༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 4 གསར་བརྡ།
4 གསར་བརྡ།
རྒྱལ་བའི་བཀའ་འགྱུར་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་གནང་སྐྱེས་སུ་འབུལ་བའི་གསལ་བརྡ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-07-03] [རྩོམ་པ་པོ།:བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས།] [གཟིགས་ཐེངས:]

རྒྱལ་བའི་བཀའ་འགྱུར་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་གནང་སྐྱེས་སུ་འབུལ་བའི་གསལ་བརྡ་ལྷ་རེག་དར་གྱི་གཡབ་མོ།

QQ图片20170703140852.jpg

     འདིར་སེར་སྣའི་ཀུན་འཛིན་གྱི་སྤྲིན་ཚོགས་རབ་ཏུ་དྭངས་ཤིང་རིས་མེད་ཕན་བདེའི་བདེ་དྲོད་སྟེར་བའི་ཉི་མ་ལྟ་བུའི་སྙིགས་དུས་ཀྱི་འདྲེན་པ་ཆེན་མོ་༧སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་ནས་འབྲེལ་ཐོགས་སེམས་ཅན་རྣམས་ཀྱིས་དད་རྫས་སུ་ཕུལ་ཡོང་བའི་ཟང་ཟིང་ནོར་གྱི་བདོག་པ་དག་དོན་མེད་ཆུད་ཟོས་སུ་མི་གཏོང་བར་རྒྱལ་བ་འཕགས་པའི་བཀའ་ལུང་གསུང་རབ་དག་དག་བཞེངས་སུ་བྱ་རྒྱུ་འདི་ནི་རྟེན་བཞེངས་ནང་ནས་མཆོག་དང་།  དགེ་བ་ནང་ནས་རླབས་ཆེ་བར་དམིགས་ཏེ་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་བཙུགས་ནས་བླ་གྲྭ་༥༠ཡན་མན་གྱིས་ད་བར་མི་ལོ་ཧྲིལ་པོ་བཅུ་བདུན་གྱི་ནང་ན་ཐང་ལྷོད་མེད་པར་བཀའ་བརྟེན་གསུང་རབ་དག་བཞེངས་ཀྱི་འབད་འབུངས་བྱས་པའི་གྲུབ་འབྲས་བླ་ལྷག་ཐོན་ཡོད་ལ།  གང་ན་དཔེ་ཆ་སོགས་ཀྱི་ཆ་རྐྱེན་ཉག་ཕྲ་བ་དང་།  མཁོ་གལ་ཆེ་བ་ཡོད་སར་རིས་མེད་དཔེ་སྦྱིན་དང་ཞལ་འདེབས་ཀྱི་ཕྱག་ཟུང་རིང་དུ་བསྲིངས་ནས་བོན་བསྟན་འདི་ལ་ཞབས་ཕྱི་བླ་ལྷག་ཞུས་ཡོད།

