༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
རྗེ་རིན་པོ་ཆེའི་འཁྲུངས་སྐར་བསུས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2018-02-21] [རྩོམ་པ་པོ།:སེམས་དཔའ།] [གཟིགས་ཐེངས:]

    ས་ཁྱི་ལོའི་ཟླ་དང་པོའི་ཚེས་༤-༥བར་ཁྱུང་པོ་སྟེང་ཆེན་དགོན་དུ་རྗེ་རིན་པོ་ཆེའི་འཁྲུངས་སྐར་ལ་སྲུང་བརྩི་དང་བཅས་སྔར་རྒྱུན་བཞིན་འཁྲུངས་མཆོད་རྒྱས་ཚོགས་བྱས་པ་རེད།



ཚེས་གསུམ་ཉིན་ལས་འཛིན་རྣམ་པས་མཆོད་པ་འཚོགས་པའི་གྲབ་ཏུ་མཆོད་པ་བཤམས་པའི་ལས་བྱས་ཤིང་༧རྗེ་མཉམ་མེད་པ་ཤེས་རབ་རྒྱལ་མཚན་མཆོག་གི་སྐུ་སྐྱིན་ང་འདྲ་མ་གཞི་དཀྱིལ་དུ་བཀོད་ཅིང་མར་མེ་དང་མེ་ཏོག་ཚུད་པའི་མཆོད་པ་རྣམ་ལྔ་སོགས་འབྱོར་བ་རྫས་དང་མ་འབྱོར་ཡིད་ཀྱི་མཆོད་པ་རྒྱ་ཆེན་དང་བཅས། ཚེས་བཞི་ཉིན་བཤད་སྒྲུབ་འདུས་པ་རྒྱ་མཚོ་ཡོངས་སུ་རྫོགས་པ་འདུས་ནས་མཆོད་པ་མདོ་གཡུང་དྲུང་ཀློང་རྒྱས་རྒྱས་འཚོགས་ཏེ་མཚན་བརྗོད་པའི་བདེར་བར་གཤེཌ་པ་སྟོང་གི་མཚན་རེ་རེ་དབྱངས་སུ་གྱེར་ཤིང་ལྟ་སྤྱོད་སྒོམ་པའི་ཀློང་དུ་རྒྱལ་བ་སྨན་རི་བ་མཆོག་བོན་ཉིད་ཀྱི་ངོ་བོ་ལ་གཟུགས་སྐུ་ཡི་བཀོད་པ་རྣམ་པར་བསྟན་པ་སྙིང་གི་དཀྱིལ་དང་སྤྱི་བོའི་གཙུག་སོགས་སུ་སྒོམ་ཞིང་དད་དུངས་དྲག་པོས་རྗེ་ཉིད་ཀྱི་རྣམ་པར་ཐར་བ་སླར་ཡང་སེམས་ཀྱི་ཀློང་དུ་ལོག་པ་ཨེ་མ་ངོ་མཚར་ཆེ་སོང་། 


 1A53B9C25D8258FDA247F3E9CA111653.jpg


1EFD1EAAD32F75928001C2888B75472B.jpg

8ACA4107834A23E87C6DE81F8B4E62EA.jpg

ཚེས་ལྔ་ཉིན་གྱི་སྔ་དྲོ་རྩ་བའི་བླ་མ་༧སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་དང་རྒྱལ་འཕགས་ཟུང་དབུས་པའི་བླ་སློབ་ལྷན་རྒྱས་དགོན་པའི་ཁོར་ཡུག་བསྐོར་ནས་སེར་འཕྲེང་ཕེབས་ཤིང་། སེར་འཕྲེང་གི་རྗེས་སུ་མཆོད་རྔ་བརྒྱ་རྩའི་མཆོད་པ་རྟེན་འབྲེལ་ཀྱི་དམ་བཅའ་འཚོགས་པ་བཅས་མཛད་ཡོད་པ་དང་༧ཁྲི་འཛིན་སོ་བཞི་པ་མཆོག་མི་འཇིགས་ཁྲི་ལ་རྟག་བརྟན་དུ་སྐུ་ཚེ་བསྐལ་བརྒྱའི་བར་བཞུགས་ཤིང་མཛད་འཕྲིན་གེགས་མེད་དུ་འགྲུབ་པའི་གསོལ་འདེབས་དང་བཅས་བསྟན་རྒྱས་སྨོན་ལམ་དབྱངས་སུ་གྱེར་ཞིང་། དེ་ནས་ད་ལོའི་བཀའ་རམས་པ་བཅུ་གཉིས་ཀྱིས་དཔལ་ལྡན་གྱི་བླ་མ་རྣམ་ལ་དཀར་གཙང་འོ་མའི་མཆོད་པ་ཕུལ་བའི་ལྷན་རྣམ་པ་བཅུ་གཉིས་ལ་བཀའ་རམས་པའི་མཚན་བཏགས་བསྩལ་ཡོད་པ་བཅས་གཞུང་མཐར་ཕྱུངས་ཤིང་། དགོང་མོ་གསལ་ལིང་ལིང་གི་མར་མེ་ཕུལ་བ་དང་བླ་མ་མཆོད་པ་དབྱངས་སུ་གྱེར་ཞིང་མཆོད་རྔ་བརྒྱ་རྩའི་རྒྱས་རྡུང་བྱས་ནས་འཇུག་བསྡུས་པའོ།། །།


DA7AFDDA7AEB49B52161A7A3EE4CDD95.jpg

9605C2B47E905F596CE7CC9C5888D3EE.jpg

19508C8F9685F63AB6F7CA48BAE03C99.jpg

376AE9187BD52548F739F46FF841403A.jpg

20712DA0358E4A3A48892AA1735C82BE.jpg

  ཞེས་ལྷ་ལྡོང་སེམས་དཔས་བསྡུས




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།