༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 4 གསར་བརྡ།
4 གསར་བརྡ།
༧ སྐབས་གཉིས་པའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་རྩོམ་བསྡུའི་བརྡ་སྦྱོར།
[རྩོམ་ཁུངས།:ཁྱུང་པའི་དྲ་བ།] [ཟླ་ཚེས།:2017-12-11] [རྩོམ་པ་པོ།:བགྲོ་གླེང་གོ་སྒྲིག་ཚོ་ཆུང་།] [གཟིགས་ཐེངས:]

20171209193212 - 副本.jpg


     ༧ གནའ་དེང་རིག་པའི་གནས་ལ་སྤྱན་དཀྱུས་ཡངས་པའི་མཁྱེན་ལྡན་མཁས་དབང་རྣམ་པ་དང་།  གཞོན་སྐྱེས་རྩོམ་འབྲི་བ་རྣམ་པའི་སྙན་ལམ་དུ་མཆིད་གསོལ།  
     ཞང་བོད་རང་ས་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་རིག་པའི་གཞུང་ལུགས་ཀྱི་མ་ལག་སྟེ།  ཆེ་བ་གཞི་ལམ་འབྲས་བུའི་རྣམ་བཞག་ནས།  ཆུང་བ་དམངས་ཁྲོད་ངག་ཐོག་གི་རིག་གནས་ཡན་ཆོད་ལ།  མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་དགོས་པའི་འོས་བབ་རང་ཅག་ཡོངས་ལ་མ་བགོས་དོན་ཐོབ་ཀྱིས་འཁྲི་བའི་ཁར། དེ་ཡང་ཚད་དང་ལྡན་པའི་དུས་རབས་ཀྱི་འགྲོས་དང་མཐུན་པའི་གོམ་པ་སྤོ་དགོས་པ་གཞིར་བཅས།  དེང་ཆར་ང་ཚོའི་ཁོར་ཡུག་གི་གཞོན་སྐྱེས་སྐྱ་སེར་མང་དག་གིས་སྤྱི་དང་སྒེར་གྱི་སྙན་རྩོམ་སྣ་ཚོགས་འབྲི་འདོན་སྤེལ་གསུམ་བྱེད་པའི་ཚ་རླབས་འཕྱུར་བ་འདི་དག་ཡི་རངས་ཀྱི་གནས་སུ་ལགས་ཤིང་།  ད་དུང་རིག་རྩོམ་གཞན་དང་ཁྱད་པར་དེང་རབས་ཀྱི་དཔྱད་རྩོམ་སྐོར་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ཐུབ་པ་སོགས་དགོས་པའི་སྒོ་དུ་མར་དམིགས་ཏེ།  ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོའི་འབྲེལ་ཡོད་རི་དགོན་ཐུན་མོང་གི་མོས་མཐུན་གོ་སྒྲིག་འོག   སྐབས་དང་པོའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་དེ་༼  ༢༠༡༧ ༽ ལོར་ལེགས་གྲུབ་བྱུང་ཞིང་།  དེ་བཞིན་སྐབས་གཉིས་པའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་དེ་༼  ༢༠༡༨ ༽ ལོའི་དབྱར་ཁར་འཚོགས་འཆར་ཡོད་པ་ལྟར།  ལྷན་དུ་བགྲོ་གླེང་གནང་རྒྱུའི་དཔྱད་རྩོམ་སྟེ།  ནང་དོན་ཐད་ལ་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་དང་།  ཆོས་ལུགས་ཕན་ཚུན་སོགས་ལ་འགལ་འདུ་མེད་པའི་ཐོག  ༡  རྒྱལ་རབས་ལོ་རྒྱུས། ༼  ཞང་བོད་ལོ་རྒྱུས་གཙོར་བྱས་པའི་འབྲེལ་ཡོད་ཀྱི་ལོ་རྒྱུས ༽ ༢ གཞུང་ལུགས།  ༼  མདོ་སྔགས་སེམས་གསུམ་དང་རིག་པའི་གནས་ཆེན་སྐོར ༽ ༣  སློབ་གསོ།  ༼  མཐུན་སྒྲིལ་དང་ཤེས་ཡོན་གཙོར་བྱས་པའི་ལུགས་གཉིས་ཀྱི་བསླབ་བྱ། ༽ ༤  རིག་གནས།  ༼  སྲོལ་རྒྱུན་དང་དམངས་ཁྲོད་ཀྱི་རིག་གནས་སྐོར ༽ བཅས་ལ་རྩོམ་སྟངས་ཐད་དེང་དུས་ཀྱི་དཔྱད་རྩོམ་འབྲི་ཐབས་གཙོར་འདོན་གྱིས་ལུང་ཁུངས་གསལ་བ།  རྩོམ་འབྲི་བའི་མཚན་དང་། ཕ་ཡུལ།  བསླབ་གནས། ད་ལྟའི་བཞུགས་གནས་བཅས་གསལ་བ།  རྩོམ་ཡིག་ཁག་༢༠༡༨ལོའི་སྤྱི་ཟླ་༥པའི་ཚེས་༡༥སྔོན་དུ་འབྲེལ་ཡོད་མི་སྣའི་ཕྱག་ཏུ་ངེས་འབྱོར་དགོས།  དེ་ལྟར་མ་བྱུང་ཚེ་འདི་ལོའི་བགྲོ་གླེང་དུ་ཞུགས་མི་ཐུབ་ལ་རྩོམ་འབྱོར་བ་དག་ཀྱང་ལས་འཛིན་ཐུན་མོང་གིས་དཔྱད་ཞིབ་བྱས་ཏེ་འོས་ཡོད་རྣམས་ལ་བརྡ་ལན་འབུལ་རྒྱུ་དང་། དེ་མིན་མ་རྩོམ་རྣམས་སོ་སོར་ཉར་ཚགས་གནང་དགོས་པ་ལས་ཕྱིར་འབུལ་ཞུ་རྒྱུ་མིན་པས་དེ་ལུགས་དགོངས་འཇགས་འཚལ། 

འབྲེལ་གཏུགས་མི་སྣ་གཤམ་གསལ་ལྟར།


     ཐེག་མཆོག་གྲགས་པ།  ཞལ་པར། 
       ༡༨༣༠༨༠༨༠༧༧༧
     བསྟན་འཛིན་རྣམ་རྒྱལ།  ཞལ་པར།   
       ༡༨༡༨༤༩༥༩༤༨༩
     བསྟན་འཛིན་ཡེ་ཤེས།   ཞལ་པར།  
       ༡༨༣༨༢༡༧༨༩༩༩
     ཚུལ་ཁྲིམས་མཐར་ཕྱིན།  ཞལ་པར།  
       ༡༨༦༨༩༠༥༤༥༥༥
     དྲང་སྲོང་རྒྱལ་མཚན།   ཞལ་པར།  
       ༡༨༡༨༩༠༥༠༩༩༥
     སྐལ་བཟང་རྒྱལ་མཚན།  ཞལ་པར།
        ༡༨༢༨༩༠༨༢༧༧༧
     ཡིག་ཟམ་ཁྱེའུ་འཕྲིན་ཨང་།
     QQ。2087816204
     QQ。2257373422

བགྲོ་གླེང་གོ་སྒྲིག་ཚོ་ཆུང་གིས།

༢༠༡༧ལོའི་ཟླ་བ་༡༢པའི་ཚེས་༩ཉིན།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།