     དཔེར་ན་དེ་སྔོན་གཡུང་དྲུང་བོན་གྱི་བླ་ཆེན་ཁག་གཙོས་པའི་མཁས་པ་དང་ཞིབ་འཇུག་པ།  དགེ་རྒན་ཆེན་མོ།  དགོན་ཆེན།  སློབ་ཆེན།  དེ་བཞིན་དཔེ་མཛོད་ཁང་བཅས་ལ་རྒྱལ་བའི་བཀའ་འགྱུར་དང་བརྟེན་འགྱུར་ཚར་གྲངས་༨༠༠ ལྷག་ཞལ་འདེབས་དང་རྟེན་བཞག་མཛད་ཡོད་པ་དང་།  ད་དུང་གངས་ཏི་སེའི་བོན་གཞུང་རིག་མཛོད་ཚར་༡༠༠༠ སྒོ་བཞི་མཛོད་ལྔའི་ཡང་བཅུད་དེབ་ཚོམས་ཚར་༡༥༠༠ ཐམ་པ་བོན་གྱི་བཤད་གྲྭ་ཁག་གི་སློབ་གཉེར་བ་རྣམས་ལ་དཔེ་སྦྱིན་གྱི་ཆ་རྐྱེན་གནང་བ་དང་།  དེ་བཞིན་ཤར་རྫའི་གསུང་འབུམ་དང་།  ཡོངས་འཛིན་ཚུལ་རྒྱན་པའི་གསུང་འབུམ།  ཞལ་འདོན་སོགས་པོད་དང་དེབ་འབུམ་ཕྲག་ཁ་ཤས་དཔེ་སྦྱིན་གནང་ནས་བསྟན་འགྲོར་གཉིས་ཕན་གྱི་མཛད་པ་རླབས་ཆེན་བསྐྱངས་ཡོད།
     ད་ལན་འདིར་སླར་ཡང་ཁྱེད་ཅག་གི་གསེར་སྙན་རིང་མོའི་ལམ་དུ་ཐོས་པ་དགའ་བའི་ཞུ་གསོལ་ནི།  བོད་ནང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ཁག་ཏུ་གཏན་བཞུགས་གནང་ནས་ནམ་རྒྱུན་དགོན་དེའི་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆག་མེད་ཡུན་རིང་གནང་མཁན་གྱི་མཁན་པོ་དང་།  སློབ་དཔོན།  དགེ་རྒན་ཆེན་མོ་བཅས་ལ་རྒྱལ་བའི་བཀའ་འགྱུར་"གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ"དེབ་གཟུགས་ཚར་རེ་འབུལ་འཆར་ཡོད་པས་དེ་ལུགས་ཐུགས་དགྱེས་པ་ཆེན་པོས་བཞེས་པར་ཞུ།

དཔེ་སྦྱིན་འབུལ་སའི་མཚན་ཐོ་གཤམ་གསལ།

གཙང་སྨན་རི་དགོན།  བསྟན་འཛིན་ཕུན་ཚོགས།

གཡུང་དྲུང་གླིང་།  སྐལ་བཟང་རིག་འཛིན།

བོད་ལྗོངས་ནང་བསྟན་སློབ་གླིང་།  སྐལ་བཟང་ཚུལ་ཁྲིམས།  ཀུན་གསལ་སྙིང་པོ།  སྐལ་བཟང་ནོར་བུ།  མཁྱེན་རབ་ནམ་མཁའ།

སྙན་རོང་སོག་སྡེ་བོན་དགོན།  གཡུང་དྲུང་ནམ་མཁའ།  རང་རིག་རང་ཤར།  བསྟན་འཛིན་རྣམ་དག

ཆབ་མདོ་དགོན།  ཚུལ་ཁྲིམས་ཡེ་ཤེས།  ངག་དབང་བློ་གྲོས།

སྣང་གསལ་དགོན།  དབང་གྲགས།

འབྲི་རུ་སེན་རྫ་དགོན།  ཚུལ་ཁྲིམས་རིན་ཆེན།

སྦྲ་ཆེན་ཀླུ་ཕུག་དགོན།  གཡུང་དྲུང་གཙུག་ཕུད།  གཡུང་དྲུང་རྒྱ་མཚོ།  བཟོད་པ།  བརྩོན་འགྲུས་རྒྱལ་མཚན།

སྤ་ཚང་དགོན།  བློ་གྲོས་རྒྱལ་མཚན།  བསམ་གཏན་རྒྱལ་མཚན།

ལུང་དཀར་དགོན།  བསྟན་འཛིན་འགྱུར་མེད།  གཤེན་བསྟན་ལྷུན་གྲུབ།  བསམ་གཏན་འགྱུར་མེད།

སྤུ་བླ་དགོན།  གཤེན་བསྟན་རབ་གསལ།  བསྟན་འཛིན་རྣམ་རོལ།  དྲང་སྲོང་བློ་གྲོས།

ཁྲོམ་ཚང་དགོན།  ཡོན་ཏན་རྒྱ་མཚོ།  གཙུག་གཤེན་བསྟན་འཛིན།  ཚུལ་ཁྲིམས་མཐར་ཕྱིན།

སྟེང་ཆེན་ཞུ་ཚང་དགོན།  བསྟན་འཛིན་རྣམ་རྒྱལ།  ཤེས་རབ་ཐབས་མཁས།  བསྟན་འཛིན་དགེ་ལེགས།  གཡུང་དྲུང་ཕྲིན་ལས།

