༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
ཡང་རྩེ་དམངས་ཁྲོད་དཔེ་ཚོགས་ལས་ཁྱུང་ཡུལ་གྱི་དཔེ་ཚོགས་པར་སྐྲུན་བྱས།
[རྩོམ་ཁུངས།:ཁྱུང་པའི་དྲ་བ།] [ཟླ་ཚེས།:2018-01-19] [རྩོམ་པ་པོ།:ལྡོང་སྐལ་བཟང་།] [གཟིགས་ཐེངས:]

     དཔེ་ཚོགས་ངོ་སྤྲོད།

QQ图片20180119152315.jpg

ཁྱུང་ཡུལ་གྱི་དཔེ་ཚོགས།

     བསྡུ་སྒྲིག་པ། ལྡོང་སྐལ་བཟང་། གཟི་ཡེ་ཤེས། དངུལ་ཁྱིམ་བ།

     དཔེ་ཚོགས་འདིའི་ནང་དུ་ཆབ་མདོའི་ཡུལ་མི་རྣམས་ཀྱིས་མེས་པོ་སྔོན་མའི་ངག་གི་དབྱངས་རྟ་བརྒྱུད་ནས། མི་རབས་འདིའི་བགོ་སྐལ་དུ་ཐོབ་པའི་ངག་ཐོག་རྩོམ་རིག་སྟེ།  གཏམ་རྒྱུད་དང་གཞས། གཉེན་བཤད། གྱང་གླུ་སོགས་ཕྱོགས་བསྒྲིགས་གནང་རྗེས《དམག་གཏམ་ངོ་མཚར་བང་མཛོད》དང་། 《དམངས་གླུ་སྲིད་པའི་ཆུ་མིག》《གཉེན་བཤད་འཁོར་བའི་གཡང་འབོད》《གྱང་གླུ་བཟོ་བོའི་དབྱངས་རྟ》ཞེས་བྱ་བའི་དཔེ་ཆ་བཞི་པར་སྐྲུན་བྱས་ཡོད།

     དཔེ་ཆ་འདི་དག་ནི་རྩོམ་པ་པོ་གྲགས་ཅན་ལྡོང་སྐལ་བཟང་དང་ཁོང་གི་གྲོགས་པོ་རྣམས་ཀྱིས་མ་སྐུལ་དང་ལེན་གྱི་སྒོ་ནས། ལོ་ངོ་དུ་མར་ཡུལ་མི་རྒན་པོ་རྣམས་ལ་བཀའ་འདྲི་བྱས་མཐར་གསུང་སྒྲོས་ཇི་བཞིན་ཡིག་ཐོག་ཏུ་བཀོད་པ་ཡིན་པས།རྩོམ་ཡིག་ཕལ་ཆེར་ཞིག་ཆབ་མདོའི་ཡུལ་སྐད་ལྟར་བྲིས་འདུག །ང་ཚོས་དཔེ་ཆ་འདི་དག་ལ་ཞུ་དག་དང་རྩོམ་སྒྲིག་བྱེད་སྐབས་ཐ་སྙད་དང་ཚིག་སྦྱོར་མང་པོ་ཞིག་གི་དོན་ཇི་བཞིན་གོ་མི་ཐུབ་པས། ཡང་དང་བསྐྱར་དུ་ཆེད་མཁས་པ་དང་རྩོམ་སྒྲིག་པ་རྒན་པ་རྣམས་ལ་བཀའ་འདྲི་དང་གྲོས་བསྡུར་བྱས་རྗེས། ཁོང་རྣམས་ཀྱི་ཐུགས་དགོངས་དང་རེ་བཅོལ་ལྟར། མཐར་དངོས་སུ་བཅོས་རུང་བའི་ཐ་སྙད་དང་ཚིག་གི་གཅོད་མཚམས་སོགས་གཅིག་གྱུར་བཟོས་པ་དང་། གོ་དཀའ་བའི་ཐ་སྙད་རིགས་ཀྱི་རྗེས་སུ་གུག་རྟགས་བཀོད་ནས་མཆན་འགྲེལ་གང་འཚམ་རེ་བཀོད་པ་ལས། གཞན་མ་རྩོམ་ཕལ་ཆེ་བ་ཆབ་མདོའི་ཁ་སྐད་ཇི་བཞིན་སོར་བཞག་བྱས་ཡོད།

QQ图片20180119152325.jpg

QQ图片20180119152328.jpg

     ཆབ་མདོའི་ཁ་སྐད་ཇི་བཞིན་སོར་འཇོག་བྱས་པ་ལ། གཅིག་ནས་ཆབ་མདོའི་ཡུལ་ནས་བྱུང་བའི་མ་རྩོམ་དངོས་ཀྱི་ཉམས་དང་ཚིག་གི་སྦྱོར་བ་ཇི་བཞིན་མྱོང་རོལ་ཐུབ་ན་བསམས་པ་དང་། གཉིས་ནས་ཆབ་མདོའི་ཡུལ་སྐད་ལ་ཞིབ་འཇུག་དང་ཚིག་མཛོད་བསྒྲིགས་པ་སོགས་འབྱུང་འགྱུར་གྱི་བྱ་བཞག་ཐད་ནས་དམིགས་བསལ་གྱི་རིན་ཐང་ལྡན་པ་དང་། གསུམ་ནས་སྤྱི་སྐད་ནི་ཡུལ་སྐད་ཀྱི་རྨང་གཞིའི་སྟེང་ནས་བྱུང་སྟབས། ངག་ཐོག་གི་རྩོམ་རིག་དག་ཡུལ་སྐད་དང་ཁ་སྐད་ལྟར་བྲིས་ཚེ། ཡུན་གྱིས་སྐད་དང་ཐ་སྙད་མང་པོ་ཞིག་རྒྱུས་ལོན་བྱུང་ནས་ཁྱབ་བརྡལ་གྱིས། སྤྱི་སྐད་དང་ཡིག་སྐད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པར་འགྱུར་ཐུབ་པ་དང་། བཞི་ནས་ཕ་ཡུལ་ཆབ་མདོའི་ཕྱོགས་ཀྱི་ཡུལ་མི་རྣམ་པའི་དཔེ་ཀློག་གི་སྤྲོ་བ་འདེགས་ཆེད་དང་། ཁོང་ཚོ་རང་ཉིད་ཀྱི་ངོ་མཚར་མཛད་རྗེས་ལྟར་གྲུབ་པའི་སྐད་དང་ཡུལ་སྲོལ་ཡོད་ཚད། མི་རབས་ཕྱི་མའི་རྗེས་འཇུག་པ་རྣམས་ཀྱིས་ཇི་བཞིན་གོ་ཐུབ་ལ་རྒྱུན་འཛིན་ནུས་པར་དམིགས་པའོ། །

ཞེས་རྩོམ་སྒྲིག་པས་གུས་ཕུལ།

སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།