༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 25
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
ཁ་གསེར་ཁ་གཡུ་ཞེས་པའི་དཔྱད་དེབ་སྐུ་བལྟམས་པ།
[རྩོམ་ཁུངས།:ཁྱུང་པོོའི་དྲྭ་བ།] [ཟླ་ཚེས།:2017-11-06] [རྩོམ་པ་པོ།:དགེ་བསྟན་ཡེ།] [གཟིགས་ཐེངས:]

ཁ་གསེར་ཁ་གཡུ་ཞེས་པའི་དཔྱད་དེབ་སྐུ་བལྟམས་པ། 

ཅི་ཡང་མ་བཤད་པའི་གོང་དུ། བརྒྱད་ཤོད་དགེ་བཤེས་ཤེས་རབ་འཁྲུལ་མེད་ལགས་ཀྱི་ཆེད་རྩོམ་དེབ་ཕྲེང་གཉིས་པ“ཁ་གསེར་ཁ་གཡུ”པར་སྐྲུན་འགྲེམ་སྤེལ་ཞུས་པར་བཀྲ་ཤིས་བདེ་ལེགས་ཞུ། 

དཔེ་ཀློག་པ་ཀུན་གྱིས་མཁྱེན་གསལ་ལྟར་བོད་ཀྱི་རིག་གནས་ནི་རྒྱབ་ལྗོངས་ཀྱི་རྫོང་འཐུག་ཅིང་ཟབ་ཚད་ཀྱི་གཏིང་རིང་བ། ངོ་བོ་ཕུན་སུམ་ཚོགས་ཤིང་ཁྱད་བོན་འབུར་དུ་དོད་པ་སོགས་ཀྱིས་འཛམ་གླིང་སྒང་དུ་མི་གྲངས་ཉུང་ཉུང་ཤིག་ལས་རིག་གནས་ཟབ་ཤོས་ཡིན་ཞེས་ལབ་ཀྱང་འུར་ཤོད་དུ་མི་འགྲོ། དེ་ལྟ་བུ་གོང་ཐང་ཅན་གྱི་རིག་གནས་འདི་དར་འཕེལ་གཏོང་བ་ལ་འགྲེལ་མཛད་མཁན་པོ་དང་རིག་གནས་མཉམ་ཞིབ་པ་རྣམས་ཀྱིས་དུས་དང་བསྟུན་ནས་ཁ་གསལ་དཔྱད་མཆན་དང་དག་ཐེར་ཞིབ་འཇུག་གི་སྒོ་ནས་དར་སྤེལ་གཏོང་བ་ལས་ཐབས་གཞན་ཅི། 

དེས་ན། བརྒྱད་ཤོད་དགེ་བཤེས་ཤེས་རབ་འཁྲུལ་མེད་ལགས་ཀྱིས་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་ལ་མི་ལོ་བཅུ་ཕྲག་ལྷག་ལ་ཐོས་བསམ་བྱས་པའི་ཉེར་འབྲས་ལས། དེ་སྔོན“གཡུང་དྲུང་བོན་གྱི་རྒྱུན་ཤེས”ཞེས་པའི་དེབ་ཅིག་དཔར་དུ་བཏབ་སྟེ་གཡུང་དྲུང་བོན་གྱི་རིག་གནས་ལ་དད་འདུན་མོས་གསུམ་ལྡན་པའི་སྐྱེ་བོ་མང་པོས་དགའ་བསུ་དང་ཡིད་རངས་ཐོབ་པ་མ་ཟད། ད་ལན་རྩོམ་དེབ་གཉིས་པ་ཡང་། དགོས་པ་གསུམ་འཚོལ་བར་བྱ་བའི་ཆེད། ཟབ་མོ་གསུམ་གཙེགས་སུ་བཟུང་ནས་ཕོད་པ་གསུམ་གྱིས་མཚམས་སྦྱོར་ཏེ། སྤང་ལམ་མདོ་ཡི་སྐོར། བསྒྱུར་ལམ་སྔགས་ཀྱི་སྐོར། གྲོལ་ལམ་རྫོགས་ཆེན་གྱི་སྐོར་བཅས་རྩ་བའི་སྒྲོམ་གཞི་གསུམ། ནང་གསེས་དཔྱད་རྩོམ་ཁག་བཅོ་བརྒྱད་ལས་གྲུབ་པའི་བླ་བཏགས་སུ“ཁ་གསེར་ཁ་གཡུ”ཞེས་པའི་དཔྱད་རྩོམ་གྱི་དེབ་ཅིག་པར་སྐྲུན་ཞུས་ཏེ། གཡུང་དྲུང་བོན་གྱི་རིག་གནས་ལ་བྲོད་པ་སྐྱེས་པའི་སྡེ་ཁག་ལ་སྐྱེས་སུ་ཕུལ་འདུག་ན། མཁྱེན་ལྡན་རྣམ་པ་དུས་ཚོད་བྱུང་ན་དེབ་འདིའི་མགོ་མཇུག་བར་གསུམ་དུ་ཞིབ་གཟིགས་ཐེངས་གཅིག་གནོངས་དང་། ཁ་འགྲེང་བུ་ཁེ་ལས་ག་ཡ་སྟ་གྱ་ན་རོ་གྱོ་ང་བཞག་གྱོང་ཞིག་ག་ལ་ཡོད་ཨང་། ཞེས་དགེ་མིང་ཙམ་འཛིན་པ་དམུ་རའི་བསྟན་འཛིན་ཡེ་ཤེས་ནས་རྒྱལ་ས་པེ་ཅིང་མཐོ་རམས་ནང་བསྟན་སློབ་གླིང་ནས་ཁོང་གི་དེབ་ཕྲེང་གཉིས་པ་པར་སྐྲུན་བྱས་པ་ལ་ཡིད་རངས་ཀྱི་ཚབ་ཏུ་བྲིས། 

083F107E32B79C0A783C33DBE4FA3188.jpg

88C3B26085B66CDA68759360060D78A2.jpg




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།