༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
རི་དམར་དགོན་བླ་གྲྭ་སེར་སྐྱ་ཡོངས་ནས་༧སྐྱབས་རྗེ་མཁན་རིན་པོ་ཆེའི་གདུང་མཆོད་རྩི་སྲུང་ཞུས་པ།
[རྩོམ་ཁུངས།:ཁྱུང་པའི་དྲ་བ།] [ཟླ་ཚེས།:2017-09-20] [རྩོམ་པ་པོ།:ཟིལ་ཐིགས།] [གཟིགས་ཐེངས:]

1.jpg

QQ图片20170917210300.jpg

3.jpg

 དེ་རིང་སྤྱི་ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་ཁྱུང་ཡུལ་རི་དམར་སྐལ་བཟང་གླིང་གི་བོན་གཤེན་བླ་གྲྭ་ཁག་གི་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་རྒྱས་པ་དག་འདོན་གནང་སྟེ། དཔལ་ལྡན་གཤེན་གྱི་མགོན་སྐལ་མི་རྗེ་སྨན་རི་བའི་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་ཆེད་དུ་གདུང་མཆོད་ལ་བརྩི་སྲུང་ཞུས་ཏེ། མགོན་པོ་གང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མདུན་དུ་ཚང་རྒྱུང་གི་བཀོད་པ་ཚང་བའི་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་ཕུལ་ཞིང་བོན་མི་ནུབ་པའི་བརྡ་རྟགས་གཡུང་དྲུང་ཆག་ཤིང་གཙོས་པའི་མཛེས་ཤིང་ཡིད་དུ་འོང་བའི་མཆོད་པ་རྣམ་ལྔ་གྲལ་དུ་གཤམ། མཐར་དགོན་གྱི་ལྷ་སྡེ་མང་ཚོགས་རྣམས་ཀྱི་སྐུ་པར་རིན་པོ་མཇལ་ཁ་ཞུས་ནས།རང་ནུས་གང་ལྕོག་གིས་དགེ་བའི་ལས་གང་འགྲུབ་དང་སྡིག་པ་ཕྲ་མོ་ཡིན་ཡང་སྤང་ཅི་ཐུབ་ཀྱི་དམ་བཅའ་ཞུས་ནས་འཇུག་གྲུབ་སོང་།

4.jpg
5.jpg

6.jpg

7.jpg

8.jpg

ཟིལ་ཐིགས་པས་ཟིན་བྲིས་བཏབ།





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།