ག་ཤེལ་དགོན།  བསྟན་འཛིན་ཡེ་ཤེས།  ཡེ་ཤེས་གོང་འཕེལ།

ཅོང་རི་དགོན།  གཡུང་དྲུང་རྒྱལ་མཚན།

ཟམ་ཞིག་དགོན།  གཙུག་ཕུད་ཚུལ་ཁྲིམས།  ཚུལ་ཁྲིམས་མཐར་ཕྱིན།  ཚུལ་ཁྲིམས་རྒྱལ་མཚན།  ཚུལ་ཁྲིམས་གཡུང་དྲུང་།

སྒང་རུ་དར་རྒྱས་དགོན།  ཚུལ་ཁྲིམས་ལེགས་ལྡན།  སྐལ་བཟང་ཕྲིན་ལས།

བྱ་ཟེ་ཡང་རྫོང་།  ཐབས་མཁས་དགེ་འཕེལ།

དམུ་ལྷ་ལུང་དགོན།  འོད་ཟེར་རྒྱལ་མཚན།

རུ་ཐ་དགོན།  བསྟན་འཛིན་ཚུལ་ཁྲིམས།  ཁྲི་ལྡེ་རྣམ་རྒྱལ།

ཚ་ནེ་རི་ཁྲོད།  གཡུང་དྲུང་སེམས་དཔའ།

སྟེང་ཆེན་དགོན།  རྒྱལ་བ་བསྟན་འཛིན།  འཕགས་མཆོག་སེམས་དཔའ།  ཚུལ་ཁྲིམས་དགེ་རྒྱས།  ནོར་བུ།  བསོད་བཀྲ།  བློ་གྲོས་རབ་གསལ།  སྦྱིན་པ་གཙུག་ཕུད།  རྣམ་དག་དོན་ལྡན།  བསོད་ནམས་བློ་གྲོས།  ཤེས་རབ་འཁྲུལ་མེད།

རི་ཁྲོད།  བློ་གྲོས་རབ་གསལ།  རིན་ཆེན་ནོར་བུ།

ཀོ་དགོན།  ཡོན་ཏན་ཕུན་ཚོགས།  དགེ་ལེགས་ཚུལ་ཁྲིམས།  གཡུང་དྲུང་ཚུལ་ཁྲིམས།  ཚུལ་ཁྲིམས་བློ་གྲོས།  ཤེས་རབ།  ནམ་མཁའ་གཙུག་ཕུད།

སྨོན་རྒྱལ་དགོན།  མཁྱེན་བརྩེ་བློ་གསལ།

ནག་རུ་དགོན།  བསམ་གཏན་དགེ་ལེགས།  ཡེ་ཤེས་རབ་གསལ།  བཟོད་པ་ཚུལ་ཁྲིམས།

གཡུང་དྲུང་དཔལ་རི་དགོན།  རྣམ་དག་གཙུག་ཕུད།

གཡུང་དྲུང་དཔལ་རི་བཙུན་མའི་སྒྲུབ་སྡེ།  བརྩོན་འགྲུས་ཕུན་ཚོགས།

རྩེ་དྲུག་དགོན།  བསྟན་པ།  ནོར་བུ།  བསོད་ནམས་འགྱུར་མེད།  ཤེས་རབ་རྣམ་རྒྱལ།  ཕུན་ཚོགས་དབང་འདུས།  ཚུལ་ཁྲིམས་བསྟན་པ་དར་རྒྱས།

