༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 12
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 1 བོད་ཀྱི་མི་སྣ་གྲགས་ཅན།
1 བོད་ཀྱི་མི་སྣ་གྲགས་ཅན།
དགའ་བསུ་ཞུ་འོས་པའི་གཏམ་བཟང་།
[ཟླ་ཚེས།:2017-08-26] [གཟིགས་ཐེངས:]

གྲོགས་པོ་ལྷན་རྒྱས་ཡོངས་ལ་འཚམ་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།།

  འདི་ནས་ཡར་བརྩིས་མི་ལོའི་ཕྲེང་ལྡོག་ཉི་ཤུ་ལྷག་གི་རིང་དུ་ཁོ་བོའི་ཕ་རྒན་མཆོག་གིས་་བསམ་དཀར་ལྷད་མེད་ཀྱི་ངང་ནས།  མི་རིགས་ཤིག་གི་ཕུག་ནོར་ཤེས་རིག་གི་སྲོག་རྩ་ལ་ཆགས་སེམས་ཤིན་ཏུ་སྐྱེས་ནས།  བདག་ལ་ཉིན་མཚན་དུས་ཀུན་ཏུ་དཀའ་བ་ཁྱད་གསད་ངལ་བ་དོན་བླངས་བྱས་ཤིང་བདག་ལ་ཡིག་གཟུགས་བསླབས་ཁྲིད་བྱས་པ་དང་། ཁོ་བོས་དྲན་ཤེས་བརྩོན་འགྲུས་ལ་དམ་བཅའ་བརྟན་པོ་ཞིག་རྒྱུད་ལ་འཆང་ཞིང་སེམས་རྣལ་དུ་ཕབ་ནས་གནའ་བོའི་ཤེས་རིག་ཀུན་གྱི་དྭངས་མ་ནང་པའི་ཆོས་རྒྱུད་ཆེན་མོ་བཞི་དང་གཡུང་དྲུང་བོན་བཅས་ལྔ་འམ་སྟོན་པ་སངས་རྒྱས་གཉིས་ཀྱི་བཀའ་རྣམ་པར་དག་པའི་རིགས་དང།

   སྟོན་པ་དེ་གཉིས་ཀྱི་རིང་ལུགས་ཆེན་མོ་ལྔ་ཡི་བླ་སྤྲུལ་མཁས་དབང་རྣམས་ཀྱི་དགོངས་དོན་རྣམས།ལས་མཐའ་བསྐལ་པ་མ་རྫོགས་ཀྱི་བར་དུ་གནས་དགོས་ན།   ཡི་གེ་དང་ཡིག་གཟུགས་ཀྱི་ལམ་ནས་བརྒྱུད་སྐྱོང་དགོས་ཕྱིར།   ཁོ་བོས་ལོ་ངོ་ཉི་ཤུ་ལྷག་གི་རིང་དུ་ཉིན་མཚན་དུས་འདའ་བར་སྦྱངས་པ་དང་ཉམས་ལེན་བྱས་པ་ཡིན།   

8B117C29103DB3A4672F282A09771363.jpg

   ད་སྐབས་ས་གནས་དང་རྒྱལ་ཁབ་རིམ་པ་ཁག་གང་ཡིན་ཡང་།  རྟེན་འབྲེལ་གྱི་དུས་ཆེན་མི་འདྲ་བ་ཚོགས་བཞིན་ཡོད་སྟབས།  ཁར་སང་བོད་མདོ་དབུས་ཁམས་གསུམ་ལས།  ཁམས་ཀྱི་ཆར་དུ་གཏོགས་པའི་དགའ་ཆབ་མདོ་ཤེས་དཔལ་གྱི་གྲོང་ཁྱེར་རམ།  བདུན་ལྡན་གྲོང་ཁྱེར་དང་ནང་ཁུལ་རྫོང་ཁག་རྣམས་ཀྱི་ཡིག་གཟུགས་འགྲན་བསྡུར་བྱས་པའི་མཐའ་མཇུག་ལ།     མཁས་དབང་དང་དབུ་ཁྲིད་རྣམས་ཀྱིས།  རྒྱུ་འབྲས་དྲང་བསྲུངས་དང་དངོས་ཡོད་བདེན་དོན་དང་མཐུན་པའི་སྒོ་ནས།   གུས་པ་ཆུང་རྒྱུད་བྲིས་པ་ཚེ་དབང་རྣམ་རྒྱལ་གྱིས་བྲིས་པའི་བོད་ཡིག་ཡིག་གཟུགས་ལ་ཨང་དང་པོ་རུ་ངོས་འཛིན་ཏེ་།   གདེང་འཇོག་ཚད་མེད་གནང་བ་འདི།  ཁོ་བོས་དགེ་རྒན་ནམ་ཕ་རྒན་མཆོག་དང་།  མཁས་དབང་། དབུ་ཁྲིད་རྣམས་ལ་བཀའ་དྲིན་ནམ་ཐུགས་རྗེ་ཤིན་ཏུ་ཆེའོ་ཟེར་ནས་ཞུ་བ་ཡིན།།


029D39565069BFFE8F69C8FA6872B7BE.jpg

བོད་ཡུལ་སྐྱེས་ཀྱང་བོད་ཕྲུག་མིང་ཙམ་ལས།།

ཆེན་པོའི་ཐོབ་དང་གོ་ས་དབེན་པ་དང་།།

མྱི་རྒོད་ཕྲག་དོག་ཚ་སའི་བར་གསེང་ན།།

ལུས་པའི་ཁམས་ཀྱི་ཡིག་ནག་བྱ་བ་དེས།།

༢༠༡༧ལོའི་ཟླ་༨་པའི་ཚེས་༢༤་ཉིན།


342B676CB3E3AEDA0D5F93250483826A.jpg




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།