༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
བཞུད་པ་སྔ་སོང་བདག་གི་སྨན་རི་བ།
[རྩོམ་ཁུངས།:ཁྱུང་པའི་དྲ་བ།] [ཟླ་ཚེས།:2017-09-19] [རྩོམ་པ་པོ།:​ཁྲི•རིག་པའི་མདའ།] [གཟིགས་ཐེངས:]

QQ图片20170917210300.jpg

                 

དགུ་ཚིགས་དཀྱིལ་ཀྱི་དུས་ཀྱི་སྐར་ཆེན་ཏེ།།

འདི་སྣང་ཟེར་གྱི་འོད་ཕུང་ནུབ་ཏུ་བཞུད།།

ཁེར་རྐྱང་དུ༔ཁའི་གསེང་གི་ནམ་ཀ་ཀྱང་།།

གདུང་བའི་སྨྲེང་ངག་སྤྲིན་ནག་ངོ་བོར་གྱུར།།

ཧེ་རི་སྨན་ལྗོངས་ཕྱུག་མོའི་ཁེར་འགྲོ་ཡང་།།

དབྱངས་ཀྱི་སྐུད་པ་བཅད་དེ་མོན་དུ་འཕུར།།

ནད་མུག་ཁ་ཆར་རྒོད་པའི་དགུན་སྨད་དེར།།

ཚོར་སྐྱུར་ཁ་བའི་རེག་བྱས་ལུས་སེམས་གཞོབ།།

མུག་ནག་དགུ་རིམ་བརྩེགས་པའི་ནམ་ཟླ་འདིར།།

འཛུམ་གྱིས་གཤོག་པ་ཆག་པའི་བྱིའུ་ཁྱུ་འགྲོ།།

སྨྲེང་སྐད་ཧུད་ཧུད་འཚག་གིན་བྱང་ཐང་དུ།།

ཁྱེད་ཀྱི་པར་སྒྲོམ་མདུན་ནས་ཁྱེད་ཉིད་ཅེར།།

དུག་ལྔའི་ཁ་རླངས་རྩུབ་པོའི་དུ་སྤྲིན་གྱིས།།

རེ་ཞིག་མ་འཕྲོད་འོག་མིན་ཆབ་རིས་ལ།།

རོལ་ཕྱིར་རང་རིག་རྗེན་བུའི་མཁར་གྲུ་རུ།།

ཞུགས་ཏེ་བདེ་ཆེན་རྒྱལ་པོའི་གྲོང་དུ་ཕེབས།།

ཕེབས་ནས་བཟུང་སྟེ་ཉི་ཟླ་དམར་པོ་གྱུར།།

བདེ་བའི་ཚོར་ཕྲན་རྐང་དྲུག་མུན་པར་བྱབ།།

བཞད་བགད་ལག་གི་རྒྱུད་དྲུག་རྡོ་ལ་རྡབ།།

«གདུང་མཆོད»ཞེས་པའི་ཚིག་དེ་རྣ་བར་དཀྲོལ།།

མིག་ཆུའི་སྐར་ཚོགས་བཞིན་ཀྱི་ཡངས་པོར་ལྷུང་།།

དུབ་པའི་གདུང་བས་ཡིད་སེམས་འཁྱག་ཏུ་བཙུད།།

སྐྱོ་སྡུག་ཁྲི་འབུམ་ཡི་གེའི་གཟུགས་སུ་སྦྲུམ།།

ས་མཐའི་དྭ་ཕྲུག་ལས་དབང་སྨྲེང་གླུར་བསྐུར།།

ལན་ཅིག་གསན་རོགས་བདག་གི་སྨན་རི་བ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།