ལྷོ་རོང་བལ་ཐོ་དགོན།  གཡུང་དྲུང་ཉི་མ།

ཁྲ་རྒན་དགོན།  བསམ་གཏན་ཚུལ་ཁྲིམས།  ཚུལ་ཁྲིམས་མཐར་ཕྱིན།  ཚུལ་ཁྲིམས་དྲི་མེད།

ཚ་རོང་ལ་ངུ་དགོན།  འོད་ཟེར།

ཀོང་པོ་སྒྱེལ་རི་དགོན།  ཡེ་ཤེས་ཐབས་མཁས།

སྟག་བྲོ་ས་དགོན།  སྦྱིན་པ།

འཇོ་མདའ་བླ་ཁྲི་དགོན།  བསོད་ནམས་ཕུན་ཚོགས།  ཟླ་བ།

སྟག་ཞིག་དགོན།  འཕྲིན་ལས་འོད་ཟེར།

ཞལ་བཞེས་དགོན།  བསོད་འཕེལ།  གཡུང་དྲུང་དབང་ཕྱུག

སེ་ཞིག་དགོན།  ཚེ་དབང་བདེ་ཆེན།  གྲགས་པ།

སྡེ་དགེ་ཤར་རྫ་རི་ཁྲོད།  འཇིགས་མེད་དབང་ཕྱུག  རིག་འཛིན་དབང་རྒྱལ།  ཉི་མ་བསྟན་འཛིན།  ཀུན་གསལ་ཟླ་བ།  བྱང་ཆུབ་ཟླ་བ།

ཁྲོ་ཚང་དགོན།  གཙུག་ཕུད་ཚུལ་ཁྲིམས།  ཧོར་རྣམ་རྒྱལ།  གཡུང་དྲུང་ཉི་རྒྱལ།

རིན་སྤུངས་དགོན།  ཀ་ཤུལ་བསོད་རིན།

ཉག་རོང་ཡེ་ཤེས་དགོན།  བསྟན་འཛིན་སྨོན་ལམ།

བྱ་བཏང་རི་ཁྲོད།  རྣམ་སྲས་དབང་འདུས།  ཨ་འཆི་མེད་རྣམ་རྒྱལ།

རྒྱ་ཞིག་དགོན།  ལྡོང་བཙུན་རྒྱ་ཐར།

མེ་ཉག་འདུ་ར་དགོན།  ཚུལ་ཁྲིམས་བསྟན་འཛིན།

བྲག་མགོ་གཏོ་མདའ་དགོན།  ཤེས་རབ་སྦྱིན་པ།  བློ་གྲོས་རྒྱ་མཚོ།

གཞིས་རིའི་དགོན།  ཨ་ཁུ་མཐུ་སྟོབས།  ཚེ་དབང་རྒྱལ་མཚན།

ཤར་ཁོག་དགའ་མལ་དགོན།  ཤེས་རབ་མཐར་ཕྱིན།  ཤེས་རབ་ཚུལ་ཁྲིམས།  ནོར་བུ།  སྟག་ལ།  བསྟན་འཛིན་ཡེ་ཤེས།

སྐྱང་ཚང་དགོན།  ཕུར་གོ

རིན་སྤུངས་དགོན།  ཅོ་གོ

རྔ་བ་རྟོགས་ལྡན་དགོན།  ཀུན་གྲོལ་རྒྱ་མཚོ།  ཤེས་རབ་རྒྱ་མཚོ།

རྔ་བ་སྣང་ཞིག་དགོན།  ཚེ་དབང་བསྟན་འཛིན།  ཤེས་བྱ་ཀུན་གྲགས།  ཤེས་རབ་རྒྱ་མཚོ།  བསྟན་འཛིན་དབང་ལྡན།  ཤེས་རབ་དབང་རྒྱལ།  ཁྲི་གཙུག་རྣམ་རྒྱལ།  སྨར་བསྟན་འཛིན་རྣམ་རྒྱལ།  ཕུན་ཚོགས་ཚེ་རིང་།  སྐལ་བཟང་གཡུང་དྲུང་།  བསྟན་པ་དར་རྒྱས།  ཚུལ་ཁྲིམས་གཙུག་ཕུད།  བསོད་ནམས་ཚེ་རིང་།

