༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་ནས་གདུང་མཆོད་སྨོན་ལམ་ཞུས་པ།
[རྩོམ་ཁུངས།:ཁྱུང་པའི་དྲ་བ།] [ཟླ་ཚེས།:2017-09-19] [རྩོམ་པ་པོ།:ཁྱུང་ལྔ་རིག་སློབ་གླིང་།] [གཟིགས་ཐེངས:]

༡.jpg

སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བར་གདུང་མཆོད་སྨོན་ལམ་ཞུས་པ།

༢.jpg 

༧ སྐྱབས་མཆོག་སྨན་རིའི་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་༢༠༡༧ལོའི་ཟླ་བ་༩པའི་ཚེས་༡༤ཉིན་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གཏམ་ངན་དེ་ཐོས་མ་ཐག་ཤིན་ཏུ་ཡིད་སྐྱོ་བའི་ངང་།   སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་དུ། 

༣.jpg

༤.jpg

༥.jpg

འདི་ལོའི་ཕྱི་ཟླ་༩པའི་ཚེས་༡༥ཉིན་གྱི་ཞོགས་པར།  འདི་གའི་དགོན་པའི་མཁན་རིན་པོ་ཆེས་བཀས་བཀོད་བཞིན།  བཤད་སྒྲུབ་སྒོམ་གསུམ་དང་ལྷ་སྡེ་ལྷན་ནས་མཆོད་འབུལ་གྱི་གྲབས་བྱས་ཤིང་།  ཆུ་ཚོད་བཅུ་པའི་ཐོག་དགེ་སློབ་འདུས་གྲྭ་ལྷན་རྒྱས་ནས་བླ་མ་མཆོད་པ་དང་།  ཚེ་དབང་སྨོན་ལམ།  མཉམ་མེད་བླ་སྒྲུབ་བཅས་འདུས་སྡེའི་གྲྭ་ཚང་ཡོངས་རྫོགས་ནས་གསོལ་བ་སྨོན་ལམ་ཞུས་ཤིང་།  གྲྭ་ཚང་འདུས་སྤྱི་ནས་ཁྲི་འཛིན་རིན་པོ་ཆེའི་དགུང་ཞག་ཞེ་དགུང་རིང་དཀར་ཟས་ཁོ་ནར་སྤྱོད་རྒྱུ་དང་།  དགེ་སྒྲུབ་སྡིག་སྤང་གི་བྱ་བར་རོལ་བའི་དམ་བཅའ་གནང་།

༦.jpg

༧.jpg

༨.jpg

༩.jpg

འདི་ཟླའི་ཚེས་༡༧ གྱི་དགོང་མོར་བླ་སློབ་ལྷ་སྡེ་སེར་སྐྱ་ཡོངས་མཉམ་འཛོམ་ཐོག  ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་དུ་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་ཞལ་སྐྱིན་སྐུ་པར་རིན་པོ་ཆེའི་མདུན་དུ།  མཚན་མ་རྫས་ཀྱི་མཆོད་པ་རྣམ་ལྔ་དང་རྣམ་བརྒྱད་རྟགས་བརྒྱད་ནོར་བདུན་ཤིང་ཐོག་སྤྱན་གཟིགས་ཇ་ཆང་མངར་ཆུ་ལ་སོགས་རྒྱས་པ་དངོས་སུ་བཤམས་ལ་བདེན་སྨོན་རྣམ་གསུམ་དང་ཚེ་དབང་སྨོན་ལམ་གསུང་ཞིང་མཐར་མཚན་མོ་ཆུ་ཚོད་བཅུ་ཡས་མས་སུ་སྐུ་པར་མཇལ་གནང་བ་དང་།  གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་དང་བཅས་གྲུབ་པའི་གནས་ཚུལ་དུ།

༡༠.jpg

ཁྱུང་ལྔ་རིག་སློབ་གླིང་ནས།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།