༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 7 ཚེས 17
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 1 བོད་ཀྱི་མི་སྣ་གྲགས་ཅན།
རྩོམ་ཡིག་གསར་ཤོས།
འོས་སྦྱོར་རྩོམ་ཡིག
1 བོད་ཀྱི་མི་སྣ་གྲགས་ཅན།
༧ སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-04-27] [གཟིགས་ཐེངས:]

1.jpg

 སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག

     སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པ་ཉི་མ་རིན་པོ་ཆེ་མཆོག་ནི། སྤྱི་ལོ་༡༩༢༩ལོར་མདོ་སྨད་ཤར་ཁོག་ཏུ་སྐུ་འཁྲུངས་ཤིང་། དགུང་གྲངས་བཅུ་བདུན་༡༩༤༥ཐོག་རྐྱང་ཚང་བླ་མ་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་སྐུ་མདུན་ནས་གཙང་གཙུག་ཉེར་ལྔའི་སྡོམ་པ་ཞུས། དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་སུམ་རྟགས་དག་གསུམ་དང་། མངོན་བརྗོད།  རྩིས་དཀར་ནག་སོགས་རིག་གནས་དང་། སྡུད་ཚད་ཐེག་རིམ་ས་ལམ་ཕར་ཕྱིན་བཅས་སྦྱངས་ནས་དགུང་གྲངས་ཉེར་ལྔའི་ཐོག་དགེ་བཤེས་ཀྱི་མཚན་རྟགས་བཞེས། དེ་ནས་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་ཕེབས་ནས་གྲྭ་སའི་སྒྲིག་སྲོལ་ལྟར་གཙང་གཙུག་གི་སྡོམ་པ་ཞུས། མཚན་ལ་སངས་རྒྱས་བསྟན་འཛིན་གསོལ།སྒང་རུ་དཔོན་སློབ་ཀྱི་མདུན་ནས་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་མང་དུ་གསན་པ་དང་།གྲྭ་ས་གོང་མ་བཀྲ་ཤིས་སྨན་རིར་ཕེབས་ཏེ་སྨན་རི་ཁྲི་འཛིན་སུམ་བཅུ་པ་བསྟན་པ་བློ་གྲོས་མཆོག་གི་སྐུ་མདུན་ནས་རྫོགས་ཆེན་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་ལེགས་པར་གསན།དུས་འགྱུར་སྐབས་༡༩༦༠ལོར་རྒྱ་གར་ལ་ཕེབས། དགུང་གྲངས་བཞི་བཅུའི་ཐོག་༡༩༦༨བོན་གཞིས་ཐོབ་རྒྱལ་གསར་པ་རུ་གཡུང་དྲུང་གླིང་གི་མཁན་པོ་ཤེས་རབ་བསྟན་པའི་རྒྱལ་མཚན་མཆོག་དང་། གཙང་སྨན་རིའི་ཡོངས་འཛིན་གནམ་གཉིས་གཙོས་བོན་གྱི་བླ་སྤྲུལ་རྣམས་ཀྱིས་སྔར་སྲོལ་ལྟར་བསྟན་སྲུང་བོན་སྐྱོང་སྲུང་མའི་ཚོགས་ལ་འཕྲིན་བཅོལ་ཞུས་ཏེ་རྟགས་རིལ་བསྒྲིལ་ནས་ཁོང་ཉིད་བབས་ཏེ་རྒྱལ་བ་མཉམ་མེད་ཆེན་པོའི་རྒྱལ་ཐེབས་ཀྱི་ཁྲི་ལ་འཁོད། མཚན་ལ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞེས་གསོལ། དེ་ནས་ད་ལྟའི་བར་བོན་གཞིས་ཐོབ་རྒྱལ་གསར་པར་དགོན་པའི་འགན་བཞེས་ནས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་བཞིན་ཡོད།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།