ཞང་ངུ་གསས་གླིང་དགོན།  དུང་རི་བླ་མ།

མཛོད་དགེ་གཡུང་དྲུང་དགེ་ལྡན་གླིང་།  བཟོད་པ་རྒྱ་མཚོ།

སྐྱང་ཚང་དགོན།  དྲི་མེད་འོད་ཟེར།

རྒྱལ་རོང་།  ཤེས་རབ་གྲགས་པ།  བསྟན་འཛིན་དབང་གྲགས།  ས་ཁའི་བློ་ལྡན།

མཚོ་སྔོན་བོན་བརྒྱ་དགོན།  ཡེ་ཤེས་བློ་གྲོས།  གཡུང་དྲུང་བསྟན་པ།

ཁྱུང་མོ་དགོན།  བཟོད་པ་འགྱུར་མེད།  བསོད་ནམས་བསྟན་དང་།  གཞན་ལ་ཕུལ་བ་བཅས་བསྡོམས་ཚར་གྲངས་༡༥༥ ཡོད།
     གོང་འཁོད་འགའ་ཤས་ལ་ཉེ་སྔོན་ཕུལ་ཟིན་པས་བསྐྱར་དུ་འབུལ་འཆར་མེད་ལ། འདིར་ནན་ཞུ་དགོས་པ་ཞིག་ནི་ཕྱོགས་རིས་མ་ཡིན་ཀྱང་སློབ་གླིང་གང་དེའི་དཔེ་ཁྲིད་མཁན་གཙོ་བོ་མ་གཏོགས་བྱིངས་ལ་འབུལ་ཐུབ་མ་སོང་བས་དེ་ལུགས་བསམ་གཞིགས་གནང་རོགས། ང་ཚོར་ཆ་རྒྱུས་མེད་པས་གཞན་ལ་ཞིབ་ཕྲ་དྲིས་ཀྱང་དཔེ་ཁྲིད་གནང་མཁན་གཙོ་བོ་ཆད་ནོར་འདུག་ན་དགོངས་འགལ་མེད་པ་ཞུ།
     སྤྱིར་ཟང་ཟིང་ནོར་གྱི་ལོངས་སྤྱོད་དག་དགེ་རྩར་སྨིན་གཏོང་བྱེད་ཚུལ་ལ་ཐབས་ལམ་མང་པོ་ཡོད་པ་ལས་བླ་མ་རིན་པོ་ཆེ་ཁོང་ལྟ་བུ་ལ་ཆ་མཚོན་ན། འདི་འདྲའི་རླབས་ཆེན་གྱི་གསུང་རབ་དག་བཞེངས་དང་དཔེ་སྦྱིན་གནང་རྒྱུ་འདི་ལ་ཐུགས་འདུན་ཟབ་མོ་འཁྲུངས་ཚུལ་འདི་ནི། ཁོང་གི་སྐུ་ཚེའི་སྟོད་ཀྱི་མཛད་རྣམ་ལས། ཁོང་ཉིད་ཆུང་དུས་ནས་དགོངས་ལམ་བཟང་པོ་ཁོ་ན་རྨིས་ཏེ། རྟག་ཏུ་ནམ་མཁར་འཕུར་བ་དང་འཇའ་འོད་ཀྱིས་གང་བའི་ནམ་མཁའི་མཐོངས་སུ་ལྷ་དང་སྙིང་པོ་ཡིག་འབྲུས་གང་བར་རྨིས་པ་དང་།  སྒྲུབ་གཞུང་གི་ཚིག་བཅས་ཕྱི་ཉིན་ཝ་ལེར་ཤར་བའི་གསལ་སྣང་ཅན་བློ་ལ་ངེས་པ་རྒྱུན་དུ་རྨིས་པ་སོགས་ལྟས་བཟང་པོ་ཤ་སྟག་བྱུང་བས་དགའ་སྤྲོའི་སྣང་བ་དཔག་ཏུ་མེད་གསུངས་པས། སྔོན་གོམས་བག་ཆགས་བཟང་པོའི་མ་འོངས་མཛད་བཟང་གི་མཐིལ་སྟོན་པའི་ཉམས་དགའ་རྨི་ལྟས་བཟང་པོའི་རྟེན་འབྲེལ་གྱི་གནད་སྔ་ས་ནས་མ་འཆུག་པས། ད་ཆར་གསུང་རབ་དག་བཞེངས་བྱེད་རྒྱུ་ཐུགས་དམ་དུ་འཛིན་པའི་འདི་འདྲའི་རླབས་ཆེ་བའི་མཛད་བཟང་འདི་བྱུང་བར་སེམས་སོ།།

