༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
གཡམ་གོ་ན་ཚ་ཞང་ཚོགས་པའི་དགེ་ཚོགས།
[ཟླ་ཚེས།:2017-10-30] [རྩོམ་པ་པོ།:གཡང་ཆེན་རྒྱ་མཚོ།] [གཟིགས་ཐེངས:]

QQ图片20171030192742.jpg

དེ་ཡང་མདོ་ཡན་ལག་བརྒྱད་པ་ལས། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན།། འདི་ནས་བཟུང་ནས་འབྲས་བུ་གྲུབ་གྲུབ་ཏུ།།  བདེ་བར་གཤེགས་པ་རྟག་ཏུ་མཆོད་པ་དང་།། འགྲོ་བ་འདྲེན་ཞིང་བསོད་ནམས་བསགས་པར་ཤོག།

QQ图片20171030192736.jpg

   

 ཅེས་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོའི་ཞལ་ནས་ཅི་ལྟར་སྨོན་པའི་དོན་གྱི་ཆ་ཤས་ཅུང་ཙམ་ཞིག་ཚོགས་བསགས་ཀྱི་བགོ་སྐལ་དུ་ཐོབ་པ་སྟེ། ད་ལམ་བོན་འབངས་ཡོངས་ཀྱི་སྤྱི་མགོན་ཆེན་པོ། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་སྐུ་ཡི་བཀོད་པ་འདི་སྣང་ལས་བསྡུས་པའི་གདུང་ཚོར་འོག  ཕྱི་ནང་བོན་འབངས་ཀུན་གྱིས་མ་བགྲོས་བསམ་པ་གཅིག་མཐུན་དང་། གདུང་སེམས་མཉམ་སྐྱེད་ཀྱི་སྒོ་ནས་འདྲེན་པ་གང་ཉིད་ཀྱི་གདུང་མཆོད་དུ་དམིགས་ཏེ་དགེ་བའི་རྩ་བ་མཆོད་པའི་སྤྲིན་ཚོགས་བསམ་གྱིས་མི་ཁྱབ་པ་ཕུལ་དང་འབུལ་བཞིན་ལགས་ན། དེ་མཚུངས་སུ་གཡམ་གོ་ན་ཚ་ཞང་ལྷན་འཛོམས་ཀྱིས་ཀྱང་འདྲེན་པ་མཆོག་གི་གདུང་མཆོད་དུ་དམིགས་ཏེ་འདས་པའི་ཉིན་གྲངས་མང་པོའི་རིང་དུ་མཆོད་རྫས་སོགས་གྲབས་གཤོམ་ལེགས་པར་བྱས་ནས། བོད་རབ་རྒྱན་མེ་བྱ་ལོའི་ཟླ་བ་དགུ་པའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཉིན་


QQ图片20171030192721.jpg

QQ图片20171030192730.jpg

     

 སྤྱི་ལོ་2017/10/22 ནས་བཟུང་ཉིན་གྲངས་བརྒྱད་ཙམ་གྱི་རིང་དུ་གཡམ་བྱ་ཆེན་དགོན་གྱི་དབུ་བླ་རྣམ་སྲས་གྲགས་པ་རིན་པོ་ཆེ་དང་། སྒང་རུ་ཤེལ་ཞིག་གཡུང་དྲུང་བསྟན་འཛིན་རིན་པོ་ཆེ་དང། དགེ་བཤེས་དྲང་སྲོང་རྒྱལ་མཚན་རིན་པོ་ཆེ་སོགས་ཚོགས་མགོན་དུ་གདན་ཞུས་བྱས་ཏེ་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་སྤྲིན་རྒྱས་པར་ཕུལ་བ་བཅས་ཀྱི་གནས་འཕྲིན་དུ་གཡང་ཆེན་རྒྱ་མཚོས་སྤྱི་ལོ2017/10/30ཉིན་སྤེལ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།