༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 5 འགྲེམས་སྤེལ།
5 འགྲེམས་སྤེལ།
གཡུང་དྲུང་བོན་གྱི་ཙཀླི་ཕྱོགས་བསྒྲིགས་པར་འདེབས་ལས་གཞི་གྲུབ་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-11-13] [རྩོམ་པ་པོ།:དཔེ་སྒྲིག་པ།] [གཟིགས་ཐེངས:]


    ལོ་རབས་བརྒྱ་ཕྲག་དུ་མའི་ཡར་སྔོན་ནས་མཁྱེན་དཔྱོད་ཀྱི་ཤེས་རབ་མཐོ་སྒང་ཧི་མ་ལ་ཡའི་རི་སུལ་ནས་མཆེད་པའི་མེས་པོའི་རིག་གཞུང་དག་མ་སྟེ། རིགས་དང་རུས་ཀྱི་དབྱེ་བ་མེད་པར་ཁམས་དང་དབང་པོར་རང་མཐུན་གྱིས་ཉམས་སུ་ལེན་རུང་བ་ནི་གཡུང་དྲུང་བོན་གྱི་ཐེག་པ་རིམ་དགུའི་ལྟ་གྲུབ་རྣམས་སོ།།

  དེ་ཡང་ལོ་རྒྱུས་ཀྱི་རྒྱུད་རིམ་རིང་མོའི་ནང་།  ཆབ་སྲིད་ཀྱི་དགོས་མཁོ་དང་མི་སྒེར་གྱི་ཁེ་ཕན་སོགས་ནང་རྐྱེན་དུ་མའི་དབང་གིས་དར་རྒུད་ཅི་རིགས་སོང་ན་ཡང་།  ད་དུང་དུས་རབས་འདིར་གསེར་ས་འོག་ཏུ་སོང་ཡང་འོད་ནམ་མཁའ་ལ་འཕྲོ་བའི་དཔེ་བཞིན་རིན་ཐང་དང་གདན་ཐོབ་ཇེ་ཆེར་འགྲོ་བཞིན་པ་ནི་ཕ་ཨ་མྱེས་ཡང་མྱེས་དག་གི་རྣམ་དཔྱོད་དང་ཤེས་རབ་ལས་འཁྲུངས་པའི་རིག་གཞུང་གང་དེས་འགྲོ་བ་ཐུན་མོང་ལ་ཕན་བདེའི་དགེ་མཚན་བླ་ལྷག་ཏུ་བསྐྲུན་བཞིན་ཡོད་པ་ལོས་ཡིན།  དེ་དག་ནི་སྐབས་བབས་སུ་བསླབ་པ་ཉམས་ལེན་དང་།  དེ་བཞིན་དག་བཞེངས་དང་ཉམས་གསོ་འགྲེམ་སྤེལ་བྱེད་རྒྱུ་ནི་རྒྱུད་འཛིན་མཁན་རྣམས་ཀྱི་ཕྲག་སྟེང་དུ་བབས་པའི་འོས་འགན་ཞིག་ཀྱང་ཅི་ལ་མིན།  ང་ཚོས་དུས་རབས་ཀྱི་འཕྲུལ་རྩལ་དང་མཐུན་སྡེབ་འོག   ལོ་ངོ་བཅུ་ཕྲག་བརྒལ་ཙམ་གྱི་རིང་ལ་བཀའ་བརྟེན་གསུང་པོད་དུ་མ་ཞིག་དག་བཞེངས་དང་འགྲེམ་སྤེལ་གྱི་ལས་གཞི་རྒྱ་ཆེན་པོ་སྤེལ་ཟིན་ནའང་།  