     མ་འོངས་པར་ཡང་མུ་མཐུད་བླ་མ་རིན་པོ་ཆེའི་ཐུགས་འདུན་གཞི་བཟུང་ཐོག་ངེད་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་བོན་གྱི་བཀའ་བརྟེན་འགྱུར་དང་། གསུང་འབུམ། དཔེ་ཚོགས་སོགས་གང་རྙེད་རྙེད་APP"ཀུན་སྣང་ཁྱབ་པ"ནང་བཅུག་ནས་འཛམ་གླིང་ཀློག་པ་པོའི་སྤྱན་སྔར་རིན་མེད་ཐོག་བཀྲམ་འཆར་ཡོད་པ་སོགས་དམིགས་འདུན་མ་བོར་བའི་བསྟན་འགྲོ་གཉིས་ལ་ཕན་པའི་བྱ་བའི་གཞི་འདིང་བཞིན་ཡོད།
     ད་ལན་དེ་ལྟར་རྒྱལ་བའི་བཀའ་འགྱུར་འབུལ་དགོས་པའི་དམིགས་ཡུལ་ཉག་ཅིག་སྟེ། གཡུང་དྲུང་བོན་གྱི་བསྟན་པ་འདིའི་དར་རྒུད་དང་ཁ་ཕྱོགས་གང་དུ་བསྒྱུར་མིན་ནི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་དགེ་རྒན་རྣམ་པ་ལ་རག་ལས་ཤིང་། གཡུང་དྲུང་བོན་གྱི་མཁན་སློབ་དང་དགེ་རྒན་ཚད་ལྡན་ཡོང་མིན་ནི་ལུང་གི་བོན་བཀའ་རིན་པོ་ཆེ་དང་། དགོངས་འགྲེལ་བཀའ་བརྟེན་ཁག་བཅས་ལ་གཟིགས་ཞིབ་ལས་འཁྲུངས་པའི་རྟོགས་པའི་བོན་གྱི་ཉམས་ལེན་རྣམ་དག་ཅིག་རྒྱུད་ལ་ཡོད་མེད་ལ་འབྲེལ་བས་ན། ཁྱེད་རྣམ་པས་ས་ཕྱོགས་གང་ལ་བོན་བསྟན་འཛིན་སྐྱོང་སྤེལ་ན་དེ་ཡི་སྡོང་གྲོགས་དང་མཐུན་རྐྱེན་བཟང་པོ་ཞིག་བྱུང་བ་སྟེ་མ་མཐའ་ནས་བཀའ་འགྱུར་ཚར་གཅིག་གཟིགས་ཀློག་མཛད་པའི་མཐུན་རྐྱེན་དུ་གྱུར་ན། ང་ཚོའི་ཆེད་དམིགས་གང་དེ་འགྲུབ་པ་ཡིན། ཁྱེད་མཁན་སློབ་རྣམ་པས་ཀྱང་ད་ལྟའི་སྦྱིན་པའི་བདག་པོ་འུ་ཅག་གི་འདྲེན་པ་ཆེན་པོ་༧སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེའི་སྐུ་ཚེ་འཕྲིན་ལས་ལ་བར་ཆད་མི་འབྱུང་བའི་གསོལ་སྨོན་དང་། ད་དུང་ཁོང་གི་དགོངས་བཞེད་ལྟར་ཁོང་དང་འབྲེལ་ཐོགས་སེམས་ཅན་རྣམས་ཚེ་འདིར་བདེ་སྐྱིད་ཀྱི་སྣང་བ་རྫོགས་པ་དང་། ཕྱི་མར་བར་དོའི་སྣང་བ་མེད་པར་ཐར་པ་བདེ་བའི་ཞིང་དུ་བགྲོད་པའི་བསྔོ་སྨོན་རྣམ་པར་དག་པའི་རྒྱས་གདབ། ཡང་སྒོས་སུ་གཡུང་དྲུང་བོན་གྱི་བཀའ་རྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་འདི་ལ་དངོས་ཤུགས་རྒྱུད་གསུམ་གྱི་སྒོ་ནས་རྒྱབ་སྐྱོར་རོགས་རམ་དང་། འདི་ཉིད་ཡུན་ནས་ཡུན་དུ་བརྟན་ཞིང་སྔར་ལས་ལྷག་པའི་མཛད་འཕྲིན་རྒྱས་ཏེ་འདིར་ཞུགས་ལས་མི་རྣམ་པ་སྐུ་ཚེ་བརྟན་ཞིང་བསམ་དོན་དགེ་ཚོགས་ཡིད་བཞིན་འགྲུབ་པའི་ཐུགས་བསྐྱེད་སྐྱབས་འཇུག་ནམ་ཡང་མི་འདོར་བར་མཁྱེན་མཁྱེན། ཞེས་ཞུ་བ་ལགས་སོ།།


