༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
​འགྲན་སེམས་ཀྱི་མུན་ཁྲོད་ནས་རྒྱལ་བའི་༧གསེར་གྱི་སྒྲོན་མེ།
[རྩོམ་ཁུངས།:ཁྱུང་པའི་དྲ་བ།] [ཟླ་ཚེས།:2017-11-05] [རྩོམ་པ་པོ།:ཁྱུང་པོ་ཚང་།] [གཟིགས་ཐེངས:]

QQ图片20171103105453.jpg

ལུང་ཟིན་བླ་མ་རྒྱ་མཚོའི་མཚན་ཅན་དམར་པོ་རི་ཡི་ཞོལ་དུ་འཁྲུངས།།
རིན་ཆེན་འབར་བའི་བྲག་ཆེན་སྟེང་དུ་སྲིད་པ་གྱེར་གྱི་བརྡ་དར་ཕྱར།།
དཀར་པོ་ཁྱུང་གི་གདན་སའི་ཐོག་ཏུ་བཤད་སྒྲུབ་སྒོམ་པའི་འདུས་སྡེ་བཙུག།
སྟོད་སྨད་གང་སར་དགོན་སྡེ་ཁག་ཏུ་མཁན་པོ་དགེ་བཤེས་བརྒྱ་ལྷག་བཏང་།།

འཕྲུལ་ངག་བོན་གྱི་བསྟན་པའི་འབྱུང་ཁུངས་གསུང་རབ་འཕྲུལ་པར་གྲངས་མེད་བཏབ།།
དཀར་ནག་རྒྱ་དང་ཡུལ་གྲུ་སོ་སོའི་མཁས་པའི་མིག་སྔར་སྟོན་མོར་གཤམས།།
སྒོ་མཛོད་གླེགས་བམ་གསུང་འབུམ་ཁག་བཅས་ཀུན་སྣང་ཁྱབ་པའི་བརྙན་ལམ་ནས།།
ཕྱི་ནང་རྒྱལ་ཁབ་གང་སར་བཞུགས་པའི་བན་བོན་ཡོངས་ལ་བོན་སྦྱིན་གནང་།།

ཁྱེད་ཀྱི་མཛད་པས་མདོ་དབུས་ཁམས་གསུམ་དགོན་སྡེ་ཁག་ཏུ་མ་ཁྱབ་མེད།།
ཁྱེད་འདྲའི་མཛད་པ་ཞྭ་དཀར་བོན་གྱི་བླ་སྤྲུལ་ནང་ན་རེ་གཉིས་ཡིན།།
ཁྱེད་དང་འདྲ་བའི་བོན་བསྟན་སྤྱི་ལ་མཛད་རྗེས་ཡོད་མཁན་ཉུང་ཉུང་ཡིན།།
ཁྱེད་ལས་ལྷག་པ་གྱེར་བསྟན་དོན་དུ་ཐུགས་ཁུར་གནང་མཁན་དེ་བས་མེད།།

བསམ་ནག་ཅན་གྱི་བླ་ཆེན་དེ་ཚོས་ཁྱེད་ལ་འགྲན་པ་རེ་གཉིས་མིན།།
ཚོགས་ཆེན་ཁག་གི་འགན་འཛིན་མི་སྣས་ཁྱེད་ཀྱི་མཛད་པ་ནོར་གདའ་ཟེར།།
དགོན་ཆེན་འགའ་ཡི་དབུ་བླ་རྣམ་པས་མ་དགའ་ལྐོག་བཤད་མང་རབས་འདུག།
ཕྲག་དོག་ཅན་གྱི་བླ་སྤྲུལ་དགེ་བཤེས་ཁྱེད་ལ་མ་དགའ་འགྲན་བརྩལ་ཀྱང་།།

ཀུན་གསལ་ཉི་མ་ཀུན་ལ་མཛེས་ཀྱང་ཐན་བྱའི་མིག་ལ་མི་མཛེས་བཞིན།།
མ་རབས་མི་དང་བསམ་ངན་ཅན་ལ་བདེན་པའི་དོན་སྟོན་གོ་བ་མེད།།
ང་བོ་སྙམས་པའི་འགྲན་སེམས་ཅན་ལ་བདེན་པའི་རྟགས་མཚན་གང་བསྟན་ཡང་།།
བསམ་སྤྱོད་ལོག་པའི་རྐྱེན་ངན་དབང་གིས་བདེན་བློ་སྐྱེས་པའི་དུས་མི་འང་།།

བསྟན་འཛིན་བླ་མ་འོད་ཟེར་སྦྱིན་པའི་བསྟན་དང་འགྲོ་བའི་དོན་ཆེད་དུ།།
བསྟན་པའི་རྣམ་གྲངས་གང་ལ་གང་འདུལ་དེ་ལ་དེ་མཚུངས་མཛད་པ་ལ།།
བསྟན་དགྲར་གྱུར་པའི་ཕྲག་དོག་ཅན་དེའི་སྙིང་ཁྲག་དྲོད་མདངས་མ་ལུས་པར།།
བསྟན་སྲུང་གཙོ་བོ་སྲུང་མ་སྡེ་བཞིས་ཞལ་དུ་བཞེས་མཛོད་ཁ་རྃ་ཁ།།

2~0~1~7~1~0~2~1~གཟའ་སྤེན་པའི་ཉིན་ཁྱུང་པོ་ཚང་གིས་དཔལ་བསྟན་གྲགས་གླིང་གི་དབུ་རྩེ་ནས་སྤྲིངས།།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།