བྱས་ནང་འཁོར་གྱི་སློབ་གཉེར་བ་དང་འདི་ནས་མཐར་ཕྱིན་པའི་སྨྱུག་ཐོགས་པ་རྣམས་ཀྱི་བརྩམས་བོན་ལས་བསྡུས་མེད། དམིགས་འབེན་སྤྱིར་བོན་དང་བོད་ཀྱི་དུས་དེབ་རབ་ཏུ་མང་བས་དགོན་པ་སྒེར་དང་སྒེར་གྱི་དུས་དེབ་ནི་དེ་དང་དེ་ཡི་སློབ་གཉེར་བའི་རྩོམ་རིགས་ཀྱི་གླིང་ཁ་ཞིག་ཏུ་འགྱུར་རྒྱུར་བསམ་པས་ཡིན།  འོན་ཀྱང་འདི་ཉིད་རྒྱུད་མཐུད་དགོས་པའི་ཀྲིག་ཆགས་བྱས་པ་ཞིག་མ་ཡིན།        

དམིགས་བསལ་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག འདི་ལོར་བདག་སོགས་ཀྱི་མཐོང་ལམ་ནས་སྐུ་ཡི་བཀོད་པ་བོན་དབྱིངས་སུ་བསྡུས་པས་སྤྱིར་འགྲོ་བའི་བསོད་སྐལ་དང་སྒོས་གྱེར་བསྟན་རིང་ལུགས་འཛིན་པའི་བོན་འབངས་ཡོངས་ཀྱི་སྙིང་ཁོངས་སུ་མུན་པ་ཐེངས་ཤིག་རུབ་པས།

       སྙན་རྩོམ་གྱི་སྡེ་ཚན་དེ་ཉིད་རྗེས་དྲན་ཀྱི་ཚོམས་ཤིག་ཏུ་སྤོས་ནས་འདི་གའི་སློབ་དཔོན་རིན་པོ་ཆེ་དབུས་པའི་འཆད་ཁྲིད་དགེ་རྒན་རྣམས་དང་སློབ་གཉེར་བ་སོགས་ནས་བསྩལ་བ་རྣམས་སྡེ་ཚན་ཞིག་བཀར་ནས་སྒྲིག་སྦྱོར་ཞུས།  འདིར་སློབ་གཉེར་བ་རྣམས་ཀྱི་ཤོ་ལོ་ཀ་རེ་ལས་མི་བསྒྲིག་དོན་ནི། དུས་དེབ་ཀྱི་ངོ་བོ་ལས་གཡོལ་ཏེ་ཆེད་བསྒྲིགས་ཀྱི་དེབ་ཅིག་འགྱུར་གྲབས་འདུག་པས་ཡིན།

 

ངེད་རྩོམ་སྒྲིག་ཁང་ནས་འདིར་འབྱོར་རྩོམ་ཡིག་ཀུན་ཀ་བཀོད་དུ་མི་བཏུབ་ལ། འདིར་འཁོད་ཀུན་ཀྱང་འདི་གའི་ལྟ་ཚུལ་ཡིན་པའི་ངེས་པ་དེ་བས་ཀྱང་མེད།  ངེད་རྩོམ་སྒྲིག་པ་རྣམས་ལ་དམིགས་བསལ་གྱི་དུས་ཚོད་མེད་ཅིང་བར་གསེང་ནས་སྒྲིག་སྦྱོར་བྱས་པ་ལགས་ན། རྒྱ་ཆེའི་ཀློག་པ་པོས་ཚུལ་མཐུན་གྱི་དགེ་འདོན་སྐྱོན་སེལ་ཡོད་པར་ཞུ།

འབྱུང་ལྡན༣༠༡ བོད་ས་ཁྱི་ལོའི་ཟླ ༢ ཚེས༡༩ ལྷག་པ་ལྷག་མཚམས་འགྲུབ་སྦྱོར་ཉིན། ཡར་འགག་བཙུན་པ་དགེ་ལེགས་དཔལ་ལྡན་ནས། 

1.jpg


3.jpg



5.jpg

6.jpg




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།