     ཟུར་ཞུ་ཞིག་ལ་རྒྱལ་བའི་བཀའ་འགྱུར་ཉིད་ལེན་སའི་ས་གནས་ནི།

     ཁྱུང་པོ་སྟེང་ཆེན་དགོན་དང་། ཁྲིན་ཏུའུ། ནག་ཆུ་བཅས་སྟབས་གང་བདེར་ཟླ་བ་གཅིག་ནང་ཚུད་ལེན་ཐུབ་པ་མཛོད་རོགས་གྱིས།

     དུས་ཡུན་ནི། ༢༠༡༧/༧/༤ ནས། ༢༠༡༧/༨/༤ བར་འབུལ་རྒྱུ་ཡིན། དུས་ཚད་ཡོལ་ན་སྤྲད་མཁན་མེད་པས་དགོངས་འགལ་མེད་པ་ཞུ།།


 སླར་སྨྲས་པ།།

འདི་ལྟར་རླབས་ཆེན་གསུང་རབ་རིན་པོ་ཆེའི།།

ཞབས་ནས་བཏེགས་པའི་སྐྱེས་བུ་མཆོག་གྱུར་རྣམས།།

ཚེ་དང་བསོད་ནམས་དབང་ཐང་ལས་ཀླུང་རྣམས།།

དབྱར་གྱི་ཆུ་གཏེར་ཇི་བཞིན་རྒྱས་གྱུར་ཅིག།

གཞན་ཡང་བསམ་དང་སྦྱོར་བ་རྣམ་དག་གིས།།

བསྒྲུབས་པའི་བསོད་ནམས་བཟང་པོའི་བྱ་བ་རྣམས།།

དངོས་དང་བརྒྱུད་པའི་འབྲེལ་ཐོག་འགྲོ་བ་རྣམས།།

བླ་མེད་བྱང་ཆུབ་མྱུར་དུ་ཐོབ་ཕྱིར་བསྔོ།།

ཀུན་མཁྱེན་ལུང་གིས་བསྟན་པ་ཇི་བཞིན་དུ།།

རྒྱལ་བ་གཤེགས་ཀྱང་གསུང་རབ་རིན་པོ་ཆེར།།

བསྲི་ཞུ་བཀུར་བསྟི་གྱིས་ཞེས་བསྒྲུབས་པའི་དགེས།།

གཤེན་བསྟན་འཛིན་པས་ས་ཆེན་འགེངས་གྱུར་ཅིག།

ཅེས་བསྟན་རྣམ་བགྲེས་པོས་རྩེ་གཅིག་ཏུ་སྨོན་པ་ཕུལ་བའོ།།


༧ ཁྱུང་སྟེང་ནོར་གླིང་བོན་གཏེར་སྒྲོམ་བུའི་ཁར།།

གསང་ལུང་འཛིན་པའི་འོད་ཟེར་སྦྱིན་པ་ཡིས།།

སྒོ་བཞི་མཛོད་ལྔའི་དཔེ་རྙིང་གངས་རིའི་རྒྱན།།

དཀའ་ཁྲི་མྱོང་བརྒྱས་སྤེལ་འདི་རྟག་བརྟན་སྨོན།།



༧ སྒོ་བཞི་མཛོད་དང་ལྔ་ཡི་བོན།།

ས་ཡི་རྡུལ་བཞིན་གྲངས་འཕེལ་ནས།།

རིན་ཆེན་སྣ་ལྔའི་གཏེར་བཞིན་དུ།།

སེམས་ཅན་དོན་དུ་རྒྱས་པར་ཤོག།


འབྲེལ་གཏུག་གནང་ཡུལ།

སྟེང་ཆེན་དགོན། མཁན་བསོད་བཀྲ། 13518954196
ནག་ཆུ། དགེ་བཤེས་བསྟན་བཀྲ། 18889052888
ཁྲིན་ཏུའུ། དགེ་བཤེས་བསྟན་པ། 13982188985

QQ图片20170703140901.jpg

༢༠༡༧/༧/༣ ཉིན་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།