   ད་དུང་སྐྱེ་འགྲོ་ཐུན་མོང་གི་ལས་ཀྱི་འཕེལ་རིམ་མ་རྫོགས་བར་དུ་རྒྱལ་བའི་འཕྲིན་ལས་ཀྱི་འཇུག་པ་མཐའ་ཅན་འབྱུང་མི་སྲིད་པ་ཇི་བཞིན།   ང་ཚོས་ཀྱང་བསྟན་སྤེལ་འགྲོ་སྐྱོང་གི་ལས་དོན་མའི་མཐའ་ཅན་དུ་བཏང་མེད་པར་སོང་གཤིས།  ད་ཐེངས་ལོ་སྔོན་མ་ནས་ཕྱོགས་སོ་སོའི་དད་ལྡན་ལྷ་སྡེ་དུ་མའི་ཕ་ཨ་མྱེས་ཡང་མྱེས་རྣམས་ཀྱིས་བཞེངས་པ་དང་གསོག་ཉར་བྱས་པའི་བོན་སྡེ་ཕྱི་ནང་གསང་གསུམ་གྱི་དབང་གི་ཙཀླི་འདི་དག་གི་དཔེ་གཞི་དངོས་ནི་ཤུལ་བཞག་རིག་དངོས་རྩ་ཆེན་ཡིན་པ་མ་ཟད་འགའ་ཞིག་ནི་རིན་ཐང་ཅན་གྱི་གནའ་བྲིས་བྱིན་ཅན་རེད་འདུག་གཤིས། འདི་ནི་འདས་པའི་དུས་འགྱུར་སྐབས་སུ་སྲོག་ལྟར་གཅེས་ཏེ་ཉར་སྲུང་བྱེད་མཁན་རྣམ་པའི་བཀའ་དྲིན་དང་། ད་ལྟའི་བདག་པོས་བྱས་པ་ལན་རེ་མེད་པ་ལྷག་བསམ་ཆེན་པོས་སངས་རྒྱས་ཀྱི་བསྟན་པ་དང་། བསྟན་འཛིན་བླ་མ་རྣམ་པའི་དགོས་མཁོ་རུ་དམིགས་ནས་མཐུན་སྦྱོར་གཡར་པོ་གནང་མཁན་རྣམ་པའི་བཀའ་དྲིན་ལས་ང་ཚོས་པར་སྐྲུན་བགྱི་བ་གྲུབ་པ་ཡིན་ཕྱིར། ང་ཚོས་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ཕྱོགས་བསྡུས་བྱས་ཏེ་བསྒྲིགས་ནས་དཔར་ཏུ་བཏབ་པ་གཤམ་གསལ། 

དཀར་ཆག


དཀར་ཆག.jpg

 



འདི་དག་ནང་གི་རི་མོའི་རང་མདངས་དང་ཚོན་མདོག་གི་བཀྲག་མདངས་སོགས་རྩ་དཔེའི་ངོ་བོ་སོར་བཞག་བྱས་པ་ལས་འཕྲི་སྣོན་དང་བཅོས་བསྒྱུར་རྒྱ་ཆེར་མ་བྱས་པ་མ་ཟད།  དེང་སང་ཚན་འཕྲུལ་ལག་ཤེས་ཀྱིས་ཁ་བསྐངས་དང་གཞོགས་འདེགས་བྱས་ཏེ་རྒྱ་ཆེ་བོན་སྤྱོད་མཁན་ཡོངས་ལ་འགྲེམ་སྤེལ་ཞུས་ཡོད།

དེ་བཞིན་ཕྱོགས་སོ་སོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་གཡུང་དྲུང་བོན་གྱི་བླ་སྤྲུལ་དགེ་བཤེས་མཁན་པོ་རྣམ་དང་རྒྱ་ཆེའི་དད་ལྡན་ལྷ་སྡེ་མཁོ་དགོས་ཅན་རྣམས་ཀྱིས་ཁོང་རྣམས་ལ་འབྲེལ་གཏུག་མཛད་རོགས། 

ཁྲིན་ཏུའུ།         དགེ་བཤེས་བསྟན་པ        13982188985

ནག་ཆུ།     དགེ་བཤེས་བསྟན་བཀྲ།   18289052888

སྟེང་ཆེན།        ནམ་མཁའ་དབང་འདུས།       15608955456

13659552287

རིན་གོང་།     ཆ་ཚང་ལ་སྒོར་1290 བབས་འདུག

ཞེས་སི་ཁྲོན་ཁྱུང་པོའི་རིག་གནས་འཚོལ་བསྡུ་ཁྱབ་སྤེལ་འགན་འཁྲི་ཚད་ཡོད་ཀུང་སི་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཚན་ཆུང་ནས།།






སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།